འགྱུར་བ་ཐེབས་པ། མཛུབ་མོ་བཙུགས་པ། ཡིག་རྒྱུགས་འཕྲོད་པ། ཡིག་ཚད་ལོངས་པ། ཞེ་ཕངས་པ། ལུག་འཚོ་བ། མིག་སྐྱེལ་བྱེད་པ། ཕྱི་མིག་ལྟ་བ།
ཡར་འཕེལ་ལ་”ཁྱོད་ནམ་ཞིག་གྲྭ་པ་བྱེད་དུ་འགྲོ་ཡི་ཡིན་ནམ་ཞེས་ཡང་ཡང་དྲིས་པ་”ཡིན། དེ་ལ་གྲོགས་པོས་”ངའི་ཕ་མས་སྔོན་ལ་སློབ་གྲྭ་ནས་ཡིག་ངོ་ཤེས་དགོས་ཟེར་བ་ལས་དགོན་པར་བསྐྱལ་རྒྱུའི་སྐོར་གཏན་ནས་གླེང་གི་མི་འདུག་”ཅེས་ཟེར། ཁོ་མུ་མཐུད་སློབ་གྲྭར་ཡོང་ནའང་། རིག་རྟུལ་གྱི་ངང་ཚུལ་ལ་འགྱུར་བ་ཅི་ཡང་མི་འདུག དེ་བས་དགེ་རྒན་གྱིས་གྲོགས་པོར་ཡང་བསྐྱར་ཁྱོད་ཀྱི་ཁོར་སློབ་སྦྱོང་བྱོས་ཞེས་ངའི་ཕྱོགས་སུ་མཛུབ་མོ་བཙུགས་བྱུང་། འདི་ལོའི་ལོ་འཁོར་ཡིག་ཚད་སྐབས་ང་དང་གསལ་སྒྲོན་ཡིག་རྒྱུགས་འཕྲོད་ཅིང་། ཡར་འཕེལ་ཡིག་ཚད་ལོངས་མི་འདུག འདི་ཡང་བློ་ཡུལ་ལས་འདས་པ་ཞིག་མ་ཡིན། ཡར་འཕེལ་ནི་དངོས་གནས་དམུན་པོ་ཞིག་སྟེ་སློབ་ཚན་སྣ་གཅིག་ལ་ཡང་ཡག་པོར་འཇུག་པའི་རིག་པ་མི་འདུག ཡར་འཕེལ་ཁོ་སློབ་གྲྭར་མུ་མཐུད་དུ་འགྲོ་སྐལ་མ་བྱུང་བ་ནི་ཅི་འདྲའི་ཞེ་ཕངས་པ་ཞིག་རེད་ཨང་། རྩེད་གྲོགས་ཚོའི་ནང་སློབ་གྲྭར་མུ་མཐུད་སྐྱོད་ཐུབ་མཁན་ང་དང་གསལ་སྒྲོན་གཉིས་ལས་མ་བྱུང་། ཡར་འཕེལ་གྱིས་ལུག་འཚོ་བཞིན་ང་དང་གསལ་སྒྲོན་སློབ་གྲྭར་འགྲོ་བར་མིག་སྐྱེལ་བྱས་བྱུང་། ང་དང་གསལ་སྒྲོན་གྱིས་ཕྱི་མིག་ཡང་ཡང་བལྟས་ནས་སོང་།
 
མཆན་འགྲེལ།
གླེང་བ། བཤད་པ། རིག་རྟུལ། རིག་པ་རྣོན་པོ་མ་ཡིན་པ། བློ་ཡུལ་ལས་འདས་པ། བསམ་ཡུལ་དུ་མི་ཤོང་བ། དམུན་པ། རིག་པ་གསལ་པོ་མ་ཡིན་པ། མིག་སྐྱེལ་བྱེད་པ། མིག་གིས་སྐྱེལ་མ་བྱེད་པ། ཕྱི་མིག་ལྟ་བ། མིག་གིས་ཕྱིར་བལྟས་སློག་པ། ཡང་ཡང་། ཐེངས་མང་།