ཚེ་འདིར་ཕ་མ་དང་དགེ་རྒན་ལས་བཀའ་དྲིན་ཆེ་བ་མེད་པས། དེ་དག་གི་ཡོན་ཏན་སྣ་རེ་ལས་མ་བྱུང་ཡང་ལེན་གང་ཐུབ་བྱེད་དགོས། འོན་ཀྱང་ཁ་ཕོར་བཙོག་ཀྱང་ཨ་ཕའི་ལྟོ་ཕོར་ཟེར་ནས། ཞེན་ཁོག་གི་སྐྱོན་ཆའི་རིགས་རྒྱུན་འཛིན་བྱས་ན། དེ་ནི་ཀླད་མེད་ཅོལ་ཆུང་གི་བྱེད་སྟངས་ཡིན་
ཚན་པ་གཉིས་པའི་བཞི་པ།
མིའི་བརྩི་མཐོང་དང་། ཡིིད་ཆེས། ཆ་འཇོག་ཟེར་བ་དེ་དངུལ་སྤྲད་དེ་ཉོ་རྒྱུ་མེད་པས། རང་གི་རིན་ཐང་རང་གིས་བཟོ་དགོས་པ་ལྟར་རང་གི་བྱ་སྤྱོད་ལ་རག་ལུས་ཡོད། གཞན་གྱིས་རང་ལ་ཡིད་ཆེས་དང་བརྩི་འཇོག་ཐོབ་དགོས་ན། རང་གིས་མི་གཞན་ལ་ཕར་དེ་ལྟར་བྱེད་དགོས།
ཚན་པ་གཉིས་པའི་གསུམ་པ།
གྲོགས་བརྒྱ་ཡོད་ནའང་ཉུང་སྐྱོན་དང་། དགྲ་གཅིག་ཡོད་ནའང་མང་སྐྱོན་ཡིན་པས། གཞན་ལ་འཇམ་པོ་བྱས་ན་མཐུན་པའི་གཞི་ཡིན་པ་ལྟར། སློབ་གྲོགས་དང་ངོ་ཤེས་རིགས་ལ་རྩ་བའི་མཐུན་ལམ་བཟང་པོ་ཡོད་པ་གང་ཞིག་ལ། ཉེ་འགྱངས་འཚམས་པོ་ཞིག་བྱས་ན་ཕུགས་ལ་བརྟན་པ་ཡོང་།
ཚན་པ་གཉིས་པའི་གཉིས་པ།
ང་ཚོའི་སློབ་གྲོགས་ཁ་ཤས་ལ་སློབ་སྦྱོང་ཐད་གྲུབ་འབྲས་ཕྲན་ཙམ་ཐོབ་རྗེས། ང་རྒྱལ་ཁེངས་དྲེགས་སྐྱེས་ནས་ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་པ་ལྟར། རྒྱུན་པར་རང་ཉིད་ཀྱི་ཤེས་རྒྱ་ཆེའོ་སྙམ་པའི་རྣམ་འགྱུར་སྟོན་བཞིན་འདུག དེ་ནི་དངོས་གནས་ཅི་ཡང་མི་ཤེས་པའི་བྱིས་བློ་འབའ་ཞིག་རེད།
ཚན་པ་གཉིས་པའི་དང་པོ།
གཉེན་སྒྲིག་གི་རྟེན་འབྲེལ་དགའ་སྟོན་སྐབས་རང་དང་འབྲེལ་ཡོད་ངོ་ཤེས་ཀྱི་གྲྭ་བཙུན་རིགས་ལ་སྤྱིི་མཚུངས་མགྲོན་ཤོག་འབུལ་མི་རུང་། གལ་ཏེ་རང་ཉིད་ཀྱི་མི་ཚེ་ཆོས་འབྱོར་དགའ་བདེའི་དཔལ་ལ་ལོངས་སྤྱོད་རྒྱུ་ཡོང་བའི་སྨོན་ལམ་རེ་སྐུལ་འདྲ་ཞུ་རྒྱུ་ཡོད་ན། རྟེན་འབྲེལ་གྱི་སྔོན་རྗེས་གང་
གཟུགས་མཐོང་བརྙན་འཕྲིན་དང་ཀམ
ལས་ཀ་དང་སློབ་སྦྱོང་གི་དུས་ཚོད་གཏོང་དགོས་རིགས་ཕུད། དེ་མིན་གྱི་དུས་གསེང་སྐབས་གཟུགས་མཐོང་བརྙན་འཕྲིན་དང་། ཀམ་པུ་ཀྲར་ཐོག་དུས་ཚོད་མང་པོ་གཏོང་བ་དེས། མིག་ལ་གནོད་པར་མ་ཟད། དུས་ཚོད་འཕྲོ་བརླག་དང་།
