ལས་ཀ་གང་ཞིག་ཐོག་མར་འགོ་རྩོམ་སྐབས་ངེས་པར་འགྲུབ་ངེས་ཀྱི་གདིང་དགོས། དེ་རྗེས་ལས་དོན་ལག་ལེན་བསྟར་བའི་སྐབས། སང་ཉིན་གྱི་ལས་ཀ་ད་རིང་དང་། ད་རིང་གི་ལས་ཀ་ད་ལྟ་ནས་འགོ་འཛུགས་ཐུབ་པ་དགོས། སང་སང་གནངས་གནངས་ཞེས་དུས་འགྱངས་བྱེད་མི་རུང་། སང་ཉིན་གྱི་ལས་ཀའི་གྲ་སྒྲིག་ད་རིང་ནས་བྱེད་ཐུབ་ན་ལས་དོན་སྒྲུབ་བདེ་བ་ཡོང་རྒྱུ།


བསྟན་དོན། ལས་ཀ་དུས་ཐོག་ཏུ་བྱེད་དགོས་པར་བསྟན།