མིའི་བརྩི་མཐོང་དང་། ཡིིད་ཆེས། ཆ་འཇོག་ཟེར་བ་དེ་དངུལ་སྤྲད་དེ་ཉོ་རྒྱུ་མེད་པས། རང་གི་རིན་ཐང་རང་གིས་བཟོ་དགོས་པ་ལྟར་རང་གི་བྱ་སྤྱོད་ལ་རག་ལུས་ཡོད། གཞན་གྱིས་རང་ལ་ཡིད་ཆེས་དང་བརྩི་འཇོག་ཐོབ་དགོས་ན། རང་གིས་མི་གཞན་ལ་ཕར་དེ་ལྟར་བྱེད་དགོས། ཕར་གནམ་གང་མ་བརྩིས་ན། ཚུར་ཚེས་པ་གཅིག་བརྩི་མཁན་ཁག་པོ་རེད། སྤྱི་ཚོགས་ནང་གནས་ཕྱིན་གཞན་ལ་མ་བརྟེན་པར་རང་གཅིག་པུས་བྱ་བ་གང་ཡང་སྒྲུབ་མི་ཐུབ། མི་ཕན་ཚུན་བར་འབྲེལ་བ་འགྲོགས་བདེ། གཤིབ་བདེ་དགོས་རྒྱུ་གལ་ཆེན་པོ་ཡིན།


བསྟན་དོན། གཞན་ལ་བསྟུན་མཁས་བྱེད་དགོས་པར་བསྟན།