ཀརྨ་བསོད་ནམས།
འཛིན་གྲྭ་གསུམ་པ། ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ།

ངའི་ཕ་ཡུལ་ནི་བོད་ཡིན། བོད་ཀྱི་རྒྱལ་ས་ནི་ལྷ་ས་རེད། བོད་ལ་ཆོལ་ཁ་གསུམ་ཡོད། དེ་དག་ནི་མདོ་སྟོད། མདོ་སྨད། དབུས་གཙང་བཅས་ཡིན། བོད་ནི་ས་ཆ་མཐོ་པོ་ལ་ཆགས་ཡོད་པས། དེ་ལ་མཐོ་སྒང་ཡང་ཟེར། ང་ཚོ་བོད་ནི་རྒྱལ་ཁབ་གཞན་ལྟར་ལོ་རྒྱུས་ཅན་གྱི་རྒྱལ་ཁབ་ཅིག་ཀྱང་ཡིན། བོད་ལ་རྒྱལ་པོ་ཁྱོན་བསྡོམས་བཞི་བཅུ་ཞེ་གཉིས་བྱུང་ཡོད། དེ་ཡི་ནང་ནས་རྒྱལ་པོ་ཐོག་མ་ནི་གཉའ་ཁྲི་གཙན་པོ་ཡིན། རྒྱལ་པོ་གཉའ་ཁྲི་གཙན་པོ་ནས་རྒྱལ་པོ་ཁྲི་རལ་པ་ཅན་བར་རྒྱལ་པོ་ཚང་མས་བོད་ཀྱི་དོན་དུ་སྐུ་ལས་གང་མང་བསྐྱོན་ཡོད། ཡིན་ཡང་རྒྱལ་པོ་མཐའ་མ་འུ་དུམ་གཙན་པོའི་སྐབས་བོད་ལ་གྱོང་ཆེན་པོ་བྱུང་ཡོད། བོད་ཀྱི་རྒྱལ་པོ་དེ་དག་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་དང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། རྒྱལ་པོ་ཁྲི་རལ་པ་ཅན་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡང་ཟེར། ཁོང་གསུམ་གྱིས་བོད་ཀྱི་ནང་ཆོས་ཆེད་དུ་སྐུ་ལས་ཧ་ཅང་མང་པོ་བསྐྱོན་ཡོད། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་སཾ་བྷོ་ཊ་རྒྱ་གར་ལ་ལོ་དྲུག་རིང་སློབ་སྦྱོང་སྦྱང་དུ་བཏང་བ་རེད། དེ་ནས་ཐོན་མི་ཁོང་བོད་དུ་འབྱོར་ནས་བོད་ཀྱི་ཡི་གེ་བཟོས་པ་རེད། སྟབས་མ་ལེགས་པ་ཞིག་ལ་ངའི་ཕ་ཡུལ་བོད་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་རང་བཙན་རྒྱ་ནག་གི་ལག་ཏུ་ཤོར།

བོད་ནི་རྩ་ཆུ་བཟང་བའི་ཡུལ་ལྗོངས་ཡིན། བོད་ལ་རྒྱུག་ཆུ་སྣ་ཁ་མང་པོ་ཡོད། དེ་དག་ནི་རྟ་མཆོག་ཁ་བབ་དང། སེང་གེ་ཁ་བབ། རྨ་བྱ་ཁ་བབ། གླང་ཆེན་ཁ་བབ་བཅས་ཡིན། ངའི་ཕ་ཡུལ་བོད་ལ་དགོན་པ་ཡང་སྣ་ཚོགས་ཡོད། དེ་དག་ནི་བསམ་ཡས་གཙུག་ལག་ཁང། སེ་ར། འབྲས་སྤུངས། བཀྲ་ཤིས་ལྷུན་པོ། དགའ་ལྡན་བཅས་ཧ་ཅང་མང་པོ་ཡོད། བོད་ཀྱི་ཆོས་དང་ལམ་ལུགས་སྲོལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་བླངས་ཡོད་པ་དང་དེ་དག་དང་ལྷན་དུ་འབྲེལ་བ་ཡག་པོ་བཞག་ཡོད། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁག་ནི་རྒྱ་གར་དང་འབྲུག བལ་ཡུལ། རྒྱ་ནག ཤར་ཏུར་ཀིས་ཏན། སོག་པོ་བཅས་ཡིན། བོད་ལ་ཕོ་བྲང་ཡང་མང་པོ་ཡོད། དེའི་ནང་ནས་ཐོག་མ་ནི་ཡུམ་བུ་བླ་ཁང་དང་། ཕོ་བྲང་པོ་ཏ་ལ། ཕོ་བྲང་པོ་ཏ་ལ་ནི་༸གོང་ས་མཆོག་གི་དགུན་ཁའི་བཞུགས་ས་ཡིན། དེ་བཞིན་དབྱར་ཁར་ཁོང་ནོར་བུ་གླིང་ག་རུ་བཞུགས་ཀྱི་ཡོད། ངའི་ཕ་ཡུལ་བོད་ནི་འཛམ་གླིང་ནང་ནས་ལུང་པ་སྐྱིད་ཤོས་ཤིག་ཡིན། ངའི་ཕ་ཡུལ་ལ་ཟས་ཞིམ་ཤོས་དང་། ཆུ་གཙང་ཤོས་རག་གི་ཡོད།

ད་དུང་ང་ཚོའི་ཕ་ཡུལ་བོད་ནས་རྒྱལ་ཁབ་མང་པོ་ལ་ཆུ་རྒྱུག་གི་ཡོད། སོང་ཙང་ཁོར་ཡུག་ལས་འགུལ་བ་མང་པོ་ཞིག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་ལས་འགུལ་དང་གསལ་བསྒྲགས་མང་པོ་བྱས་དང་བྱེད་མུས་རེད། རྒྱ་ནག་གིས་བོད་ས་ཡོངས་རྫོགས་ཟིན་ནས་ད་བར་བོད་ལ་གཏོར་སྐྱོན་མང་པོ་བཏང་ཡོད། གལ་སྲིད་རྒྱ་ནག་གིས་ད་དུང་མུ་མཐུད་ནས་གཏོར་སྐྱོན་དང་གཏེར་མཛད་བསྔོགས་ན། བོད་གཅིག་པུ་མིན་པར་འཛམ་བུ་གླིང་ཡོངས་རྫོགས་ལ་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་རེད། ༸གོང་ས་མཆོག་ས་ཆ་གང་དུ་ཕེབས་ནའང་དུས་རྟག་ཏུ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་རྒྱུ་ནི་བོད་པ་གཅིག་པོའི་ལས་འགན་མིན་པ་དང། དེ་འཛམ་གླིང་ཚང་མའི་འགན་ཡིན་པ་གསལ་བཤད་གནང་གི་ཡོད། དེ་བཞིན་བོད་ཀྱི་རྩ་ཆེན་བླ་མ་མང་པོ་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་སྐབས་དེ་ལྟར་བཀའ་སློབ་གནང་གི་ཡོད། ང་ཚོའི་བོད་ལ་བླ་མ་རྩ་ཆེན་ཡང་མང་པོ་ཡོད། ངའི་པ་ལགས་ནི་བོད་ཀྱི་མངའ་སྡེ་ཁམས་བྲག་ཡབ་ནས་རེད། དེ་བཞིན་ང་ཡང་ཁམས་བྲག་ཡབ་ནས་ཡིན། ཉིན་ཞིག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ང་ཚོ་བོད་མི་ཚང་མ་ཕ་ཡུལ་བོད་དུ་སྐྱོད་ཐུབ་པའི་རེ་བ་དང་ཡིད་ཆེད་ཡོད།