ཞིབ་བཤེར་བྱེད་པ། སྐར་གྲངས་བརྒྱབ་པ། དངོས་སུ་བརྩམས་པ། བློར་སྐྱོར་བ། ཡིག་ཚད་བཏང་བ། གུང་གསེང་བཏང་བ། སྒོ་ལྕགས་བརྒྱབ་པ། ཐད་ཀར་བུད་པ།
ད་ནི་ཏག་ཏག་སློབ་དུས་གཅིག་གི་རིང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་དུས་ཚོད་རེད། ཡིག་ཚད་གཏོང་དུས། དགེ་རྒན་གྱིས་སློབ་ཕྲུག་རེ་རེར་སྐར་གྲངས་བརྒྱབ་ཅིང་། མི་ཚེ་འདིར་ང་ཚོའི་བློ་ངོའི་ཤེས་བྱ་སྐར་གྲངས་ཀྱི་འཇལ་བའི་འགོ་དུས་དེ་ནས་བཟུང་དངོས་སུ་བརྩམས་སོང་། མཇུག་མཐར་ངས་སྐར་གྲངས་ཆེས་མཐོ་ཤོས་དེ་རག་སོང་བ་དང་། གྲོགས་པོས་ནི་དབྱངས་གསལ་སོ་བཞིའི་ཕྱེད་ཀ་ཡང་བློར་སྐྱོར་མ་ཐུབ་པས། སྐར་གྲངས་ཆེས་དམའ་ཤོས་དེ་ཡིན། དགེ་རྒན་གྱིས་ང་ཚོར་དེ་ལྟར་ཡིག་ཚད་བཏང་ཚར་རྗེས་དབྱར་ཁའི་གུང་གསེང་བཏང་བ་དང་། ཁོང་གིས་སློབ་གྲྭའི་ལྕགས་སྒོར་སྒོ་ལྕགས་ཆེན་པོ་ཞིག་བརྒྱབ་སྟེ་ཐད་ཀར་གྲོང་གསེབ་ཀྱི་ཞིང་ཁའི་ཕྱོགས་སུ་བུད་སོང་།
 
མཆན་འགྲེལ།
སློབ་དུས། སློབ་སྦྱོང་བྱེད་པའི་དུས་ཚོད། ཞིབ་བཤེར། ཡང་དག་པ་དང་འགྲིག་པོ་ཡིན་མིན་བརྟགས་ཤིང་བསྡུར་བའི་བྱ་བ། སྐར་གྲངས། གྲུབ་འབྲས་སམ་རྒྱལ་ཕམ་སྟོན་བྱེད་ལ་ཨང་ཀིས་མཚོན་པར་བྱས་པའི་གྲངས་ཀ འཇལ་བ། དཔྱོད་པ་དང་རྟོག་པ། བརྩམས། ལས་འགོ་ཐོག་མར་འཛུགས་པ། སྐྱོར། ངག་ནས་འདོན་པ།