Skip to main content
ཤེས་རིག་ལས་ཁུངས།

ཨ་ཁུ་སྟོན་པས་ས་བདག་ཆེན་པོའི

ཨ་ཁུ་སྟོན་པས་ས་བདག་ཆེན་པོའི་མགོ་བརྡུངས་པ།

བསྟན་འཛིན་དཔལ་འཛོམས།འཛིན་གྲྭ་བཞི་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྩོམ་པ་པོ། སྐལ་བཟང་དབང་འདུས། ནང་དོན་སྙིང་བསྡུས། ཉིན་ཞིག་ཨ་ཁུ་སྟོན་པ་རང་གི་ཁྱིམ་ནས་ཐོན་ཏེ་ས་སྟོང་ཞིག་གི་སྟེང་ཞིང་ལས་འདེབས་པའི་སྐབས། འདོད་རྔམ་ཆེ་བའི་ས་བདག་ཡོང་ནས་ཁྱེད་དེ་ལ་ཞིང་ལས་བཏབ་ཚེ་ལོ་ཏོག་ཕྱེད་ཀ་ང་ལ་སྤྲད་དགོས་ཞེས་བཤད་པ་རེད། ཨ་ཁུ་སྟོན་པས་ཞིང་ས་འདེབས་པའི་སྐབས་ས་བདག་སར་བཅར་ཏེ། ཞིང་ལས་སྟོན་ཐོག་ནས་རྩེ་མོའམ་རྩ་བ་གང་དགོས་ཞེས་དྲིས། ས་བདག་གིས་ང་ལ་རྩེ་མོ་དགོས་ཞེས་ལན་བརྒྱབ། ལོ་དེར་ཨ་ཁུ་སྟོན་པས་ཞོ་ཁོག་བཏབ་སྟེ་ས་བདག་ལ་ལོ་ཏོག་གང་ཡང་བྱུང་མེད། ལོ་རྗེས་མར་ས་ཞིང་འདེབས་དུས་སུ་ཨ་ཁུ་སྟོན་པས་ས་བདག་སར་བསྐྱར་དུ་བཅར་ཏེ། ད་ལན་རྩེ་མོ་ཡང་ན་རྩ་བ་གང་དགོས་ཞེས་དྲིས་པར། ས་བདག་གིས་ཁྱུག་ཙམ་རིང་བསམ་བློ་ཞིབ་མོ་ཞིག་བཏང་རྗེས་ང་ལ་རྩ་བ་དགོས་ཞེས་བཤད། ལོ་དེར་ཨ་ཁུ་སྟོན་པས་གྲོ་ཡི་སྟོན་ཐོག་བཏབ་སྟེ་ལོ་དེ་ལ་ཡང་ས་བདག་ལ་ལོ་ཏོག་གང་ཡང་བྱུང་མེད། ཡང་རྗེས་ཀྱི་ལོར། ས་ཞིང་འདེབས་དུས་སུ་ཨ་ཁུ་སྟོན་པས་ས་བདག་སར་བཅར་ཏེ་ལོ་ཏོག་རྩེ་མོའམ་རྩ་བ་གང་དགོས་མིན་འདྲི་སྐབས། ས་བདག་གིས་ཧམ་བཤད་ཀྱིས་རྩེ་མོ་དང་རྩ་བ་གཉིས་ཀ་དགོས་ཞེས་བཤད། ཨ་ཁུ་སྟོན་པས་ལོ་དེར་ཨ་ཤོམ་བཏབ་སྟེ་ས་བདག་ལ་སྟོན་ཏོག་གང་ཡང་བྱུང་མེད་སྟབས་འདོད་རྔམ་ཅན་གྱི་ས་བདག་འུ་ཐུག་སྟེ་དེའི་རྗེས་ནས་ཨ་ཁུ་སྟོན་པ་ལ་བརྙས་བཅོས་བྱས་མེད། ཚིག་གསར་ཟུར་འདོན། ལོ་ཏོག བཅར། འདེབས། བསླབ་བྱ། འདོད་རྔམ་ནམ་ཡང་བྱེད་རྒྱུ་མེད། གལ་སྲིད་སོ་སོར་བརྙས་བཅོས་གཏོང་མཁན་བྱུང་ཚེ། ཨ་ཁུ་སྟོན་པ་བཞིན་རིག་པ་བཏང་སྟེ་དཀའ་ངལ་སེལ་ཐབས་གནང་དགོས།

སྤྱན་གཟིགས་ཁང་ལ་ཕྱིན་པ།

སྤྱན་གཟིགས་ཁང་ལ་ཕྱིན་པ།

བསྟན་འཛིན་སྨིན་གྲོལ།འཛིན་གྲྭ་བཞི་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། རྩོམ་པ་པོ། སྐལ་བཟང་དབང་འདུས། རི་མོ་བ། བསྟན་འཛིན་མེ་ཏོག ཤོག་གྲངས། ༡༢༤ སྒྲུང་གི་ནང་དོན་སྙིང་བསྡུས། གཟའ་ཉི་མའི་ཞོགས་པར་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་རྣམས་སྤྱན་གཟིགས་ཁང་དུ་ཁྲིད་འདུག ཁོ་ཚོས་དགེ་རྒན་རྣམ་པར་བཟོད་སྒོམ་མེད་པའི་ཐོག་སེམས་ཅན་དེའི་རྗེས་སུ་ག་རེ་ཞེས་སྐད་ཆ་འདྲི་ཡི་འདུག བསླབ་བྱ། བཟོད་སྒོམ་བྱེད་དགོས་པ་དེ་གལ་ཆེ། ཚིག་གསར་ཟུར་འདོན། རྒྱ་སྒོ། སྐུ་ཞབས་དྲི་ངན། རྩོམ་པ་པོ། དེ་ཝེད་ཝ་ལི་ཡམ། བོད་སྒྱུར་བ། བསྟན་འཛིན་ཆོས་སྐྱིད། རི་མོ་བ། དེ་ཝེད་ཝ་ལི་ཡམ། ཤོག་གྲངས། ༢༢༡ སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་སྐུ་ཞབས་དྲི་ངན་ལ་ཁྱི་ད་ཆེ་སཱི་ཟེར་བ་ཞིག་ཡོད། ཁོ་ལོ་ཝེ་ཡིས་ཁོར་རོགས་པ་དང་ཁོ་ལ་ཡིབ་ནས་ཤ་སྤྲད་ཀྱི་ཡོད། བསླབ་བྱ། སུ་ཡིན་ནའང་རོགས་པ་བྱེད་དགོས།

གཏོང་ཕོད་ཅན་གྱི་ལྗོན་ཤིང་།

གཏོང་ཕོད་ཅན་གྱི་ལྗོན་ཤིང་།

  ཨོ་རྒྱན་ཚེ་འཕེལ།འཛིན་གྲྭ་ལྔ་པ། ལོ་སྦར་སིང་སཾ་བྷོ་ཊ།   རྩོམ་པ་པོ། ཤཻལ་སི་ལི་བར་སེ་ཊེན། བོད་སྒྱུར་བ། བསོད་ནམས་བཟང་པོ། རི་མོ་བ། མགོན་པོ་དོན་གྲུབ། སྒྲང་དེབ་འདིའི་ནང་ཤོག་བུ་ ༡༥ འདུག སྒྲུང་འདིའི་ནང་མི་སྣ་གཙོ་བོ་ནི་ལྗོན་ཤིང་དང་བུ་ཆུང་ཆུང་ཞིག་ཡིན། དེའི་ནང་བུ་ཆུང་དང་ལྗོན་ཤིང་གི་བརྩེ་སེམས་སྐོར་ལ་རེད་འདུག ནང་དོན་སྙིང་བསྡུས། གནའ་སྔ་མོར་ལྗོན་ཤིང་ཞིག་གི་འགྲམ་དུ་བུ་ཆུང་ཆུང་ཞིག་ཉིན་ལྟར་ཡོང་ནས་ཁོའི་མཉམ་དུ་རྩེད་མོ་རྩེ་ཡི་ཡོད། ཁོ་གཉིས་ཕན་ཚུན་བརྩེ་བ་དང་དགའ་པོ་བྱེད་ཀྱི་ཡོད། བུ་ཆུང་དེ་ཆེ་རུ་འགྲོ་བཞིན་ལྗོན་ཤིང་གི་རང་སྲོག་སྦྱིན་པ་བཏང་ནས་བུ་དེ་ལ་ཤིང་ཡལ་ག་དང་ཤིང་འབྲས་ལོ་མ་སོགས་ཚང་མ་ལ་བཅད་ནས་ཁྲོམ་དུ་འཚོང་བ་རྒྱུགས། དེ་ནས་དངུལ་རག་པ་དེ་ཁྱེད་རང་སྐྱིད་པོ་སྡོད་ལབ་པ་རེད། དེའི་རྗེས་ཡུན་རིང་པོར་ལྗོན་ཤིང་གི་འགྲམ་དུ་བུ་དེ་མ་ཡོང་བས་ལྗོན་ཤིང་སེམས་པ་ཧ་ཅང་སྐྱོ་བ་རེད། ལོ་མང་པོ་རྗེས་བུ་དེ་རྒན་གོག་ཆགས་ནས་ལྗོན་ཤིང་གི་འགྲམ་དུ་སླེབས་པ་རེད། ལྗོན་ཤིང་གྱིས་ངས་ཁྱེད་ལ་སྤྲད་རྒྱུ་གང་ཡང་མེད་ཟེར་བ་དང་། རྒན་གོག་གིས་ང་ལ་ངལ་གསོ་རྒྱག་ཡག་མ་གཏོགས་གང་ཡང་མི་དགོས་ལབ་ནས་ལྗོན་ཤིང་གི་སྡོང་པོ་དེ་བཅད་ནས་དེའི་ཐོག་ལ་ངལ་གསོ་བརྒྱབ་པ་རེད། བསླབ་བྱ། སྒྲུང་དེབ་འདི་བཀླགས་རྗེས་ངས་བསམ་པར་སྡོང་པོ་དེ་ངའི་ཕ་མ་དང་བུ་ཆུང་ཆུང་དེ་ང་རང་ཡིན་པ་འདྲ་པོ་ཚོར་བྱུང། ང་ཚོའི་ཕ་མས་དཀའ་ལས་བརྒྱབ་ནས་སོ་སོའི་ཕྲུ་གུ་སྐྱིད་པོ་བཞག་གི་ཡོད། དེར་བརྟེན་ཕ་མའི་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་དགོས་པ་དང་ཕ་མ་ལ་དྲིན་ལན་འཇལ་རྒྱུ་དེ་ཡང་ཤེས་དགོས། ང་རང་གི་གྲོགས་པོ་ལ་ཡང་སྒྲུང་དེབ་འདི་ངོ་སྤྲོད་བྱས་ནས་སྒྲུང་ཡང་བཤད་ཡིན།

ངའི་མཛའ་བརྩེ་ལྡན་པའི་ཨ་མ།

ངའི་མཛའ་བརྩེ་ལྡན་པའི་ཨ་མ།

བསྟན་འཛིན་སྣང་མཛེས།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། སྤྱིར་འཇིག་རྟེན་འདིའི་ནང་ཨ་མ་ཟེར་བ་དེ་དངོས་ནས་གལ་ཆེན་པོ་རེད་འདུག གལ་སྲིད་ང་ཚོར་གྲོགས་མོ་ཞིག་དགོས་བསམས་ན་བཟོ་ཐུབ་པ་དང་། ཁ་ལག་ཞིག་དགོས་སྙམ་ན་དཀའ་ལས་བརྒྱབ་ནས་རག་ཐུབ་ཀྱི་རེད། འོན་ཀྱང་། ཨ་མ་མེད་ན་ག་པར་འཚོལ་དུ་འགྲོ་མཁན་ཡིན་ནམ། ཨ་མའི་ལས་འགན་ནི་རང་ཉིད་ཀྱི་ཕྲུ་གུར་ལྟ་སྐྱོང་ཡག་པོ་བྱ་རྒྱུ་དང་གཟུགས་པོ་བདེ་ཐང་བཟོ་རྒྱུ་དེ་རེད། ཨ་མའི་བྱམས་སྐྱོང་དང་བརྩེ་བ་ནི་ང་ཚོས་གསེར་ལྟ་བུར་རྩི་དགོས། དེ་ནང་བཞིན་གྱི་ང་ལ་ཡང་ཨ་མ་ལགས་ཤིག་ཡོད། ཁོང་ནི་དཀར་ཞིང་མཛེས་ལ་ཡིད་དུ་འོང་བ། ལག་སྙིང་རྗེ་བོ། བྱ་བྱིའུ་ལྟར་གསུངས་སྐད་ཧ་ཅང་སྙན་པོ། ཤེས་ཡོན་སློབ་སྦྱོང་ལྡན་པ། ད་དུང་ཁོ་རང་སེམས་པའང་ཡག་པོ་ཡོད། ང་ཆུང་ཆུང་སྐབས་ངས་ཨ་མར་གཟུགས་པོ་འཁྲུ་བཅུག་པ་དང་རྙོག་དྲ་མང་པོ་བཤད་ཀྱི་ཡོད། དེར་བརྟེན་ད་ལྟ་ང་དངོས་གནས་འགྱོད་པ་སྐྱེས་ཀྱི་འདུག ད་ལྟ་ཨ་མ་ལགས་ཁོང་བདེ་སྲུང་ལས་བྱེད་རེད། ཁོང་གི་སློབ་ཚན་དགའ་ཤོས་ནི་གཞས་དང་རྒྱ་ཡིག བོད་ཡིག དབྱིན་ཡིག་བཅས་རེད། ངའི་ཨ་མ་ལགས་ཀྱིས་ང་ཆུང་བྱིས་པའི་དུས་ནས་ད་བར་གསོ་སྐྱོང་གནང་རེད། རྗེས་མ་ང་ཚར་ལོངས་བྱུང་བའི་སྐབས་ཨ་མ་ལགས་ལ་ངས་ཁ་ལག་ཞིམ་པོ་ཕུལ་རྒྱུ་དང་། གླིང་སྐོར་ལ་འཁྲིད་གནང་རྒྱུ། ད་དུང་གྱོན་ཆས་སོགས་ཉོ་རྒྱུ་ང་རང་ངོས་ནས་གང་ཐུབ་ཅི་ཐུབ་གནང་རྒྱུ་དང་། དེ་བཞིན་ཨ་མ་ལགས་ལ་ཞབས་ཕྱི་དང་སྦྲགས་དྲིན་ལན་འཇལ་རྒྱུ་དེ་ངའི་མི་ཚེའི་ནང་གི་དམ་བཅའ་ཆེན་པོ་ཞིག་ཡིན། ད་དུང་ངས་ཨ་མ་ལགས་ལ་ཕྱག་རོགས་ཀྱང་ཞུ་རྒྱུ་ཡིན། ངའི་སེམས་ནང་ཨ་མ་ལགས་ངའི་སྙིང་ལྟ་བུ་རེད། བྱས་ན་ངས་ང་རང་གི་ཨ་མ་ལགས་ངོ་སྤྲོད་ཞུ་རྒྱུ་ཡིན། ཨ་མ་ལགས་ཀྱི་མཚན་ལ་ཚེ་དབྱངས་ཟེར་ཞིང་ཁོང་ད་ལྟ་དགུང་གྲངས་ ༤༣ ལ་ཕེབས་ཡོད། ངའི་ཨ་མ་ལགས་ཀྱི་ཞལ་རས་དཀར་གསལ་ཟླ་བ་དེ་ཡིད་ལ་ཉིན་ལྟར་འཁོར་གྱི་འདུག ཨ་མ་ལགས་ཀྱི་ཚོན་མདོག་དགའ་ཤོས་ནི་སྔོན་པོ་དང་རྒྱ་སྨྱུག་རེད། ངས་རི་མོ་ཆུང་ཆུང་སྤུས་ལེགས་ཤིག་བྲིས་ན་ཡང་། ངའི་ཨ་མ་ལགས་སེམས་ཧ་ཅང་སྐྱིད་པོ་བྱུང་གི་རེད། དུས་རྒྱུན་དུ་ངས་བསམ་བློ་གཏོང་དགོས་པ་དེ་ནི་ཚེ་སྔོན་ངས་ལས་ཡག་པོ་བསགས་པས་ཚེ་འདིར་ང་ཤ་ཚ་བའི་ཨ་མ་ཞིག་གི་ཁོག་པའི་ནང་ནས་སྐྱེས་པ་དེ་ང་བསོད་ནམས་དང་སྤོབས་པ་ཡིན་སྙམ་གྱི་འདུག ད་ལོ་ང་བོད་ཁྱིམ་གོ་པལ་པུར་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན་པས་ང་རང་རང་ཉིད་ཀྱི་ངོས་ནས་ཨ་མ་ལགས་ལ་ཕྱག་རོགས་ཞུ་རྒྱུ་གཅིག་པུར་མ་ཡིན་པར་སློབ་སྦྱོང་ཡང་ཡག་པོ་བྱ་རྒྱུ་དང་། སྤྱོད་པ་ཡག་པོ་བྱ་རྒྱུ་དེ་ཡང་ངའི་ལས་འགན་རེད། ང་ངའི་ཨ་མ་ལགས་ཀྱི་ཁོག་པའི་ནང་ཡོད་སྐབས། ཁོང་གིས་ང་ལ་ན་ཚ་གང་ཡང་མ་ཡོང་བའི་ཆེད་དུ་ཞབས་བརྟན་བྱས་པ་དང་། ཞལ་འདོན་བཏོན་པ་སོགས་གནང་བ་དེ་ངས་ནམ་ཡང་བརྗེད་མི་སྲིད། ད་དུང་ངའི་ཨ་མ་ལགས་ཀྱིས་སོ་སོའི་ཕྲུ་གུར་ཡག་པོ་བྱེད་རྒྱུ་གཅིག་པུར་མ་ཡིན་པར་ཨ་མ་ཧ་ཅང་ཡག་པོ་གནང་གི་རེད། ངའི་མཛའ་བརྩེ་ལྡན་པའི་ཨ་མ་ནི་འཇིག་རྟེན་འདིའི་ནང་ང་ལ་བྱམས་སྐྱོང་ཡག་ཤོས་གནང་མཁན་དང་། བརྩེ་བ་མང་ཤོས་གནང་མཁན་ཞིག་ཡིན། ངའི་ཨ་མ་ལགས་ནི་ཕྱི་ལོ་ ༡༩༧༨ ཟླ ༢ ཚེས་ ༡༦ ཉིན་འཁྲུངས་པ་རེད། ད་བར་ཨ་མ་ཁྱེད་ཀྱིས་ང་ལ་གསོ་སྐྱོང་ཧ་ཅང་ཡག་པོ་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན། ཨ་མ། ས་ཕྱོགས་གང་སར་བསྐྱོད་ཀྱང་།།ཨ་མ་ཁྱེད་ཀྱི་ཞལ་རས།།ཡིད་དབང་འཕྲོག་པའི་རྣམ་པ།།སེམས་ནང་ཡང་ཡང་འཁོར་གྱི།།

བདག་གི་དྲིན་ཆེན་ཕ་མ།

བདག་གི་དྲིན་ཆེན་ཕ་མ།

པདྨ་ཚེ་རིང་།འཛིན་གྲྭ་དྲུག་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། སའི་གོ་ལ་འདིའི་ཐོག་མི་ཚང་མ་ལ་དྲིན་ཆེན་ཕ་མ་གཉིས་ལས་མེད། མི་ཁ་ཤས་ལ་པ་ཕ་ཡོད་ན་ཡང་ཨ་མ་མེད། ཁ་ཤས་ལ་ཨ་མ་ཡོད་ཀྱང་པ་ཕ་མེད། འོན་ཀྱང་ཁ་ཤས་ལ་ཕ་མ་གཉིས་ཀ་ཡོད་པས་བཀའ་དྲིན་ཆེན་པོ་རྩི་དགོས་ཀྱི་ཡོད། ཨ་མས་ང་ཚོ་ཟླ་དགུ་མངལ་ནང་ཉར་བ་དང་། ཁོག་པའི་ནང་ཉར་དུས་དཀའ་ལས་ཚད་མེད་མྱོངས་རེད། ང་ཚོའི་ཆེད་དུ་ཨ་མས་དུས་གསུམ་གྱི་ཟས་དེ་ཡང་ཁོ་རང་ཚོའི་ཟ་འདོད་ཡོད་པའི་ཟས་དེ་མ་མཆོད་ནས་ཕྲུ་གུ་ལ་ཕན་པའི་ཟས་མཆོད་པ་དང་། གུས་མོ་སྐྱེས་པ་ནས་ད་བར་གསོ་སྐྱོང་ཡག་པོ་བྱས་ནས་སྡོད་མཁན་དེ་ཡང་དྲིན་ཆེན་ཕ་མ་དེ་གཉིས་ལས་མེད། ང་ཆུང་དུས་ཕ་མས་ང་ལ་ཁ་ལག་ཞིམ་རི་ཞིམ་ཚད་སྤྲད་པ་དང་། མཚན་མོ་གུས་མོ་ནད་པ་ཆགས་དུས་ཕ་མ་གཉིས་གཉིད་མ་ཁུག་ནས་ཡར་ལངས་ཏེ་ལྟ་སྐྱོང་བྱེད་ནས་བསྡད་པ་དང་། རིམ་བཞིན་ང་ཆེ་རུ་འགྲོ་དུས་ཕ་མ་གཉིས་དང་ཁ་བྲལ་ཏེ་ས་གནས་གཞན་དུ་སློབ་སྦྱོང་བྱེད་དུ་བཏང་བ་དེ་ནི་རྗེས་སུ་མི་ཚེའི་ནང་དཀའ་ངལ་མི་ཡོང་བའི་ཆེད་ཡིན། ཕ་མ་གཉིས་ལ་དགོས་རྒྱུ་དེ་ནི་ང་ནར་གསོན་ནས་མི་བཟང་པོ་ཞིག་ཆགས་རྒྱུ་དེ་རེད། ཕ་མ་རྣམས་ཀྱིས་ང་ཚོའི་ཆེད་དུ་ཉིན་མཚན་མེད་པ་ལས་ཀ་བྱེད་པ་དང་། ཆུང་དུས་ནས་བསླབ་བྱ་ཡག་པོ་རིགས་རྒྱག་གི་ཡོད། ང་ཚོས་ཕ་མ་གཉིས་ཀྱི་ཞལ་ལ་ཉན་པོ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ཕ་མ་ལ་ཁོང་ཁྲོ་སྟོན་པ་དང་། ཕ་མ་ལ་ཁ་ལན་ལོག་ན་ཕ་མ་མགྱོགས་པོ་དབུ་སྐྲ་དཀར་པོ་སྒྱུར་བ་དང་། མགྱོགས་པོ་རྒན་ཁོག་ཆགས་ཀྱི་རེད། ད་ལྟ་བར་ཕ་མ་གཉིས་ནས་བྱམས་སྐྱོང་དང་བརྩེ་བ་སྤྲད་པ་དེ་དག་གསེར་ལྟ་བུར་རྩི་ཡི་ཡོད། ད་བར་ང་ལ་སློབ་སྦྱོང་དང་ཤེས་ཡོན་སྤྲད་པ་དེ་ངས་སེམས་ལ་བཅངས་ཡོད། ང་ཐོག་མ་ཕྱི་ལོ་ ༢༠༡༩ ལོར་བོད་ཁྱིམ་གོ་པལ་པུར་སློབ་གྲྭར་ཕ་མ་དང་ཁ་བྲལ་ནས་ཡོངས་དུས་ཉིན་ལྟར་ཕ་མ་དྲན་པ་དང་། ད་དུང་ང་རང་ཆུང་ཆུང་ཡིན་པས་མཚན་མོ་ངུ་ནས་བསྡད་ཀྱི་ཡོད། ཕ་མ་ཡི་ང་ལ་དུས་གསུམ་གྱིས་ཟས་སྤྲད་པ་དང་། ངའི་འདོད་པ་སྒྲུབ་ཆེད་ཉིན་ལྟར་སྐུ་ལས་སྐྱོན་གྱི་ཡོད། དེང་སང་ཁ་པར་གྱི་བཀའ་དྲིན་གྱིས་ཕ་མ་གཉིས་ལ་གཟའ་ཉི་མ་རྟག་པར་ཁ་པར་གཏོང་ཐུབ་ཀྱི་འདུག་པས་ཕ་མ་དང་མཉམ་དུ་ཡོད་པའི་ཚོར་བ་སླེབས་ཀྱི་འདུག འཇིག་རྟེན་འདིའི་ནང་བརྩེ་གདུང་ཆེ་མང་ཤོས་ཕྲུ་གུ་དང་ཕ་མ་དབར་ཡོད། ད་ལྟ་ང་ཚོ་ཆུང་ཆུང་ཡིན་པས་ཕ་མ་གཉིས་ཀྱིས་སྐུ་ལས་བསྐྱོན་ནས་ང་ཚོ་གསེར་ནང་བཞིན་བཞག་གི་ཡོད། རྗེས་སུ་ང་ནར་གསོན་ན་སློབ་སྦྱོང་ཡག་པོ་སྦྱངས་ནས་ལས་ཀ་བྱས་ནས་ཕ་མ་གཉིས་འཛམ་གླིང་གང་ཚང་ལ་ཁྲིད་ནས་ཁང་པ་འཛིག་པོ་རིགས་ཀྱི་ནང་བཞག་པ་དང་། ཁ་ལག་ཞིམ་རི་ཞིམ་ཚད་ཕུལ་བ་དང་། ཕ་མ་གཉིས་ཀྱི་འདོད་པ་དེ་སྒྲུབ་རྒྱུའི་ཆེད་དུ་ང་རང་སློབ་སྦྱོང་ཡག་པོ་སྦྱང་གི་ཡིན། ངས་དྲིན་ཆེན་ཕ་མ་གཉིས་ཀྱི་སེམས་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་ཡོད། ཕ་མ་རྣམས་ཀྱིས་མཚམས་མཚམས་གཤེ་གཤེ་གཏོང་དུས་སེམས་སྐྱོ་ནས་ཕ་མ་ལ་ཁོང་ཁྲོ་བསྟན་རྒྱུ་མེད། རྒྱུ་མཚན་ནི་ཁོང་ཚོས་ང་ཚོ་ལ་རྩེ་གདུང་མང་པོ་ཡོད་ཙང་ཡིན། ད་ལྟ་བར་འཇིག་བརྟེན་འདིའི་ནང་ཕྲུ་གུ་སུ་གང་གཅིག་ལ་ཕ་མ་ཡིས་གཤེ་གཤེ་མ་བཏང་བ་མེད། གང་ཡིན་ཟེར་ན་ཕ་མ་དང་ཕྲུ་གུ་བར་བརྩེ་གདུང་ཡོད། ཆུང་དུས་ང་ཕ་མ་དང་ཁ་བྲལ་ནས་སླེབས་དུས་ཨ་མས་ང་དྲན་ནས་ཉིན་ལྟར་དཀའ་ལས་ཚད་མེད་བསྐྱོན་གྱི་ཡོད། ཕ་མ་གཉིས་ཀྱིས་ངའི་རེ་བ་ཆ་ཚང་སྒྲུབ་པ་བྱས་སོང་། བྱས་ཙང་འཇིག་བརྟེན་འདིའི་ནང་ཕ་མ་ཁྱེད་གཉིས་གནས་པར་ང་རང་ཧ་ཅང་སྐྱིད་པོ་འདུག ཕ་མ་ཁྱེད་གཉིས་ཀྱིས་ང་ལ་ཟ་ཡ་འཐུང་ཡ་ཉལ་ཡ་བསྡོད་ཡ་བསླབ་པར་བརྟེན་ད་ལྟ་ང་བུ་མོ་ཡག་པོ་ཞིག་ཆགས་ཡོད། འཇིག་བརྟེན་འདིའི་ནང་ཕ་མ་ཁ་ཤས་ཀྱིས་ཕྲུ་གུ་གཡུགས་པ་དང་། ཡང་ཕ་མ་ཁ་ཤས་ཀྱིས་ཕྲུ་གུ་ལ་དུས་གསུམ་ཁ་ལག་མ་སྤྲད་པ་དང་ཆུང་ཆུང་ནས་ཕྲུ་གུ་ལ་སྣགས་པོ་བྱེད་ཀྱི་ཡོད། ཡིན་ན་ཡང་། ཕ་མ་ཁྱེད་གཉིས་ཀྱིས་ང་ལ་ང་རང་གང་འདོད་པ་ཡོད་པ་བྱེད་བཅུག་པ་དང་ད་ལྟ་བར་ང་ལ་སེམས་སྣགས་པོ་བྱས་མ་སོང་། ང་སློབ་གྲྭ་སྙིང་རྗེ་མོ་དེའི་ནང་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་རག་ནས་ད་ལྟ་སློབ་སྦྱོང་བྱེད་བཞིན་ཡོད་པ་དེ་ཕ་མ་ཁྱེད་གཉིས་ཀྱི་བཀའ་དྲིན་དང་༧གོང་ས་མཆོག་གི་བཀའ་དྲིན་ཡིན། ཕ་མ་ང་གཉིས་བར་རྡོ་ལ་རི་མོ་བཀོད་པ་ལྟར་བརྩེ་བ་ཡོད། ཚིག་བཅད། འཇིག་རྟེན་དེའི་ནང་ལ་ཨ་མ་མང་པོ་ཡོད་ཀྱང་།།ང་ཡི་ཨ་མ་དགའ་ཤོས།།བསྟན་འཛིན་དཔལ་སྒྲོན་ཡིན་ནོ།། འཇིག་རྟེན་དེའི་ནང་དུ་པ་ལག་མང་པོ་ཡོད་ཀྱང་།།ང་ཡི་པ་ལགས་དགའ་ཤོས།།རྡོ་རྗེ་རྒྱལ་པོ་ཡིན་ནོ།།