བསྟན་འཛིན་ཐེག་མཆོག
འཛིན་གྲྭ་བདུན་པ། སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ།
རྩོམ་པ་པོ། ཀུ་ས་ལི། རི་མོ་བ། མགོན་པོ།
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་ཐུང་འདིའི་ནང་གླག་ཕྲུག་ཆུང་ཆུང་ཞིག་གི་འཚོ་བའི་གནས་སྟངས་སྐོར་བྲིས་འདུག གླག་ཕྲུག་ཆུང་ཆུང་ཞིག་གིས་འཛམ་གླིང་གི་ས་ཆ་སྣ་ཚོགས་ཀྱི་ཚོར་བ་དང་ས་ཆའི་ཚ་གྲང་ཤེས་པའི་སྐོར་ཡིན། གླག་ཕྲུག་དེས་འཕུར་རྒྱུའི་ཐབས་ཤེས་མང་པོ་བྱས་པའི་མཐར་ཁོ་བར་སྣང་ལ་འཕུར་བ་རེད། གླག་ཕྲུག་དེས་བོད་ལ་འཕུར་ནས་ཕོ་བྲང་པོ་ཏ་ལ་མཇལ། ཕོ་བྲང་པོ་ཏ་ལ་མཇལ་ནས་ཁོ་བོད་ཀྱི་རྒྱལ་ས་ཉི་མ་ལྷ་ས་ལ་སླེབས་ཡོད་པ་ཤེས་ནས་སེམས་དགའ་བ་རེད། གླག་ཕྲུག་ཆུང་ཆུང་དེས་བྱེ་ཐང་གི་གནམ་གཤིས་མྱངས་བ་དང་ཚ་བ་ཚིག ཇོ་མོ་གླང་མ་ཡི་ས་ཆ་མཐོང་ནས་ཁོ་གྲང་བ་རེད། དེའི་རྗེས་སུ་གླག་ཕྲུག་ཆུང་ཆུང་དེ་ནགས་ཚལ་དུ་འབྱོར་བ་རེད། ནགས་ཚལ་དུ་གནམ་གཤིས་ཚ་པོ་ཡོད་པས་ཁོ་ནགས་ཚལ་དེ་ནས་འཕུར་བ་རེད། དེ་རྗེས་ཁོ་རྒྱ་མཚོ་ཞིག་ལ་འབྱོར་རྗེས་ཁོ་འཕུར་གིན་འཕུར་གིན་འགྲོ་བ་རེད། མཐར་ཁོ་གླིང་ཕྲན་ཆུང་ཆུང་ཞིག་ལ་བསྡད་པ་རེད། གླིང་ཕྲན་དེ་ནི་གནམ་གཤིས་ཚ་གྲང་སྙོམས་པོ་ཡོད་པ་རེད།
ཚིག་གསར། གླག་ཕྲུག བར་སྣང་། ཕུགས་བསམ། བདེ་བླག ལྡིང་བ། གྲོག་རོང་། རྨིགས་པ། དྲོན་པོ། ཅི་འདྲ། རྒྱང་རིང་། གླིང་ཕྲན། ངལ་བ།
ཨོ་ཡོ་ཁྲ་ཆུང་།
རྩོམ་པ་པོ། ངག་དབང་བསྟན་འཛིན།
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་འདིའི་ནང་དུ་བུ་མོ་ཞིག་ཡོད། བུ་མོ་དེ་ཡི་མིང་ལ་བསྟན་འཛིན་འཛོམས་སྐྱིད་ཟེར། མོ་རང་ལོ་བདུན་ལ་སོན་པའི་སྐྱེས་སྐར་དེ་སླེབས་ལ་ཉེ་བས་ནང་མི་རྣམས་མོ་རང་གི་སྐྱེས་སྐར་ལ་གྲ་སྒྲིག་བྱེད་བཞིན་ཡོད། མོ་རང་ལ་ཁྱི་ཕྲུག་ཅིག་ཡོད། དེ་ཡི་མིང་ལ་ཨོ་ཡོ་ཟེར། ཨོ་ཡོ་དེ་ཡི་ཁ་མདོག་ཁྲ་ཁྲ་ཡིན་པས་མིང་ལ་ཨོ་ཡོ་ཁྲ་ཆུང་ཞེས་མིང་བཏགས། ཉིན་ཞིག་མོ་རང་ཡར་ལངས་དུས་ཨོ་ཡོ་ཁྲ་ཆུང་མཐོང་རྒྱུ་མེད་པ་རེད། ཨོ་ཡོ་ཁྲ་ཆུང་བརླགས་ནས་བུ་མོ་འཛོམས་སྐྱིད་ཧ་ཅང་སེམས་སྐྱོ་བ་རེད། མོ་རང་གི་སྐྱེས་སྐར་ཉིན་མོ་ལ་མོ་རང་སེམས་སྐྱོ་ནས་ལྷག་ནས་ཨོ་ཡོ་ཁྲ་ཆུང་དྲན། མཐར་མོ་རང་གི་ཨ་ཁུ་ཡིས་ཨོ་ཡོ་ཁྲ་ཆུང་མོ་རང་གི་སྐྱེས་སྐར་ལ་འཁྲིད་ནས་མོ་རང་སེམས་པ་ཧ་ཅང་དགའ་ནས་མོ་རང་སྐྱེས་སྐར་སྐྱིད་པོ་བཏང་ངོ་།།
ཚིག་གསར། དངངས་འཚབ། བཙལ་བ། མགྲོན་འབོད། གྲིབ་ནག སྒྲ་སྒམ། དཀྲོགས་པ། ཁྲ་ཆུང་། དཔྱངས་པ། སྤང་ཁ། རོལ་བ།
རྫུ་འཕྲུལ་གྱི་མཛུབ་མོ
རྩོམ་པ་པོ། རོལྜ་ཌལ། བོད་སྒྱུར་བ། བསྟན་འཛིན་ཆོས་སྐྱིད།
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་དེབ་འདིའི་ནང་བུ་མོ་ཞིག་ཡོད། བུ་མོ་དེའི་ཁྱིམ་མཚེས་གི་རེཀ་(Gregg)བཟའ་ཚོ་གཉིས་ནི་རྔོན་པ་ཡིན། ཁྱིམ་མཚེས་གི་རེཀ་བཟའ་ཚོ་གཉིས་ལ་ཕྲུ་གུ་གཉིས་ཡོད་པ་དང་གཉིས་ཀ་བུ་རེད་འདུག ཁོ་གཉིས་ཀྱི་མིང་ལ་ཧྥི་ལིབ་(Philip)དང་ཝི་ལི་ཡམ་(William)ཟེར། བུ་མོ་དེའི་མཛུབ་མོ་ལ་རྫུ་འཕྲུལ་ཡོད། རྫུ་འཕྲུལ་དེ་ཡིས་མི་ལ་མཇུག་མ་དང་ཞི་མི་ཡི་སྨ་ར་སོགས་སྐྱེ་ཡི་ཡོད། རྫུ་འཕྲུལ་གྱི་མཛུབ་མོ་དེ་ནམ་རྒྱུན་བུ་མོ་དེ་ཡི་མི་དགའ་སའི་མི་སོགས་ལ་བེད་སྤྱོད་བཏང་གི་ཡོད། བུ་མོ་དེ་སེམས་ཅན་ལ་ཧ་ཅང་བརྩེ་བ་ཡོད། གི་རེཀ་བཟའ་ཚོ་གཉིས་རྔོན་པ་ཡིན་ཙང་ཉིན་གཅིག་རྔོན་རྒྱག་ཏུ་ཕྱིན་པ་རེད།
དེའི་རྗེས་བུ་མོ་དེས་རྫུ་འཕྲུལ་གྱི་མཛུབ་མོ་བེད་སྤྱོད་བཏང་ནས་ཁོ་ཚོ་ཚང་མ་བྱ་དང་བྱིའུ་བཟོས་པ་རེད། ཁོ་ཚོར་དཀའ་ངལ་ཧ་ཅང་མང་པོ་འཕྲད་ནས་མཐར་མི་ཆགས་ཀྱི་ཡོད། བུ་མོ་དེ་ཡིས་བསླབ་བྱ་ཡག་པོ་བརྒྱབ་སྟེ་སང་ཉིན་ནས་གི་རེཀ་བཟའ་ཚོ་གཉིས་ཞིང་པ་ཆགས་པ་རེད་དོ།།
ཚིག་གསར། རྫུ་འཕྲུལ བཀག་འགོག བཟའ་ཚོ། རང་ནུས། ཅི་ཐུབ། ནགས་གསེབ། རྔོན། མཐོང་ཆུང་། ཚེ་སྲོག སྦོམ་པ
ད་བར་དཔྱད་མཆན་མེད།