གསལ་ལྡན་དོན་གྲུབ།
བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། འཛིན་གྲྭ་ལྔ་པ།

མིའི་མི་ཚེའི་ནང་གལ་ཆེ་བ་ནི་ཕ་མ་ཡིན། ཕ་མས་ང་ཚོར་མི་ལུས་རིན་ཆེན་འདི་གནང་བ་དང་། ཨ་མས་རང་གི་བྲང་གི་འོ་མ་སྤྲད་ནས་གསོས་པ་ཡིན། ཕ་མས་ཉིན་མཚན་མེད་པར་ང་ཚོར་བྱམས་སྐྱོང་གནང་། ཕ་མའི་བྱམས་བརྩེ་མེད་ན་ང་ཚོ་སྐྱེས་ན་ཡང་གསོན་མི་ཐུབ། གསོན་ན་ཡང་དཀའ་སྡུག་གྲངས་མང་པོ་མྱོང་དགོས་པ་ཡིན། དྲིན་ཆེན་ཕ་མས་ང་ཚོར་ཕྱག་ཟུང་འཇམ་པས་གཉོར་སྐྱོང་བྱེད་བཞིན། ཞིམ་པོའི་ཟས་དང་འཇམ་པོའི་གོས་གཡོག་ནས་ཆེན་པོ་ཆགས་སུ་བཅུག ཕྱག་ཟུང་འཇམ་པོས་འཇུས་ཏེ་གོམ་པ་རེ་རེ་བཞིན་སྤོ་བར་སློབ་ཁྲིད་གནང་།

བཀའ་དྲིན།

ང་ཚོས་ཕ་མའི་བཀའ་དྲིན་ཤེས་དགོས། འཛམ་གླིང་ནང་བུ་གུ་མང་པོར་ཆུང་དུས་ནས་ཕ་མ་མེད། དེ་བས་ཁོ་ཚོས་ཕ་མའི་བཀའ་དྲིན་དངོས་སུ་མི་ཤེས། ང་ཚོས་ཕ་མ་ཡོད་དུས། རང་སོ་སོའི་ཕ་མའི་བཀའ་དྲིན་དྲན་དགོས། ང་ཚོ་ཕ་མ་མཉམ་དུ་ཡོད་དུས་ནི་སོ་སོ་བསོད་ནམས་ཆེ་བའི་དུས་དེ་ཡིན། ཕ་མ་མེད་པའི་ད་ཕྲུག་ཚོར་ལྟོས་དང་། ཁ་ཤས་ལ་ཕ་མ་མེད། ཁ་ཤས་ལ་ཕ་མ་དང་ནང་ཡང་མེད། ང་ཚོས་ཕ་མ་ཡོད་པ་ནི་སོ་སོས་བསོད་ནམས་ཆེན་པོ་ཡིན་པ་ཤེས་དགོས། ཕ་མ་ཡོད་དུས། ཕ་མའི་བཀའ་དྲིན་ཤེས་པ་དང་དྲིན་ལན་འཇལ་དགོས།  ང་ཚོས་ཕ་མ་ལ་རོགས་པ་ཅུང་ཙམ་བྱས་ན་ཡང་ཕ་མ་དགའ་གི་རེད། ཆུང་དུས་སྐབས་སུ་ཕ་མས་རང་ལ་འོ་མ་སྤྲད། ཟ་རྒྱུ་དང་འཐུང་རྒྱུ། རྩེད་ཆས་དང་གོན་པ་སོགས་ཅ་ལག་གང་ཡག་ཡག་དང་ཅི་དགོས་དགོས་ཉོས། ཁོ་ཚོ་དཀའ་སྡུག་ཆེན་པོའི་ནང་ཡོད་ན་ཡང་། དཀའ་སྡུག་དེ་མི་ཚོར། དེ་ནི་བུ་གུ་ལ་བརྩེ་བ་ཆེན་པོ་ཡོད་པས་ཡིན། བུ་གུའི་ཆེད་དུ་ལས་ཀ་འདྲ་མིན་བྱས། ལས་ཀ་མང་ཆེ་བ་ནི་བུ་གུའི་དགའ་ཡ་རྐྱང་བྱས་པ་རེད། གང་ཡིན་ཟེར་ན་ཕ་མ་རང་གི་བུ་གུ་ལ་གཞན་ལས་མང་བ་བརྩེ་བ་ཆེ་ཞིང་དགའ་ཡི་ཡོད།

ཕ་མའི་དཀའ་སྡུག

ཕ་མ་ནི་བུ་གུའི་མི་ཚེ་གཡོག་པོ་ལྟར་ཉིན་མོ་ལས་ཀ་མང་པོ་བྱེད་ཀྱི་ཡོད། ང་ཚོ་མཚན་མོ་གཉིད་ཁུག་སྐབས་སུ་ངུ་དུས་ཕ་མ་ཡར་ལངས་ནས་གཉིད་མ་ཁུག་པར་ང་ཚོར་ལ་གཅེས་སྐྱོང་གནང་། ཉིན་མོ་ལས་ཀ་མང་པོ་བྱས། མཚན་མོ་གཉིད་ཀྱང་མ་ཁུག་པར་བུ་གུར་བྱམས་སྐྱོང་གནང་གི་རེད། དེ་བས། ཕ་མའི་བཀའ་དྲིན་དེ་དག་དྲན་བཞིན་ཕ་མར་དྲིན་འཇལ་དགོས་པ་རེད།

ཕ་མའི་དམིགས་ཡུལ།

ཕ་མ་ཚང་མའི་དམིགས་ཡུལ་ནི་སོ་སོའི་ཕྲུ་གུ་གཟུགས་པོ་བདེ་ཐང་ངང་སྤྱང་པོ་དང་རིག་པ་ཡག་པོ། སེམས་བཟང་པོ་དང་གཤིས་ཀ་འཇམ་པོ། སློབ་སྦྱོང་ཡག་པོ་བྱས་ཏེ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཆགས་པར་ཉིན་ལྟར་རེ་བ་དང་སྨོན་ལམ་འདེབས་ཀྱིས་ཡོད།

ང་ཡི་ཕ་མ།

ང་ཡི་ཕ་མ་གཉིས་ཀ་འབུམ་རམས་པ་སློབ་སྦྱོང་བྱས་པ་དང་། མཐོ་རིམ་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཡིན། ང་ཚོའི་ནང་དུ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་ཀྱི་དཔེ་དེབ་བརྒྱ་ཕྲག་མང་པོ་ཡོད། ཕ་མ་གཉིས་ཀྱིས་དུས་རྒྱུན་ལས་ཁུངས་ཀྱི་ལས་ཀ་གྲོལ་ནས་ནང་དུ་སླེབས་ཚེ། དུས་ཚོད་གང་ཡོད་བཏོན་ནས་དཔེ་ཀློག་བྱེད། ང་ལ་ནུ་བོ་དང་གཅུང་མོ་ཆུང་ཆུང་མཚེས་པ་ཞིག་ཡོད། ཕ་མ་གཉིས་ཀྱིས་ལས་བྲེལ་ཧ་ཅང་ཆེ་བའི་མི་ཚེའི་ཁྲོད་བུ་གུ་གསུམ་ལ་ལྟ་སྐྱོང་དང་། ལས་ཁུངས་ཀྱི་ལས་ཀ་བྱེད་པ། ད་དུང་རྩོམ་ཡིག་འབྲི་བ་དང་དཔེ་ཆ་མང་པོ་ཀློག་གི་ཡོད། ཁོང་གཉིས་ཀྱིས་ང་ལའང་དཔེ་ཆ་མང་པོ་ཀློག་དགོས་པའི་སྐུལ་མ་ཡང་ཡང་བྱེད་ཀྱི་ཡོད། ང་ལ་དཔེ་ཆ་གསར་པ་མང་པོ་ཉོས་ཏེ། ཁང་མིག་ཆུང་ཆུང་ཞིག་ཏུ་ང་གཅིག་པུར་དཔེ་ཆ་ཀློག་རྒྱུའི་གོ་སྐབས་གནང་གི་རེད།

ད་དུང་ངའི་ཕ་མ་གཉིས་ཞལ་ལག་བཟོ་མཁས་པོ་དང་ཞལ་ལག་ཞིམ་པོ་འདྲ་མི་འདྲ་བཟོ་ཤེས་ཀྱི་ཡོད། ཨ་མ་ལགས་ཀྱིས་ནམ་རྒྱུན་ང་ཚོ་ཞལ་ལག་གང་ལ་དགའ་བ་དེ་བཟོས་ཏེ་གནང་གི་རེད། ཁོང་མོ་འཐེན་ཐུག་དང་། མོག་མོག། ཆུ་མོག བག་ལེབ། རྩམ་པ། འབྲས་དང་ལྡ་ལི། སྤྲིན་མོག་དང་སྔོ་ཚོད་བསྔོས་མ་སོགས་བཟོ་མཁས་པོ་ཡོད། ད་དུང་གཟའ་སྤེན་པ་གཉིས་པ་དང་གཟའ་ཉི་མ་ནམ་ཡིན་ལ་ཕྱི་ལ་འཆམ་འཆམ་ལ་ཁྲིད་པ་དང། བྷེང་ལོར་གྲོང་ཁྱེར་ནང་གི་བུ་གུའི་རྩེད་མོ་རྩེད་སར་ཁྲིད་གནང་གི་རེད། བྷེང་ལོང་གྲོང་ཁྱེར་ནང་མོལ་Mall ཁྲོམ་ར་ཆེན་པོ་མང་པོ་ཡོད། ཟས་རིགས་འདྲ་མིན་ཡང་ཡོད། ཨ་ཕས་ང་ལ་དྲྭ་ཐོག་ནས་ངའི་ལོ་ཚད་དང་འཚམ་པའི་དེབ་འདྲ་མིན་བཙལ་ནས་གདམས་པ་དང་། མངགས་ཉོ་བྱེད་པ། དེབ་དེ་དག་བཀླགས་ནས་བརྙན་ཐུང་བཟོས་ཏེ་ངོ་དེབ་ཏུ་འཇོག་པ་སོགས་ངས་དཔེ་དེབ་ཀློག་པར་སྐུལ་མ་ཡང་ཡང་གནང་། གུང་གསེང་ཟླ་བ་གཅིག་དང་ཉིན་ཉི་ཤུའི་རིང་། ངས་བོད་ཡིག་དང་དབྱིན་ཡིག་གི་སྒྲུང་དེབ་མང་པོ་ཀློག་ཐུབ་བྱུང་། དེ་དག་ལས་དབྱིན་དེབ་༧གོང་ས་མཆོག་གི་སྐོར་ལ་དེབ་འགའ་ཀློག་ཐུབ་བྱུང་། Spotlight On CIVIC COURAGE HEROES OF CONSCIENCE: The 14th Dalai Lama, Heart TO Heart, A Conversation on Love and Hope for Our Precious Planet. The Dalai Lama’s CAT. 100 ANECDOTE.The 14th Dalai Lama–A manga biography. Dalai Lama–Senker, Cath author. Dalai Lama – Spiritual Leader. The Dalai Lama – A life Compassion. The missing peace – Artiste & the Dalai Lama. The Girl Drank the Moon– Kelly Barnhill. The 1,000 year old boy. The Witch’s Boy. The Ogress and the Orphans. All the way to Lhasa_ a tale from tibet. DIARY of a Wimpy Kid: THE UGLY TRUTH, NO BRAINER, THE LAST STRAN, DOG DAYS, BIG SHOT. THE DEEP END. Charlie and Lola. སོགས་དང་། བོད་ཡིག་ནང་སྒྲུང་དེབ་མང་པོ་ཀློག་ཐུབ་པ་བྱུང་བས། ད་ལོའི་གུང་གསེང་དོན་སྙིང་ལྡན་པར་གྱུར་ཞིང་། དེ་དག་ནི་ཕ་མའི་བཀའ་དྲིན་ལས་བྱུང་བ་ཉག་གཅིག་ཡིན།