འགོ་ཚུགས་པ། མཛུབ་མོ་བཙུགས་པ།
སློབ་གྲྭ་འགོ་ཚུགས་པའི་ཉིན་དང་པོར། བུ་བཅོལ་ཁང་གི་རྒན་ལགས་ཀྱིས་ཕྲུ་གུ་ཚོར་མིང་འདྲི་ཞོར་དུ། གལ་གནད་ཆེ་བའི་ཁྱིམ་ཚང་གི་གནས་ཚུལ་འགའ་ཤེས་ཐབས་བྱས།
ཁོ་མོས་བུ་ཆུང་མདུན་མ་དེར་མཛུབ་མོ་བཙུགས་ནས་ “རང་གི་མིང་ལ་ག་རེ་ཟེར་གྱི་ཡོད་”ཅེས་དྲིས། ཁོས་ “བཟང་པོ་ཟེར་གྱི་ཡོད་” ཅེས་བཤད།
རྒན་ལགས་ཀྱིས་ “བཟང་པོ་རང་གི་ཨ་མའི་མིང་ལ་ག་རེ་ཞུ་ཡི་ཡོད་དམ་” ཞེས་དྲིས། “ཨ་མ་ཟེར་གྱི་ཡོད་པ་རེད་” ཅེས་བཤད།
རྒན་ལགས་ཁ་ཁར་གད་མོ་ཤོར་ནས་ “ངས་དེ་འདྲ་ཟེར་གྱི་མེད། རང་གི་པཱ་ལགས་ཀྱིས་ཁོང་ལ་ག་འདྲ་འབོད་ཀྱི་འདུག་གམ་” ཞེས་དྲིས།
བཟང་པོས་ལམ་སང་ “སྙིང་སྡུག་ཟེར་གྱི་འདུག་”ཅེས་བཤད་དོ། །