བསྟན་འཛིན་ཚུལ་བཟང་། ལྔ་པ།
མོན་གྷོ་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་ཉིན་སློབ།

ད་ལོ་བོད་མི་ཡོངས་ཀྱིས་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་ཡི་ཡོད། གང་ཡིན་ཟེར་ན། ད་ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་པས་བོད་མི་ཙམ་མ་ཡིན་པར་མི་མང་པོས་བྱམས་བརྩེའི་ལོ་སྲུང་བརྩི་བྱེད་བཞིན་ཡོད། ད་ལོ་ང་ཚོའི་སློབ་གྲྭའི་ནང་ཤ་རྩ་བ་ནས་སྤངས་པ་རེད། ཟླ་བ་རེེ་ལ་༸གོང་ས་མཆོག་གི་བཀའ་སློབ་ཐེངས་གཉིས་རེ་སྟོན་གྱི་རེད། བདུན་ཕྲག་རེ་ནས་སློབ་གྲྭའི་ཁོར་ཡུག་གཙང་མ་བཟོ་ཡི་ཡོད། ༸གོང་ས་མཆོག་ནི་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས ༦ ཉིན་ཨ་མདོ་སྟག་འཚེར་ཞེས་པའི་ཡུལ་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་ཞི་བདེའི་དེད་དཔོན་ཆེན་པོ་ཞེས་ཞུ་ཡི་ཡོད།

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ ཉིན་ང་ཚོའི་སློབ་གྲྭའི་ཁོར་ཡུག་ནང་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞེས་པའི་མེ་ཏོག་ལྡུམ་ར་ཞིག་དབུ་འབྱེད་བྱས་པ་རེད། དེེའི་ནང་མེ་ཏོག་མི་འདྲ་བ་མང་པོ་འདེབས་བཙུགས་གནང་ཡོད། དེ་ཧ་ཅང་གཙང་མ་ཡོད། དེའི་སྒང་ལ་རླུང་རྟ་མང་པོ་དཔྱངས་ཡོད། སྐྱེད་ཚལ་མཐའ་ལ་ལྕགས་རྩི་སྔོན་པོ་བཏང་ཡོད། ཧ་ཅང་སྙིང་རྗེ་མོ་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན་མོར་ང་ཚོས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཡིན། ཁོང་གི་འཁྲུངས་སྐར་ལ་ང་ཚོས་གཞིས་གྲོང་གསུམ་པའི་མི་མང་ཚོགས་ཁང་ནང་ལ་སྲུང་བརྩི་ཞུས་པ་ཡིན། དེར་སྤྲི་གོར་མི་འདྲ་བ་ཁག་གཉིས་བགོ་བཤའ་བརྒྱབ་སོང་། སྤྲི་གོར་གཅིག་ནི་ནམ་རྒྱུན་དང་མི་འདྲ་བར་དཀར་པོ་ཡོད་པ་དང་དེའི་སྟེང་༸གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་རེད། སྤྲི་གོར་གཞན་དེ་ནི་དེ་འདྲ་མཐོ་པོ་ཞིག་འདུག དེ་ནི་སྤགས་ཚོགས་དང་འདྲ་བའི་ཕྱི་ལ་དམར་པོ་ཞིག་ཡོད་པ་དང་། འཛམ་བུ་གླིང་ནང་ནས་འབྲུ་རིགས་མི་འདྲ་བ་བརྒྱ་ལས་གྲུབ་པའི་སྤྲི་གོར་ཞིག་ཡིན། དེའི་སྐབས་ལ་ང་ཚོའིི་སློབ་གྲྭའི་འཛིན་གྲྭ་གསུམ་པའི་སློབ་མ་ཚོས་ཨར་གཞས་དང་། ཀོང་གཞས་མཛད་པའི་རླབས་ཕྲེང་ཞེས་པའི་གཞས་སྣ་འཁྲབ་སྟོན་ཞུས་ཡོད།

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣༠ ཉིན་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་དུས་ཆེན་ཞིག་སྲུང་བརྩི་ཞུས་ཡོད། དེའི་ཉིན་བོད་ཀྱི་སེམས་ཅན་དང་། ཁ་ལག རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས། བོད་ཀྱི་གཙང་པོ། པོ་ཏཱ་ལ། བོད་ཀྱི་ཆས་གོས་སོགས་ཀྱི་སྐོར་ལ་སློབ་མ་ཚོས་འགྲེལ་བཤད་བསྐྱོན་ཡོད། དེའི་ཉིན་ཕ་མ་ཚང་མ་ཕེབས་སོང་། ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༧ ཉིན་ང་ཚོའི་སློབ་གྲྭས་ངོས་ནས་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ལོ་འཁོར་རྩེད་མོའི་ཉིན་མོ་ལ། སློབ་མ་ཚོས་འོག་འཇུག་ལྗང་ཁུ་གྱོན་ནས་ཨང་ཀི་བརྒྱ་དང་བཅུ་གསུམ་ཐོག་ལ་སློབ་མ་ཚོ་བསྡད་ནས་ལུས་རྩལ་རྩེས་པ་ཡིན་དེ་ནི་༸གོང་ས་མཆོག་དགུང་གྲངས་ ༡༡༣ བར་བཞུགས་པའི་རྟེན་འབྲེལ་མཚོན་བྱེད་དུ་ཡིན། ཡང་ཨང་གྲངས་དགུ་བཅུའི་ཐོག་སློབ་མ་ཚོ་བསྡད་ནས་ལུས་སྦྱོང་བྱས་པ་ཡིན། དེ་ནི་ད་ལོ་༸གོང་ས་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་ཡོད་པ་སྟོན་པའི་ཆེད་དུ་ཡིན། དེ་ནས་གོ་སྟོན་འཁྲུངས་དབྱངས་ཞེས་པའི་གཞས་ཤིག་འཁྲབ་པ་ཡིན། དེ་ནི་ཁོང་དགུང་གྲངས་ ༡༡༣ བཞུགས་པའི་འཛམ་གླིང་ལ་གཏམ་བཟང་གསོལ་རས་གནང་བ་མཚོན་པ་རེད། མཐར་དོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག