ལག་རྟགས་སྤྲད་པ། རྔ་བརྡུང་བ། སྒྲ་སྒྲོག་པ། སྣང་བ་གཏོང་བ། གཉིད་ཁུག་པ། སུན་སྣང་སྐྱེས་པ།
བསྟན་འཛིན་ལོ་ལྔ་ལ་སླེབས་པའི་སྐྱེས་སྐར་ཉིན། ནང་མི་ཚོས་ཁོར་སྐྱེས་སྐར་གྱི་ལག་རྟགས་སྙིང་རྗེ་པོ་མང་དག་ཅིག་སྤྲད་ཡོད། དེའི་ནང་རྔ་ཆེན་སྙིང་རྗེ་པོ་ཞིག་ཀྱང་ཡོད།
བསྟན་འཛིན་གྱི་པ་ཕས་རྔ་དེ་མཐོང་བ་དང་ “ལག་རྟགས་དེ་སུས་སྤྲད་པ་རེད་” ཅེས་དྲིས། བསྟན་འཛིན་གྱི་ཨ་མས་ “ཁོའི་སྤོ་བོ་ལགས་ཀྱིས་སྤྲད་པ་རེད་”ཅེས་ཟེར། ཕས་ “ཨ་ལས། ཡག་པོ་འདུག་” ཅེས་སྨྲས། བསྟན་འཛིན་རྔ་དེར་ཧ་ཅང་དགའ་པོ་ཡོད་པས། ཁོས་རྔ་བརྡུངས་ནས་སྐད་ཤུགས་ཆེན་པོའི་སྒྲ་སྒྲོག་གི་ཡོད་ཀྱང་ཁོའི་ཨ་མས་དེ་ལ་སྣང་བ་གཏོང་གི་མེད་ལ། པ་ཕ་ནི་ཉིན་མོ་ཕྱི་རུ་ལས་ཀར་ཕྱིན་ནས་ཚུར་ཁྱིམ་དུ་སླེབས་དུས་བསྟན་འཛིན་གཉིད་ཁུག་ནས་བསྡད་ཡོད་པས་རྔའི་སྒྲ་ཐོས་ཀྱི་མེད།
ཡིན་ན་ཡང་། ཁྱིམ་མཚེས་རྔའི་སྐད་དེར་སུན་སྣང་སྐྱེས་ནས་ཉིན་ཁ་ཤས་སོང་བའི་སྔ་དྲོ་ཞིག་ལ་བསྟན་འཛིན་གྱིས་རྔ་རྡུང་བཞིན་པའི་སྐབས། ཁྱིམ་མཚེས་དེས་གྲི་རྣོན་པོ་ཞིག་ཁྱེར་ནས་བསྟན་འཛིན་གྱི་ནང་དུ་ཡོང་སྟེ། “བསྟན་འཛིན། ཁྱེད་ཀྱིས་ཤེས་སམ། རྔ་དེའི་ནང་ཅ་ལག་ཧ་ཅང་སྙིང་རྗེ་པོ་ཞིག་ཡོད་པས། གྲི་འདིས་རྔ་དེ་ཁ་ཕྱེས་ཏེ་ང་ཚོའི་ཅ་ལག་དེ་ཚུར་འདོན་ཆོག” ཅེས་བཤད།