བསྟན་འཛིན་འགྲོ་དོན།
འཛིན་རིམ་བརྒྱད་པ། སཾ་བྷོ་ཊ་གུ་རུ་པུ་ར་ཉིན་སློབ།

ངའི་ཕ་ཡུལ་བོོོད་ནིི་འཛམ་གླིང་གི་ས་བབ་མཐོ་ཤོས་སུ་ཆགས་པའི་ཡུལ་གྲུ་ཞིག་རེད། བོད་ཡུལ་ལ་འཛམ་གླིང་ཡོངས་ཀྱིས་གངས་ལྗོོངས་ཞེས་འབོད་པ་མ་ཟད་འཛམ་གླིང་གིི་ཡང་རྩེའམ་ཨིན་སྐད་ཐོག་”roof of the world” ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ནི་བོད་རྒྱལ་ཁབ་འདི་ནི་འཛམ་གླིང་ནང་ནས་ས་བབ་མཐོ་ཤོས་ཆགས་ཡོད་པ་མ་ཟད་བོད་ཀྱི་མཐའ་འཁོར་ལ་གངས་རིའི་ར་བས་བསྐོར་ཡོད། བོད་ཡུལ་གྱི་མཐོ་ཚད་ནི་རྒྱ་མཚོ་ནས་མི་ཊར་ ༤༩༠༠ ཙམ་ཡོད། རྒྱལ་ཁབ་གཞན་གྱི་རི་རྒྱུད་མཐོ་ཤོས་ཡིན་ན་ཡང་བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལས་མཐོ་བ་མེད། བོད་མིའི་མི་འབོར་ས་ཡ་དྲུག་ལྷག་ཙམ་ལས་མེད། དེའི་ནང་ནས་ས་ཡ་ ༡.༢ རྒྱ་ནག་གིས་གདུག་རྩུབ་མནར་གཅོད་འོག་གྲོངས་བ་རེད། བོད་ལ་མི་འབོར་མང་པོ་མེད་ཀྱང་བོད་ཀྱི་ས་ཆ་སྤྱིའིི་རྒྱ་ཁྱོོན་ནི་ཀི་ལོོ་མིི་ཊར་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ཡོད། དེ་ནིི་ཉིི་འོོང་གིི་ས་ཁྱོོན་དང་བསྡུར་ན་ལྡབ་བརྒྱད་ཀྱིས་ཆེ་བ་དང་ཡུ་རོབ་སྤྱིའིི་ས་ཁྱོོན་གྱི་བཞིི་ཆ་གཅིག་ཡིིན་པས་ཧ་ཅང་ཆེན་པོོ་ཡོོད། བོད་ཡུལ་ནི་འཛམ་གླིང་གི་ས་བབ་ཆགས་སྟངས་ཀྱི་ཆ་ནས་ཀྱང་ཧ་ཅང་གལ་ཆེན་ཞིིག་ཏུ་ངོས་འཛིན་བྱེེེད་ཀྱིི་ཡོོད། ཨེ་ཤིི་ཡའིི་ཡུལ་ལུང་ཁག་ཏུ་འབབ་པའི་གཙང་པོ་ཆེ་ཁག་རྨ་བྱ་ཁ་བབ། རྟ་མཆོག་ཁ་བབ། གླང་ཆེན་ཁ་འབབ། སེངྒེ་ཁ་འབབ། ཟླ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། འབྲི་ཆུ་སོགས་ཆུ་ཆེན་མང་པོ་ཞིག་གིི་འབྱུང་ཁུངས་ནི་བོད་ཡུལ་རེད། བོད་ཀྱི་ཁྱིམ་ཚེས་རྒྱལ་ཁབ་ཁག་ནི་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ། རྒྱ་ནག པཱ་ཀི་སི་ཐན། ཤར་ཏུར་ཀི་སི་ཐན། སོག་པོ། འབར་མ་བཅས་རེད།

རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཡུལ་ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ལ་ཡོད། བོད་ཀྱི་གནམ་གཤིས་འགྱུར་བ་ཁྱད་པར་ཆེན་པོ་ཡོད། བོད་ཀྱི་ས་ཆ་མཐོ་བོ་ཡོད་ཙང་གནམ་གཤིས་ཧ་ཅང་གྲང་མོ་ཡོད། བོད་ཀྱི་ཆ་སྙོམས་དྲོད་ཚད་ནི། ༡°C རེད། བོད་ཆོལ་ཁ་གསུམ་ནི་མདོ་སྟོད། མདོ་སྨད། དབུས་བཙང་གསུམ་རེད། བོད་ལ་རྒྱལ་པོ་ ༤༡ བྱུང་བ་རེད། བོད་ཀྱི་རྒྱལ་པོ་དང་པོ་ནི་གཉའ་ཁྲི་བཙན་པོ་དང་རྒྱལ་པོ་མཐའ་མ་ནི་གླང་དར་མ་རེད། བོད་ཀྱི་རྒྱལ་པོ་སྙན་གྲགས་ཅན་གསུམ་ནི་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེའུ་བཙན། ཁྲི་རལ་པ་ཅན་བཅས་རེད། རྒྱལ་པོ་སྲོང་བཙན་སྒམ་པོ་ནི་ཕྱི་ལོ་ ༦༢༠ ལོར་སྐུ་འཁྲུངས་པ་རེད། ཁོང་གི་སྐབས་སུ་ཉེ་འགྲམ་གྱི་ཡུལ་གྲུ་མང་པོ་དབང་དུ་བསྡུས་ནས་ཨེ་ཤེ་ཡ་ཡི་ནང་བོད་ཀྱི་དྲག་པོ་དམག་གི་སྟོབས་ཤུགས་ཆེ་ཤོས་ཤིག་ཆགས་ཡོད། ཁོང་གི་སྐུ་དུས་སུ་བོད་ཕྲུག་རིག་པ་ཅན་མང་པོ་ཞིག་རྒྱ་གར་ལ་ཡི་གེ་སློབ་པར་བཏང་བ་རེད། མང་ཆེ་བ་ཚ་བ་དང་ལམ་ཐག་རིང་བའི་རྐྱེན་གྱིས་ལམ་དུ་གྲོངས་པ་རེད། ཐོན་མི་སཾ་བྷོ་ཊ་གཅིག་པོ་རྒྱ་གར་ནས་སློབ་སྦྱོང་ཚང་མ་ལེགས་པར་སྦྱངས་ནས་བོད་ལ་ལོག་ཕེབས་པ་རེད། ཁོང་གིས་རྒྱ་གར་ཡི་གེ་ལ་དཔེ་བླངས་ནས་བོད་ཡིག་གསར་དུ་བཟོས་པ་རེད། ད་ལྟ་ང་ཚོའི་མདུན་དུ་ཡོད་པའི་ཡིག་གཟུགས་འདི་ཐོན་མི་ཁོང་གི་བཀའ་དྲིན་རེད།

ང་ཚོ་བོད་པའི་རྒྱལ་དར་ནི་ཐོག་མ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དམག་གི་རུ་དར་ཞིག་རེད། ཕྱི་ལོར་ ༡༩༡༣ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་བོད་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་སྐབས་རྒྱལ་དར་བཟོས་གནང་བ་རེད། ཕྱི་ལོར་༡༩༥༠ ལོར་༸གོང་ས་མཆོག་གི་དགེ་རྒན་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བརྩམས་གནང་བ་རེད། ཕྱི་ལོ་༡༩༤༩ ལོར་བོད་ཡུལ་ལ་རྒྱ་ནག་གིས་བཙན་འཛུལ་དང་དབང་སྒྱུར་མ་བྱས་གོང་༸གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱིས་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་སྐྱོང་གནང་བའི་སྲིད་གཞུང་རེད། ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་རྒྱ་ནག་གིས་བོད་ཀྱི་ས་ཆ་ཚང་མ་བཙན་འཛུལ་གྱིས་འཕྲོག་པ་རེད། ཕྱི་ཟླ་ ༣ ཚེས་ ༡༧ ལ་རྒྱ་ནག་གིས་བཙན་འཛུལ་གྱིས་དྲག་གནོན་བྱེད་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་ལ་ཕེབས་གནང་བ་རེད། རྒྱ་གར་གྱི་སྲིད་བློན་<<Jawaharlal Nehru>>མཆོག་གིས་༸གོང་ས་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པར་དགའ་བསུ་ཞུས་པ་རེད། ༸གོང་ས་མཆོག་བཙན་བྱོལ་ལ་ཕེབས་སྐབས་བོད་མི་བརྒྱ་ཕྲག་མང་པོ་རྒྱ་མིའི་བཙན་འོག་ནས་བཙན་བྱོལ་ལ་སླེབས་པ་རེད། ཁོང་གིས་ང་ཚོ་བོད་མི་ཚོ་རྒྱ་གར་གྱིས་ས་ཆར་ཡོང་ཆོག་པ་དང་མ་ཟད་སྡོད་སའི་ས་ཆ་ཡང་གནང་བ་རེད། བྱས་ཙང་ང་ཚོ་བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་དང་སེམས་པ་བཟང་པོ་བྱས་ནས་ཉིན་གཅིག་ང་ཚོ་ཕ་ཡུལ་བོད་ལ་ལོག་ཐུབ་པའི་རེ་སྨོན་བྱེད་དགོས་ཀྱི་ཡོད།