བསྟན་འཛིན་ཆོས་དབྱིངས།
འཛིན་གྲྭ་བཅུ་པ། སཾ་བྷོ་ཊ་ཅན་དྷ་གྷི་རི་ཉིན་སློབ།
རྩོམ་པ་པོ། ཁ་ཛུ་ཀི། ཨི་བྰ་ཨིན།
སྙིང་དོན་དང་མྱོང་ཚོར། སྒྲུང་དེབ་འདིའི་ཡི་གེ་འབྲི་ཚུལ་དང་འཚོ་བ་བསྟོན་སྟངས་གཞན་དང་མ་འདྲ་བ་ཧ་ཅང་ལེགས། གཙོ་བོ་སྒྲུང་འདིའི་ནང་ལ་གཱནྡྷཱི་ཁོང་གིས་དྲག་ཤུགས་མ་བརྟེན་ནས་དབྱིན་ཇིའི་མགོ་སེར་དབང་སྒྱུར་ལས་རྒྱ་གར་ཐར་ཏེ། འཐབ་འཁྲུག་སྐབས་ཀྱི་འགོ་ཁྲིད་པ་ཞིག་ཆག་སྟངས་དང་། ཁོས་མཚན་ཉིད་རིག་པ་འཕེལ་རྒྱས་བཏང་བ་དང་། ཞི་བའི་ངོ་རྒོལ་དང་། བདེན་དོན། བརྩེ་སེམས་བཅས་གནང་ནས་རྒྱ་གར་རང་བཙན་རག་ཐུབ་པའི་སྐུ་ལས་མང་པོ་བརྒྱབ་པ་བཤད་འདུག
ཁོང་གིས་ཧུར་བརྩོན་གྱིས་རྒྱ་གར་ལ་རོགས་རམ་བྱས་ཏེ་ ༡༩༤༧ ལོར་རང་བཙན་ཐོབ་པ་བྱུང་ཡོད་ནའང་། སེམས་སྐྱོ་བ་ཞིག་ལ་མཐར་ ༡༩༤༨ ལོར་ཁོང་ལྐོག་གསོད་བྱས་པའི་གནས་ཚུལ་ཡང་བཤད་འདུག འོན་ཀྱང་། ཁོང་གི་དྲག་ཤུགས་མིན་པའི་ཞི་བའི་ལམ་ལ་འགྲོ་བའི་ཐབས་ལམ་དེ་འཛམ་གླིང་ཡོངས་ལ་དམིགས་དཔེ་ཡང་ཡག་པོ་བཏོན་པ་བྱུང་། སྒྲུང་འདི་ཡི་ནང་ལ་གུས་པའི་བླངས་པའི་བསླབ་བྱ་ནི། དྲག་ཤུགས་དང་བདེན་དོན་མིན་པའི་སྟོབས་ཤུགས་ལ་འགྱུར་ལྡོག་གཏིང་ཟབ་པོ་ཡོང་ཐུབ་པ་དང་། ཞི་བས་འགོག་རྒོལ་བྱ་རྒྱུ་དེ་དྲག་ཤུགས་ལས་ཀྱང་ཆེ་བ་ཡོད་པ་གསལ་པོར་མཚོན་འདུག
ཚིག་གསར། རཱམ། རྣམ་རྟོག ཕྱི་གླིང་། བཙན་གྲོལ། སྐམ་སེང་།
ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
རྩོམ་པ་པོ། ༸གོང་ས་མཆོག
སྙིང་དོན་དང་མྱོང་ཚོར། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པ་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོས་༡༩༦༢ ལོར་ལྗགས་རྩོམ་གནང་བའི་རང་ཉིད་ཀྱི་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་དཔེ་ཆ་ཞིག་རེད། དཔེ་ཆ་དེའི་ནང་ཏཱ་ལའི་བླ་མའི་སྐུ་ཚེ་ཧྲིལ་པོ་དང་བོད་ཀྱི་ལོ་རྒྱུས། དེ་བཞིན་སྐབས་དེའི་ཆབ་སྲིད་དང་རིག་གནས་ཀྱི་རྒྱབ་ལྗོངས་བཅས། ལྷག་པར་དུ་རྒྱ་དམར་པོས་བོད་ལྗོངས་བཙན་འཛུལ་དང་བཙན་བཟུང་བྱས་པའི་སྐོར་གྱི་གནས་ཚུལ་སོགས་ལ་དཔྱད་བསྡུར་གཏིང་ཟབ་བཤད་འདུག ད་དུང་ཏཱ་ལའི་བླ་མས་རང་གི་བྱིས་དུས་དང་། ཁོང་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་ཡིན་པ་ཤེས་རྟོགས་བྱུང་བ་དང་། དགེ་འདུན་པ་བྱས་པ། ཁོང་རང་ཉིད་ལོ་ན་གཞོན་པའི་སྐབས་སུ་འགན་ཁུར་བའི་འགན་འཁྲི་སོགས་གླེང་འདུག
ཚིག་གསར། ཁུངས་བཙན། སྙན་གསན།
དྲང་བདེན་ལ་དངོས་གྲུབ་ཐོབ།
རྩོམ་པ་པོ། བསམ་གླིང་ཚེ་རིང་ལྷ་མོ།
སྙིང་དོན་དང་མྱོང་ཚོར། དྲང་བདེན་ལ་དངོས་གྲུབ་ཐོབ་ཞེས་པའི་སྒྲུང་དེ་ཡི་ནང་མི་དབུལ་ཕོངས་ཤིག་གིས་ཁོའི་སྟ་རེ་ཆུའི་ནང་དུ་ལྷུངས་བ་དང་ ཆུ་བོའི་ལྷ་འཐོན་ཏེ་རོགས་རམ་བྱས་པ་མ་ཟད། གསེར་དངུལ་གྱི་སྟ་རེ་ཞིག་ཀྱང་ཕུལ་བ་རེད། འོན་ཀྱང་། ཁོས་དྲང་བདེན་གིས་ཁོའི་ལྕགས་ཀྱི་སྟ་རེ་རྙིང་པ་མ་གཏོགས་ཁས་མ་བླངས། ཁོའི་དྲང་བདེན་གིས་ཁོ་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་དང་། ལྷ་ཡིས་སྟ་རེ་གསུམ་ཁོ་ལ་བྱ་དགའ་སྦྱིན། དྲང་བདེན་མིན་པའི་ཁྱིམ་མཚེས་ཤིག་གིས་ལྷ་ལ་མགོ་སྐོར་གཏོང་རྩིས་བྱས་མོད། འོན་ཀྱང་རྫུན་བཤད་པས་ཆད་པ་ཕོག གཏམ་རྒྱུད་འདིས་ང་ཚོར་དྲང་བདེན་ལ་དྲིན་ལན་འཇལ་ངེས་ཡིན་པ་ལས་དྲང་པོ་མིན་ན་འབྲས་བུ་ངན་པ་བྱུང་།
གཏམ་རྒྱུད་འདི་ནས་ང་ཚོས་ཤེས་དགོས་པ་ནི་དྲང་པོ་ལ་དྲིན་ལན་འཇལ་མཁན་ཡོད་པ་དང་། དཔེར་ན། སྒྲུང་འདིའི་ནང་ཁོའི་སྟ་རེ་རྙིང་པ་ཇི་མ་ཇི་བཞིན་བླངས་པ་དང་འབྲེལ་བྱ་དགའ་སྤྲོད་སྐབས་འགྲེམས་སྟོན་བྱས་པ་ནང་བཞིན་རེད། དེ་ལས་ལྡོག་སྟེ་གཞུང་དྲང་མིན་པའི་རྫུན་བཤད་མཁན་ལ་ཆད་པ་ཕོག་སྲིད། དྲང་པོ་བྱེད་མཁན་ལ་ཡིད་ཆེས་དང་དྲིན་ལན་འཇལ་ངེས་ཡིན།
ཚིག་གསར། ཁྲོད། དྲག་པོ།
བུ་གླེན་པ།
རྩོམ་པ་པོ། བསྟན་འཛིན་དབང་འདུས།
སྙིང་དོན་དང་མྱོང་ཚོར། ན་གཞོན་ཞིག་གིས་ཁོའི་གླེན་རྟགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་མི་མགོ་ན་བཅུག་པ་དང་གད་མོ་ཡང་བླངས། ཁོང་གིས་རྟག་ཏུ་བསམ་འཆར་སྣང་མེད་དུ་བཞག་ནས་མགྱོགས་ལམ་དུ་བསྐྱོད་དེ་ནོར་འཁྲུལ་མང་པོ་བྱེད་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་འབྲས་བུ་ལ་བལྟས་ན། ཁོང་གིས་རྩ་ཆེའི་མི་ཚེའི་བསླབ་བྱ་རྣམས་བསླབས་ཀྱི་ཡོད། དཔེར་ན། འགན་འཁྲི་དང་ངང་རྒྱུད་རིང་པོ། བྱ་སྤྱོད་བཅས་ཀྱི་སྔོན་ལ་བསམ་གཞིགས་བྱེད་དགོས་པ་གལ་ཆེའི་རང་བཞིན་ཡིན་པ་ཤེས་ཀྱི་ཡོད། གཏམ་རྒྱུད་འདིས་ང་ཚོར་གད་མོ་ཁོ་ན་ཤོར་བ་མ་ཡིན་པར། མི་ཞིག་གི་བྱ་སྤྱོད་ཀྱིས་མི་གཞན་ལ་ཤུགས་རྐྱེན་ཐེབས་ཚུལ་ཤེས་ཀྱི་ཡོད་པ་ང་ཚོས་ཤེས། མཐར་གཞོན་ནུ་དེ་བྱང་ཆུབ་པ་ཞིག་ཏུ་གྱུར་ནས་སྔར་ལས་སྤྱང་གྲུང་ལྡན་པ་དང་། དེ་བས་ཀྱང་སྙིང་ཉེ་བར་གྱུར་བ། མི་གཞན་ལ་བརྩི་འཇོག་བྱེད་དགོས་པ་གལ་ཆེའི་རང་བཞིན་ཡིན་པ་ཤེས་རྟོགས་བྱུང་།
བསླབ་བྱ། བློ་གྲོས་ནི་ནོར་འཁྲུལ་གྱི་ཁྲོད་ནས་སློབ་སྦྱོང་བྱེད་དགོས་པ་དང་། འགན་འཁྲི་སོགས་མ་འཁུར་སྔོན་ལ་བསམ་གཞིགས་བྱས་དགོས་པ། མི་གཞན་ལ་བརྩི་འཇོག་སོགས་བྱེད་དགོས་པ་གལ་ཆེའི་རང་བཞིན་ནན་བཤད་བྱས་འདུག
བོད་ཀྱི་སྲོག་ཆགས།
རྩོམ་པ་པོ། སྐལ་བཟང་མཁས་གྲུབ། ཀུན་དགའ་རྒྱལ་མཚན།
སྒྲུང་གི་སྙིང་དོན། གུས་པས་<<བོད་ཀྱི་སྲོག་ཆགས་>>ཞེས་པའི་དཔེ་དེབ་ཞིག་བཀླགས་པ་ཡིན། དེབ་དེ་ཡི་ནང་ལ་གཙོ་བོ་བོད་ཀྱི་སྲོག་ཆགས་རྣམས་ཀྱི་དཔེ་རིས་ལེགས་པོ་དང་། སྲོག་ཆགས་དེ་ཚོའི་སྐོར་ཆ་ཚང་གསལ་པོ་བྲིས་འདུག སྲོག་ཆགས་རྣམས་ཀྱི་སྐོར་སྒྲུང་ལྟར་སྙན་པོ་བྲིས་གནང་འདུག མགོ་འཚོས་བདེ་ལ་དཔེ་དེབ་དེ་ཡི་ནང་ལ་བོད་ཀྱི་སྲོག་ཆགས་ཕལ་མོ་ཆེའི་སྐོར་བྲིས་འདུག་ལབ་ན་ནོར་མེད་ཟེར་ཡང་ཆོག མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་རང་གི་ཕ་ཡུལ་གྱི་སྲོག་ཆགས་ནམ་ཡང་མི་བརྗེད།
ཚིག་གསར། གྲོག་ཤིང། ཨོག་མ།
ད་བར་དཔྱད་མཆན་མེད།