པདྨ་ཆོས་སྒྲོན།
འཛིན་གྲྭ་དགུ་པ། སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ།
རྩོམ་པ་པོ། ཚེ་རིང་དཔལ་འཛོམས།
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་དེབ་འདིའི་ནང་གི་མི་སྣ་གཙོ་བོ་ནི་ཨ་མ་ལགས་ཤིག་དང་ཕྲུ་གུ་ཞིག་རེད་འདུག དེའི་ནང་སློབ་སྦྱོང་ལེན་རྒྱུ་མང་པོ་འདུག དཔེར་ན། ལམ་ལ་འགྲོ་བའི་སྐབས་སུ་ཕྱོགས་གང་ནས་འགྲོ་དགོས་པ་དང་། འགྲོ་བའི་སྐབས་སུ་གཟབ་གཟབ་བྱེད་དགོས་པ་སོགས་གསལ་པོ་བཤད་འདུག གལ་སྲིད་འགྲིམ་འགྲུལ་གྱི་སྒྲིག་གཞི་དང་འགལ་ན་ཆད་པ་ཕོག་པའི་ཉེན་ཁ་ཡོད་པ་ཡང་བཤད་འདུག སྒྲུང་དེབ་འདིའི་ནང་དམིགས་བསལ་ག་རེ་འདུག་ལབ་ན། སྒྲུང་གི་མཉམ་དུ་བསླབ་བྱ་ཡང་ལེན་རྒྱུ་འདུག་པས། ཕྲུ་གུ་རྣམས་ཀྱིས་ཀློག་པའི་སྐབས་སུ་ཉོབ་ཏོ་མ་ཆགས་པར་ཀློག་ཐུབ་པའི་ནུས་པ་ཞིག་ཡོད་པར་མཐོང་།
སྒྲུང་དེབ་བཀླགས་པའི་མྱོང་ཚོར། སྒྲུང་དེབ་གི་ནང་ཚིག་ཚང་མ་ལས་སླ་པོ་དང་རི་མོ་ཡང་མང་པོ་འདུག་པས་ཀློག་པའི་སྐབས་སུ་ཧ་ཅང་སྟབས་བདེ་པོ་འདུག དེ་མ་ཟད་ང་རང་དགའ་པོ་ཞེ་དྲག་བྱུང་སོང་། སྒྲུང་དེབ་འདི་ནི་གཙོ་བོ་ཕྲུ་གུ་ཆུང་ཆུང་ཚོའི་ཆེད་དུ་ཡིན་པ་དང་། ཆུང་ཆུང་སྐབས་ནས་ལམ་ལ་འགྲོ་དུས་གཟབ་གཟབ་བྱེད་དགོས་པའི་སྐོར་སྒྲུང་གི་ནང་དུ་སྙིང་རྗེ་མོའི་ངང་བཤད་འདུག མཐའ་མ་དེ་ལ་ང་རང་གི་སྣང་བ་འགྲོ་ཤོས་ནི། ང་ཚོ་ལམ་ལ་འགྲོ་བའི་སྐབས་སུ་རྟགས་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་དག་གིས་ག་རེ་མཚོན་གྱི་ཡོད་པ་ཆ་ཚང་ཞིག་བྲིས་འདུག་པས་ཕན་ཐོགས་པོ་ཞིག་མཐོང་སོང་།
ཚིག་གསར། བརྡ་རྟགས། གདོང་ཐུག འགྲུལ་བཞུད། རྟགས། སྐྱོབ་ཐག
དགོད་མཚམས་འཇོག་མི་ཐུབ་པའི་བུ་མོ།
རྩོམ་པ་པོ། མི་ར་ག་ན་པ་ཏི། བོད་སྒྱུར་བ། ཚེ་རིང་དཔལ་འཛོམས།
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་དེབ་འདིའི་ནང་མི་སྣ་གཙོ་བོ་ནི་བུ་མོ་ཞིག་འདུག མོ་ནི་ག་དུས་ཡིན་ནའང་གད་མོ་ཤོར་ཤོར་པར་སྡོད་ཀྱི་འདུག གལ་སྲིད་མི་ཞིག་གིས་རྟུག་དྲི་གཏོང་བ་དང་ཨི་ཙི་གུ་ལུ་སློང་སྐབས། ཡང་ན་བྷོན་ཌ་ཞེས་པའི་ཚིག་ལ་སོགས་པ་ཐོས་ན་གད་མོ་ཤོར་མཁན་བུ་མོ་ཞིག་རེད་འདུག ཉིན་ཞིག་མོ་ལ་དགེ་ལགས་ཀྱང་འུ་ཐུག་པོ་བྱུང་ནས་མོ་ལ་སྐད་རྒྱག་དགོས་བྱུང་བ་རེད། ཡིན་ན་ཡང་། སློབ་ཕྲུག་ཚོ་ཡིས་མོ་ལ་དགའ་སྣང་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། གད་མོ་ཤོར་ན་གཡས་གཡོན་གྱི་མི་རྣམས་ཀྱང་སེམས་པ་སྐྱིད་པོ་ཆགས་པ་མ་ཟད་ཕན་ཚུན་འཆམ་པོ་མགྱོགས་པོ་ཆགས་ཀྱི་ཡོད་པས་འཛིན་གྲོགས་ཚོས་མོ་ལ་དགའ་པོ་བྱེད་ཀྱི་འདུག
སྒྲུང་དེབ་བཀླགས་པའི་མྱོང་ཚོར། སྒྲུང་དེབ་ནང་སྤྱིར་བཏང་གི་རི་མོ་མང་པོ་ཞིག་འདུག་པ་དང་། ང་རང་གིས་དམིགས་བསལ་ག་རེ་ཡག་པོ་མཐོང་སོང་ལབ་ན། བུ་མོ་དེ་གད་མོ་ཤོར་རྒྱུ་ལ་དགའ་པོ་ཡོད་པ་ནང་བཞིན་གུས་མོ་ང་རང་ཡང་གད་མོ་ཤོར་རྒྱུ་ལ་ཧ་ཅང་དགའ་པོ་ཡོད། བྱས་ཙང་ངས་སྒྲུང་དེབ་འདིའི་ནང་གི་བུ་མོའི་རང་བཞིན་ང་དང་ཞེ་དྲག་མཐུན་གྱི་ཡོད་པ་མཐོང་སོང་བས། ང་རང་སྒྲུང་དེབ་འདི་ཀློག་པའི་སྐབས་སུ་ཧ་ཅང་གིས་དགའ་པོ་བྱུང་། ང་རང་གིས་ག་རེ་བསམ་གྱི་འདུག་ཟེར་ན། གད་མོ་ཤོར་རྒྱུ་དེ་སོ་སོའི་སྐྱོན་ཆ་མ་ཡིན་པ་དང་། གད་མོ་ཤོར་རྒྱུ་དེ་སོ་སོའི་འཕྲོད་བསྟེན་ལ་ཕན་ཐོགས་ཡོད་པ་མ་ཟད་མི་ཚང་མ་ཡང་སྐྱིད་པོ་བཟོ་བའི་ནུས་པ་ལྡན་ཡོད།
ཚིག་གསར། གྲལ་བསྟར། སྨྲོས། འབར་རྫས། དཔེ་སྒྲོམ། ཤ་གནད།
ཁྲོན་པའི་ནང་གི་སྦལ་པ།
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་དེབ་འདིའི་ནང་གི་མི་སྣ་གཙོ་བོ་ནི་སྦལ་པ་ཞིག་དང་རུས་སྦལ་གཉིས་ཡིན། སྦལ་པ་ནི་ཁྲོན་པའི་ནང་སྡོད་ཀྱི་ཡོད་པ་དང་། རུས་སྦལ་ནི་རྒྱ་མཚོའི་ནང་གནས་སྡོད་བྱེད་མཁན་ཞིག་ཡིན། ཉིན་ཞིག་རུས་སྦལ་ཁྲོན་པའི་ནང་ཡོང་ནས་སྦལ་པ་དང་ལྷན་དུ་སྐད་ཆ་བཤད་པ་རེད། དེ་དུས་སྦལ་པས་ཧམ་པ་ཆེན་པོས་རུས་སྦལ་ལ་ཁྲོན་པ་ཆེན་པོ་ཡོད་པའི་སྐོར་བཤད་པ་རེད། དེ་ནས་རུས་སྦལ་གྱིས་རྒྱ་མཚོ་ནི་ཁྲོན་པ་ལས་ཧ་ཅང་གི་ཆེ་བ་ཡོད་ལབ་པའི་སྐབས་སུ་སྦལ་པ་ཡིད་མ་ཆེས་ནས་ག་བ་ག་བ་ཞེས་ལབ་ནས་ཁྲོན་པ་དེ་རྒྱ་མཚོ་ལས་ཆེ་བ་ཡོད་ཅེས་ལབ། ཡིན་ན་ཡང་། དོན་དངོས་སུ་རྒྱ་མཚོ་ནི་ཁྲོན་པ་ལས་ཧ་ཅང་གི་ཆེ་བ་ཡོད་པ་ཚང་མས་མཁྱེན་གསལ་རེད། བྱས་ཙང་། རུས་སྦལ་གྱིས་སྦལ་པ་དེ་ཐོས་རྒྱ་མཐོང་རྒྱ་ཆེན་པོ་མེད་པ་དང་། སྦལ་པ་དེས་ཁྲོན་པའི་ཕྱི་མཐོང་མྱོང་མེད་ཀྱི་རེད་བསམ་ནས་གད་མོ་ཤོར་ནས་ལྷག
སྒྲུང་དེབ་བཀླགས་པའི་མྱོང་ཚོར། ངས་སྒྲུང་དེབ་འདི་ཡག་པོ་དང་དོན་དང་ལྡན་པ་མཐོང་སོང་། ང་རང་སྒྲུང་དེབ་འདི་ཀློག་པའི་སྐབས་སུ་སེམས་ནང་ཐོས་རྒྱ་མཐོང་རྒྱ་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། སོ་སོའི་ཁོར་ཡུག་ནས་ཕྱི་ལ་ཐོན་ནས་ཉམས་མྱོང་གསག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་གསལ་པོ་རྟོགས་སོང་། མཐའ་མ་དེ་ལ་ངས་སྒྲུང་དེབ་འདིའི་ནང་ཚིགས་བཅད་སྙིང་རྗེ་མོ་ཞིག་མཐོང་བྱུང་བ་དེ་འདི་རུ་འབྲི་རྒྱུ་ཡིན་ནོ།།
དྲེགས་པའི་ལོང་བ་འགའ་ཞིག་ནི།།
རང་གི་སྐྱོན་རྣམས་མ་བསམས་པར།།
ཡོན་ཏན་ཕྲ་མོས་རབ་མགུ་བ།།
ཁྲོན་པའི་ནང་གི་སྦལ་པ་བཞིན།།
ཚིག་གསར། འགྲན་ཐབས། རླབས། བཀྲེས་སྐོམ། འགྱེལ།
ཞི་མིའི་རྫུན་ཚིག
སྒྲུང་གི་ནང་དོན་སྙིང་བསྡུས། སྒྲུང་དེབ་འདིའི་ནང་གི་མི་སྣ་གཙོ་བོ་ནི་དགེ་སློང་དང་ཞི་མི། བྱི་བ་རེད་འདུག དང་པོ་ཞི་མི་ཞིག་གིས་དགེ་སློང་གི་ཕྲེང་བ་བརྐུས་ནས་བྲོས་འགྲོ་སྐབས། དགེ་སློང་གིས་མཐོང་ནས་ཞི་མི་དེའི་མཇུག་མ་ནས་བཟུང་སྟེ་ཕན་ཚུན་ཤུགས་ཀྱིས་འཐེན་རེས་བྱས་པས། ཞི་མིའི་མཇུག་མ་ཆད་དེ་ཐར་ཐུབ་པ་བྱུང་འདུག ཡིན་ན་ཡང་། ཁོ་ལ་མཇུག་མ་མེད་སྟབས་ཁོའི་རྩལ་ཆུང་དུ་ཕྱིན་ནས་བྱི་བ་འཛིན་མ་ཐུབ་པར་བསྡད་ཡོད་པ་རེད། དེ་ནས་ཞི་མི་དེས་དགེ་སློང་གི་ཕྲེང་བ་དེ་སྐེ་ལ་གྱོན་ནས་སྡོད་བཞིན་པའི་སྐབས་བྱི་བ་ཞིག་ལ་མགོ་སྐོར་རྒྱུ་བསམ་བློ་ནང་སླེབས། ཞི་མི་དེས་བྱི་བ་ཚོ་ལ་ཁོ་ནི་དགེ་བསྙེན་བྱི་བའི་ལྷ་ཞིག་ཡིན་ལབ། དེ་ལ་བྱི་བ་ཚང་མས་ཡིད་ཆེས་བྱས་ནས་ཞི་མིར་ཆོས་ཞུ་མཁན་གྱི་བྱི་བ་མང་པོ་སླེབས་པ་རེད། དེ་ནས་བཟུང་ཞི་མིས་ཉིན་མ་རེར་བྱི་བ་གཅིག་གཅིག་ཟ་གི་ཡོད་པ་རེད། དེ་འདྲ་མང་པོ་བྱེད་དུས་བྱི་བ་རྣམས་དོགས་པ་བཟས་ནས་ཞི་མིའི་བཙོག་པ་ལ་ལྟ་དུས། དེའི་ནང་སྤུ་དང་རུས་པ་མང་པོ་ཡོད་པ་མཐོང་མ་ཐག་བྱི་བ་རྣམས་ཞེད་ཐག་ཆོད་པ་རེད། དེའི་རྗེས་ནས་ཁོང་ཚོ་ཆོས་ཉན་དུ་འགྲོ་བའི་སྐབས་སུ་ཁ་བཙུམ་ནས་ལྟ་དུས་ཞི་མི་དེས་བྱི་བ་ཞིག་ཟ་བཞིན་པ་མཐོང་ནས་བྱི་བ་རྣམས་བྲོས་ཕྱིན་པ་རེད།
སྒྲུང་དེབ་བཀླགས་པའི་མྱོང་ཚོར། སྒྲུང་དེབ་འདིའི་ནང་ཡིད་ཆེས་སུ་ལ་བྱེད་དགོས་ཡོད་པ་དང་སུ་ལ་བྱེད་མི་དགོས་པའི་སྐོར་ལ་ཡག་པོ་བཤད་འདུག དཔེར་ན། ཞི་མི་དེ་ཡིས་བྱི་བ་ཚོ་ལ་མགོ་བསྐོར་ནས་ཚང་མ་གཅིག་གི་གཞུག་ལ་གཅིག་བྱས་ནས་ཟ་རྒྱུའི་འཆར་ཞི་བཏིང་ཡོད་ན་ཡང་། བྱི་བ་ཚོ་ཞི་མི་དེ་ལ་ཡིད་ཆེས་ཏེ་བྱི་བ་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད། ངས་བྱས་ན་སྤྱང་པོ་བྱ་རྒྱུ་དེ་གལ་ཆེན་པོ་མཐོང་བྱུང་། ཡིན་ན་ཡང་། སྤྱང་པོ་བྱས་ནས་མི་ཡི་ཚེ་སྲོག་ཤོར་བ་དེ་འདྲ་བཟོས་ན་སོ་སོ་ལ་གྱོང་རག་པ་མ་ཟད་ལྐུགས་པའི་ལས་ཀ་ཞིག་ཡིན་པ་རེད་བསམ་གྱི་འདུག བྱས་ཙང་མཐའ་མ་དེ་ལ་བྱི་བ་ཚོས་ཧ་གོ་ནས་བྲོས་འགྲོ་དུས་ཞི་མི་དེ་ཁོ་རང་གཅིག་པུ་ལྷག་ནས་འགྱོད་པ་ཆེན་པོ་ཞིག་སྐྱེས་པ་རེད། མདོར་བསྡུས་ནས་བཤད་ན། རང་འདོད་བྱེད་རྒྱུ་དེ་ཡག་པོ་མེད་པ་དང་སེམས་བཟང་པོའི་ངང་སྡོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་ཤེས་སོང།
ཚིག་གསར། རྟུག་པ། རྔ་ཐུང། གཤེགས། དྲིལ་སྒྲ། ཁ་གཡར། བྲུན་པ། རང་འཐག སྡོམ་པ། ཁྱད་དུ་འཕགས་པ། དགེ་བསྙེན།

ད་བར་དཔྱད་མཆན་མེད།