Skip to main content
ཤེས་རིག་ལས་ཁུངས།

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་ཚེ་འཕེལ།འཛིན་རིམ་བརྒྱད་པ། སཾ་བྷོ་ཊ་གུ་རུ་པུ་ར། བོད་ཀྱི་གནའ་བོའི་ལོ་རྒྱུས་ནང་འཕོ་འགྱུར་ཇི་འདྲ་ཞིག་བྱུང་མིན་ལ་མ་ལྟ་པར་ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས་བོད་ཀྱི་ཆབ་སྲིད་གནས་བབ་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད། ཕྱི་ལོ་ ༡༩༡༣ ནས་ ༡༩༥༠ ལོ་བར་བོད་ཀྱི་ཕྱི་འབྲེལ་ལས་དོན་རྣམས་བོད་གཞུང་རང་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། འབྲེལ་བ་བྱེད་ཡུལ་རྒྱལ་ཁབ་གཞན་ཁག་གིས་བོད་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་ལེན་བྱས་ཡོད་པ་གཞུང་འབྲེལ་གྱི་ཡིག་ཆ་ཁག་ནས་རྟོགས་ཐུབ། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམག་དཔུང་གིས་བོད་དུ་བཙན་འཛུལ་བྱེད་སྐབས་བོད་ནི་ཁྲིམས་ཐོག་དང་། དངོས་ཡོད་གནས་ཚུལ་གཉིས་ཐད་ནས་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་རེད། བོད་ལ་རྒྱ་ནག་གིས་དྲག་པོའི་བཙན་འཛུལ་བྱས་པ་དེས་བོད་རང་བཅན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མཚོན་གྱི་ཡོད། རྒྱ་གཞུང་གིས་བོད་ལ་བཙན་བཟུང་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་གསལ་པོ་རེད། ད་ལྟའང་རྒྱ་ནག་གཞུང་གིས་དམག་མི་ཁྲི་ཕྲག་མང་པོ་བཏང་སྟེ་བོད་རྒྱ་ནག་གི་བཙན་དབང་འོག་མུ་མཐུད་བཞག་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་བ་མ་ཟད། བོད་ནང་གི་གཞི་རྩའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྡོག་རོལ་ཏུ་བཏང་བ་ཞིག་མ་ཡིན་ནམ། རྒྱ་ནག་གཞུང་གིས་ཧམ་པ་ཆེན་པོས་བོད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ལུགས་བརྗོད་ཀྱི་ཡོད་ཀྱང་། བོད་ལ་སོག་པོ། གོར་ཥ། རྒྱ་གར་དབྱིན་གཞུང་བཅས་ཀྱི་དབར་ཆོས་དང་ཚོང་གི་འབྲེལ་བ་སོགས་ཤུགས་རྐྱེན་ཆེ་ཆུང་སྣ་ཚོགས་སླེབས་མྱོང་ཡོད་ཀྱང་རྒྱལ་ཁབ་སུ་ཞིག་གིས་ཀྱང་རྩོད་པ་རྒྱག་གི་མེད། དུས་སྐབས་ཁ་ཤས་ནང་རྒྱ་ནག་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་འགའ་ཞིག་བོད་ཀྱི་དབང་ཤུགས་འོག་གནས་དགོས་པའང་བྱུང་ཡོད། འཛམ་གླིང་ནང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེ་ཚོའི་ལོ་རྒྱུས་ནང་རྒྱལ་ཁབ་གཞན་གྱི་དབང་ཤུགས་དང་ཐེ་བྱུས་རྩ་བ་ནས་སླེབས་མ་མྱོང་བ་ནི་ཧ་ཅང་དཀོན་པོ་རེད། བོད་ནང་ཕྱིའི་རྒྱལ་ཁབ་གཞན་གྱི་ཤུགས་རྐྱེན་དང་། ཐེ་བྱུས་བྱུང་བ་དེ་དག་གི་ནུས་ཤུགས་ཧ་ཅང་ཆུང་ལ་དུས་ཚོད་ཀྱང་ཐུང་ངུ་རེད། ཕྱི་ལོ་ ༡༩༡༣ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་འཛམ་གླིང་རྒྱལ་སྤྱིའི་ནང་བོད་རང་བཙན་གཙང་མ་ཡིན་པའི་གསལ་བསྒྲགས་གནང་ནས་ཕྱི་ལོ་ ༡༩༥༠ ལོ་བར་བོད་དེ་རྒྱལ་ཁབ་ཅིག་གི་ངོ་བོ་ལྡན་པའི་རྒྱལ་སྤྱིའི་ཁྲིམས་དོན་ཐོག་གི་ཆ་རྐྱེན་ཆབ་འབངས་དང་། མངའ་ཁུལ། མངའ་ཁུལ་གྱི་འཛིན་སྐྱོང་བྱེད་མཁན་སྲིད་གཞུང་ཡོངས་རྫོགས་ཚང་ཡོད། བོད་རང་དབང་རང་བཙན་དུ་གནས་པའི་ཁུངས་སྐྱེལ་ཤིན་ཏུ་མང་པོ་ཡོད་པ་དེ་དག་འཛམ་གླིང་ཁྲིམས་དོན་མཁས་པ་དང་བོད་རྒྱའི་སྐོར་ཞིབ་འཇུག་གནང་མཁན་མཁས་པ་ཁག་གིས་ཁས་ལེན་གནང་གི་ཡོད། བོད་ལ་མཚོན་ན་རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་ཁོང་ཚོར་ཡོད་པའི་ཁུངས་སྐྱེལ་བཟོ་ཆེད། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་འཁྱོག་བཤད་རྫུན་བཟོ་བྱས་དང་བྱེད་བཞིན་ཡོད། བོད་ནི་མི་རིགས་དང་། སྐད་ཡིག རིག་གཞུང་། གོམས་གཤིས་སོགས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་སོགས་དང་འབྲེལ་མེད་ཐ་དད་རེད། ས་ཆའི་ཆ་ནས་ཀྱང་བོད་ནི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་ནས་ཡང་ཐོག་གམ་ས་ཆ་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་རེད། བོད་ནང་ཡོད་པའི་བོད་མི་མང་ཆེ་བ་ནང་པའི་ཆོས་ལ་དད་པ་བྱེད་ཀྱི་ཡོད། བོད་ཀྱི་གདོད་མའི་ཆོས་ལུགས་ནི་བོན་པོ་རེད། བོད་ལ་བོན་པོ་དང་ཁ་ཆེའི་ཆོས་བྱེད་མཁན་ཡང་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་དེ་རྒྱ་ནག་གིས་བཙན་བཟུང་མ་བྱས་གོང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བོད་ནང་ལོ་དགུའི་རིང་ཆབ་སྲིད་བསྐྱངས་གནང་བ་རེད། ཁོང་ཀི་བཀའ་དྲིན་གྱིས་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཀྱང་ད་བར་བོད་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་མ་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱས་དང་བྱེད་བཞིན་ཡོད།

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

སྒྲོལ་མ་ཆོ་ཆ།འཛིན་རིམ་བརྒྱད་པ། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། བོད་ནི་རྒྱལ་ཁབ་གཞན་དང་མི་འདྲ་བ་འཛམ་གླིང་གི་ཡང་རྩེར་ཆགས་ཤིང་ཕྱོགས་མཐའ་ཀུན་གངས་རིས་བསྐོར་ཡོད། གངས་རི་ལས་རྒྱ་མཚོར་འབབ་པའི་གཙང་པོ་མང་པོ་ཞིག་གི་འབྱུང་ཁྱུངས་ཡིན་པ་མ་ཟད། འཛམ་གླིང་ནང་གི་མི་འབོར་ཆེས་མང་བའི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་སོགས་ཨེ་ཤི་ཡེའི་རྒྱལ་ཁབ་མང་པོ་ཞིག་གི་ཆུའི་འབྱུང་ཁུངས་གཙོ་བོ་དེ་ཡིན་པས་ཨེ་ཤི་ཡེའི་ཆུ་མཛོད་ཀྱང་ཟེར། བོད་ལ་རྒྱུགས་ཆུ་མང་པོ་ཡོད་པ་དེ་དག་གི་མིང་ནི། འབྲི་ཆུ། རྨ་ཆུ། རྫ་ཆུ། དེ་བཞིན་གླང་ཆེན་ཁ་འབབ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། སེང་གེ་ཁ་འབབ་སོགས་ཡོད། བོད་ནི་ས་ཆ་མཐོ་བོ་ཡོད་པས་ཁོར་ཡུག་གཙང་ཞིང་ལྗང་ཐིང་ཐིང་གི་སྤང་ཐང་སྟེང་མེ་ཏོག་འདྲ་མིན་བཞད་ཡོད་པས་མཐོང་བ་ཙམ་གྱི་སེམས་ལ་བདེ་བ་སྦྱིན། བོད་ལ་རི་མཐོ་བོ་མང་པོ་ཡོད། དཔེར་ན། ཇོ་མོ་གླང་མ། ཨ་མྱེས་རྨ་ཆེན། རོང་བཙན་ཁ་བ་དཀར་པོ། གདང་ལ་རི་རྒྱུད། སོགས་ཡོད་པས་ཕྱིའི་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་མང་པོ་ཡོད། བོད་ཀྱི་ས་ཆ་མང་ཆེ་བ་ནགས་ཚལ་དང་རི་མཚོ་རྒྱུགས་ཆུ་ཡི་ཁེངས་ཡོད། ནགས་ཚལ་ནང་སེམས་ཅན་རིགས་འདྲ་མིན་ཡོད། བོད་མིའི་འཚོ་བ་མང་ཆེ་བ་ཞིང་པ་དང་བཟོ་ལས་རིགས། ཚོང་པ་དང་འབྲོག་པ་ཡིན། འབྲོག་པའི་འཚོ་བ་ནི་མང་ཆེ་བ་སྒོ་ཕྱུགས་སེམས་ཅན་ལ་རྟེན་ནས་སྐྱེལ་གྱི་ཡོད། བོད་མི་ཚོས་བོད་ཟས་རྩམ་པ་དང་མར། ཕྱུ་ར། གཡག་ཤ བོད་ཇ་སོགས་ཟ་ཡི་ཡོད། བོད་ཀྱི་ཟས་ནི་རྒྱལ་ཁབ་གཞན་དང་མི་འདྲ་བ་ཐུན་མོང་མ་ཡིན་པའི་ཟས་ཤིག་ཡིན། རྩམ་པ་ནི་བོད་མི་ཚང་མས་གཅིག་གྱུར་དུ་ལོངས་སུ་སྤྱོད་པའི་ཟས་རིགས་ཡིན། རྩམ་པ་ལ་ནས་རྩམ་དང་འབྲུ་རྩམ། སྲན་རྩམ། སོགས་རིགས་ཀྱང་མི་འདྲ་བ་ཡོད། བོད་ཀྱི་རྩམ་པ་ནི་ཆུ་འཐག་གི་རྩམ་པ་ཡིན་པས་ཁ་ལ་ཞིམ་པ་བྲོ་བ་ཆེན་པོ་ཡོད། བོད་ལ་རང་བྱུང་གཏེར་ཁ་མང་པོ་ཡོད། གསེར། དངུལ། ཟངས། རྡོ་སོལ། ལྕགས་མ་ཟད། ལུས་ལ་ཕན་པའི་སྨན་རྩ་རིགས་སྣ་ཚོགས་ཀྱང་ཡོད། བོད་དེ་ཆོས་ལྡན་གྱི་ཞིང་ཁམས་ཡིན་པས། བོད་མི་ཚོ་ཆོས་སེམས་ཆེན་པོ་དང་སྙིང་རྗེ་ཆེ་བ། སེམས་རྒྱུད་བཟང་པོ་ཡོད། བོད་མི་མང་ཆེ་བ་ནང་པ་ཡིན། བོད་ཀྱི་ཐོག་མའི་ཆོས་དེ་བོན་ཆོས་དང་བོད་ཀྱི་རྒྱལ་པོ་ཐོག་མ་དེ་གཉའ་ཁྲི་བཙན་པོ་ཡིན། བོད་ཀྱི་རྒྱལ་ས་ནི་ལྷ་ས་དང་དེ་འཛམ་གླིང་ནང་གི་རྒྱལ་ས་མཐོ་ཤོས་ཤིག་ཡིན། བོད་ལ་དགོན་པ་དང་མཆོད་རྟེན། གཙུགས་ལག་ཁང་། ལྷ་ཁང་སོགས་སྟོང་ཕྲག་མང་པོ་ཡོད་པས། ས་ཆ་གང་དུ་ཕྱིན་ཀྱང་གནས་མཇལ་ས་དང་རླུང་རྟ་གཏོང་སོགས་ཆོས་འབྲེལ་གྱི་བྱེད་སྒོ་ཧ་ཅང་མང་པོ་མཐོང་རྒྱུ་ཡོད། བོད་ལ་དུས་ཆེན་མང་པོ་ཡོད་ཀྱང་མང་ཆེ་བ་ཆོས་དང་འབྲེལ་བའི་དུས་ཆེན་ཡིན་པས། བོད་ཕྲུག་ཆུང་ཆུང་ཚོ་ཡང་དགོན་པ་སྐོར་བ་དང་ཆོས་འཇལ་དུ་འགྲོ་རྒྱུ་དགའ་པོ་ཡོད། […]

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་སྒྲོལ་མ།འཛིན་རིམ་དྲུག་པ། བྷེལ་ཀོབ་བདེ་སླར་སཾ་བྷོ་ཊ་སི་ཝི་པི། དང་པོ་བོད་ཀྱི་ས་ཆུའི་སྐོར། བོད་གངས་ཅན་གྱི་ལྗོངས་འདི་འཛམ་གླིང་འདིའི་ནང་དུ་ས་ཆ་མཐོ་ཤོས་ཤིག་ཡིན་ཞིང་རི་མགོ་གངས་ཀྱིས་བསྐོར། རི་སྐེད་ནགས་ཀྱིས་བསྐོར། རི་འདབས་སུ་སྤང་ཐང་ལྗང་ཐེང་ཐེང་གི་སྟེང་དུ་མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཞིང་། མཛེས་སྡུག་ཕུན་སུམ་ཚོགས་པས་མི་སུ་འདྲ་ཞིག་ཡིན་རུང་ཡིད་དབང་མ་འཕྲོག་མཁན་སུ་ཡང་མེད། བོད་ནི་གླིང་ཆེན་ཨེ་ཤི་ཡ་ཡི་ཆུ་ཐམས་ཅད་ཀྱི་འབྱུང་ཁུངས་རེད་ཟེར་ནའང་མ་ཆོག་པ་མེད། ཁ་འབབ་རྣམ་བཞི་ཡི་མཚོན་པས་ཆུ་བོ་གཙང་ཞིང་ཡིད་དུ་འོང་བ་ཧ་ཅང་མང་པོ་ཡོད། བོད་ཀྱི་རྒྱལ་ས་ལྷ་ས་ཡིན། ཕོ་བྲང་པོ་ཏ་ལ་ཡང་དེར་ཡོད། བོད་ལ་གྲོང་སྡེ་དང་གྲོང་གསེབ་ཆེ་ཆུང་སྣ་ཚོགས་ཞིག་ཡོད་པ་དེ་བཞིན་སྐད་ཀྱང་སྒྲ་གདངས་འདྲ་མི་འདྲ་སྣ་ཚོགས་ཤིག་མཆིས། བོད་ནི་རིག་གཞུང་ཕུན་སུན་ཚོགས་པའི་རྒྱལ་ཁབ་ཅིག་ཡིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བོད་རྒྱ་ནག་གིས་བཙན་འཛུལ་དབང་སྒྱུར་བྱས་པའི་འོག་གནས་ཡོད་པ་རེད། གཉིས་པ་བོད་ཀྱི་གྱོན་ཆས། བོད་ནི་གནམ་གཤིས་གྲང་མོ་ཡིན་པ་དང་དགུན་ཁ་ཧ་ཅང་གྲང་བས་བོད་མི་ཚོས་པགས་པའི་རིགས་ཀྱི་གྱོན་ཆས་གོན་གྱི་ཡོད། བོད་ལ་གཟབ་སྤྲོས་གྱོན་ཆས་གོན་དུས་སྤུ་རིགས་དང་ཤེར་མ་གྱོན་གྱི་ཡོད། བོད་པའི་བུ་མོ་ཚོས་ཕྱུ་པ་དང་བོད་པའི་བུ་ཚོས་ཕོ་ཕྱུ་གྱོན་གྱི་ཡོད། བོད་ལ་དུག་ལོག་བཟོ་སྟངས་སྣ་མང་ཡོད་ཅིང་ས་ཆ་སོ་སོར་གྱོན་གོས་བཟོས་ནས་འཚོང་གི་ཡོད། ད་དུང་བུ་དང་བུ་མོའི་ལྷམ་ཡང་བཟོས་ནས་འཚོང་གི་ཡོད། བུ་མོ་ལ་བཟོས་པ་སྐོབས་རྩ་ཞེས་ལྷམ་དབྱེ་བ་གཉིས་ཡོད། སྟོད་ཀྱི་བུ་མོ་སྐྱེབ་ལྡན་དཀྲི། མདུན་ལ་དངུལ་གྱི་ལྡེགས་རི་གྱོན་གྱི་ཡོད། བོད་ཀྱི་བུ་མོའི་མགོ་ལ་སྐྲ་ཤུབ་ཡོད། བོད་ཀྱི་གྱོན་གོས་དེ་ནི་བོད་པ་དང་རྒྱ་མི། རྒྱ་གར་སོགས་ལ་སྐད་གྲགས་ཆེན་པོ་ཆགས་ཡོད། བོད་ཀྱི་གྱོན་ཆས་དེ་འབྲོག་པ་དང་རོང་པར་ཡང་སོ་སོར་མི་འདྲ་བ་ཡོད། བོད་ཆོལ་ཁ་གསུམ་ལ་ཡང་གྱོན་ཆས་དང་རྒྱན་ཆ་མི་འདྲ་བ་ཡོད། དབུས་གཙང་ལ་དབུས་ཆས། ཨ་མདོ་ལ་ཨམ་ཆས། སྟོད་ལ་སྟོད་ཆས། ཁམས་ལ་ཁམས་ཆས་སོགས་སྤྱིར་བཏང་གི་ཆ་ནས་མང་པོ་ཡོད། ལྷག་དཀར་སྐབས་ལ་དགོང་མོ་སྒོར་གཞས་འཁྲབ་དུས་མི་མང་ཚོས་བོད་ཀྱི་གྱོན་ཆས་གྱོན་ནས་འཁྲབ་ཀྱི་ཡོད། བོད་ཀྱི་གོས་སློག་ཀྱི་རྒྱུ་ཆ་ནི་ཧ་ཅང་ཡག་པོ་ཡོད། གོས་སློག་མང་ཤོས་གྱོན་མཁན་དབུས་གཙང་དེ་ཚོ་ཡིན། རྨོ་མོ་ལགས་དང་སྤོ་པོ་ལགས་ཚོ་ནམ་རྒྱུན་ནང་དུ་བཞུགས་སྐབས་ཀྱང་བོད་ཆས་གྱོན་ནས་འདུག བོད་ཀྱི་དགོས་སློག་དེ་བོད་མི་ལ་རྩ་ཆེན་པོ་ཡིན་ནོ། ། གསུམ་པ་བོད་མི། བོད་མི་ཚང་མ་སེམས་པ་བཟང་པོ་ཡོད། ང་ཚོ་བོད་མི་ཚང་མ་སེམས་ཤུགས་ཆེན་པོ་ཡོད། སེམས་ཤུགས་དེས་ང་ཚོར་རང་བཙན་བླང་རྒྱུའི་གོ་སྐབས་སྤྲོད་ཐུབ་ཀྱི་ཡོད། ཆོལ་གསུམ་བོད་མི་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡིན། བོད་མི་ཚང་མ་ཕན་ཚུན་རོགས་པ་བྱེད་ཀྱི་ཡོད། རྒྱ་གར་ལ་བསྡད་མཁན་བོད་མི་ཚང་མ་སོ་སོ་རང་ཡུལ་ཕྱོགས་ལ་ལོག་འགྲོ་ཞེས་བསམ་བློ་གཏོང་བཞིན་བསྡད་ཡོད། བོད་ལ་གནས་མཁན་བོད་མི་སློབ་ཕྲུག་རྣམས་ད་ལྟ་རྒྱ་སྐད་སྦྱོང་དགོས་ཀྱི་ཡོད། ཕྱི་ལོ་ ༡༩༨༧ ལོའི་ཟླ་ ༩ པའི་ཚེས་ ༢༧ ཉིན་དཔའ་བོ་བློ་བཟང་ལགས་ཀྱིས་སོ་སོས་རང་སྲོག་བློས་བཏང་ནས་བོད་མི་དཔའ་བོ་དཔའ་མོ་ཚོ་སྐད་འབོད་རྒྱག་རོགས་ཞེས་ལབ་ནས་སྐད་འབོད་བརྒྱབ། དེའི་སྒྲུང་དེས་བོད་མི་ཚོ་སྤོབས་པ་ཆེན་པོ་དང་སེམས་ཤུགས་ཆེན་པོ་ཡོད་པ་སྟོན་གྱི་ཡོད། བོད་ལ་གནས་མཁན་མང་ཆེ་བ་འབྲོག་པ་ཆགས་ནས་སོ་སོས་སེམས་ཅན་སོགས་འཚོ་སྐྱོང་བྱས་ནས་ཡོད། […]

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་འགྲོ་དོན།འཛིན་རིམ་བརྒྱད་པ། སཾ་བྷོ་ཊ་གུ་རུ་པུ་ར་ཉིན་སློབ། ངའི་ཕ་ཡུལ་བོོོད་ནིི་འཛམ་གླིང་གི་ས་བབ་མཐོ་ཤོས་སུ་ཆགས་པའི་ཡུལ་གྲུ་ཞིག་རེད། བོད་ཡུལ་ལ་འཛམ་གླིང་ཡོངས་ཀྱིས་གངས་ལྗོོངས་ཞེས་འབོད་པ་མ་ཟད་འཛམ་གླིང་གིི་ཡང་རྩེའམ་ཨིན་སྐད་ཐོག་”roof of the world” ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ནི་བོད་རྒྱལ་ཁབ་འདི་ནི་འཛམ་གླིང་ནང་ནས་ས་བབ་མཐོ་ཤོས་ཆགས་ཡོད་པ་མ་ཟད་བོད་ཀྱི་མཐའ་འཁོར་ལ་གངས་རིའི་ར་བས་བསྐོར་ཡོད། བོད་ཡུལ་གྱི་མཐོ་ཚད་ནི་རྒྱ་མཚོ་ནས་མི་ཊར་ ༤༩༠༠ ཙམ་ཡོད། རྒྱལ་ཁབ་གཞན་གྱི་རི་རྒྱུད་མཐོ་ཤོས་ཡིན་ན་ཡང་བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལས་མཐོ་བ་མེད། བོད་མིའི་མི་འབོར་ས་ཡ་དྲུག་ལྷག་ཙམ་ལས་མེད། དེའི་ནང་ནས་ས་ཡ་ ༡.༢ རྒྱ་ནག་གིས་གདུག་རྩུབ་མནར་གཅོད་འོག་གྲོངས་བ་རེད། བོད་ལ་མི་འབོར་མང་པོ་མེད་ཀྱང་བོད་ཀྱི་ས་ཆ་སྤྱིའིི་རྒྱ་ཁྱོོན་ནི་ཀི་ལོོ་མིི་ཊར་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ཡོད། དེ་ནིི་ཉིི་འོོང་གིི་ས་ཁྱོོན་དང་བསྡུར་ན་ལྡབ་བརྒྱད་ཀྱིས་ཆེ་བ་དང་ཡུ་རོབ་སྤྱིའིི་ས་ཁྱོོན་གྱི་བཞིི་ཆ་གཅིག་ཡིིན་པས་ཧ་ཅང་ཆེན་པོོ་ཡོོད། བོད་ཡུལ་ནི་འཛམ་གླིང་གི་ས་བབ་ཆགས་སྟངས་ཀྱི་ཆ་ནས་ཀྱང་ཧ་ཅང་གལ་ཆེན་ཞིིག་ཏུ་ངོས་འཛིན་བྱེེེད་ཀྱིི་ཡོོད། ཨེ་ཤིི་ཡའིི་ཡུལ་ལུང་ཁག་ཏུ་འབབ་པའི་གཙང་པོ་ཆེ་ཁག་རྨ་བྱ་ཁ་བབ། རྟ་མཆོག་ཁ་བབ། གླང་ཆེན་ཁ་འབབ། སེངྒེ་ཁ་འབབ། ཟླ་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། འབྲི་ཆུ་སོགས་ཆུ་ཆེན་མང་པོ་ཞིག་གིི་འབྱུང་ཁུངས་ནི་བོད་ཡུལ་རེད། བོད་ཀྱི་ཁྱིམ་ཚེས་རྒྱལ་ཁབ་ཁག་ནི་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ། རྒྱ་ནག པཱ་ཀི་སི་ཐན། ཤར་ཏུར་ཀི་སི་ཐན། སོག་པོ། འབར་མ་བཅས་རེད། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་ཡུལ་ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་རྒྱལ་ས་ལྷ་ས་ལ་ཡོད། བོད་ཀྱི་གནམ་གཤིས་འགྱུར་བ་ཁྱད་པར་ཆེན་པོ་ཡོད། བོད་ཀྱི་ས་ཆ་མཐོ་བོ་ཡོད་ཙང་གནམ་གཤིས་ཧ་ཅང་གྲང་མོ་ཡོད། བོད་ཀྱི་ཆ་སྙོམས་དྲོད་ཚད་ནི། ༡°C རེད། བོད་ཆོལ་ཁ་གསུམ་ནི་མདོ་སྟོད། མདོ་སྨད། དབུས་བཙང་གསུམ་རེད། བོད་ལ་རྒྱལ་པོ་ ༤༡ བྱུང་བ་རེད། བོད་ཀྱི་རྒྱལ་པོ་དང་པོ་ནི་གཉའ་ཁྲི་བཙན་པོ་དང་རྒྱལ་པོ་མཐའ་མ་ནི་གླང་དར་མ་རེད། བོད་ཀྱི་རྒྱལ་པོ་སྙན་གྲགས་ཅན་གསུམ་ནི་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེའུ་བཙན། ཁྲི་རལ་པ་ཅན་བཅས་རེད། རྒྱལ་པོ་སྲོང་བཙན་སྒམ་པོ་ནི་ཕྱི་ལོ་ ༦༢༠ ལོར་སྐུ་འཁྲུངས་པ་རེད། […]

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་གསལ་སྒྲོན།འཛིན་གྲྭ་བདུན་པ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། བདག་གི་ཕ་ཡུལ་ནི་མཛེས་ཤིང་ཡིད་དུ་འོང་བ། མེ་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་། སྔོ་ལྗང་གི་སྤང་ལྗོངས་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡོད། ཕ་ཡུལ་བོད་ནི་གནམ་གཤིས་གྲང་ཞིང་ཁ་བའི་གཡོགས་པ་དང་ས་ཆ་གང་དུ་བལྟས་ཀྱང་ཕ་ཡུལ་བོད་དང་འདྲ་བའི་ལུང་པ་གཞན་མེད། བོད་ནི་འཛམ་གླིང་གི་ཡང་ཐོག་ཏུ་ཆགས་ཤིང་། དེར་དཀར་བའི་གངས་རི་མང་པོས་ཡོངས་སུ་བསྐོར་ཡོད། དཔེར་ན། གངས་དཀར་ཏེ་སེ་དང་། ཇོ་མོ་གླང་མ། གཉན་ཆེན་ཐང་ལྷ་། རྨ་ཆེན་སྤོམ་ར། ཡར་ལྷ་ཤམ་པོ་། རོང་བཙན་ཁ་བ་དཀར་པོ་སོགས་སྙན་གྲགས་ཅན་གྱི་གངས་རི་མང་པོ་ཡོད། གངས་རི་དེ་དག་ནས་བྱུང་བའི་མཚོ་དང་མཚེའུ་མང་པོ་ཡོད། དཔེར་ན། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ་། མཚོ་ཁྲི་ཤོར་རྒྱལ་མོ་སོགས་མཚོ་དང་མཚེའུ་སྟོང་ཕྲག་ཡོད་པ་མ་ཟད་རྒྱལ་མོ་རྔུལ་ཆུ། རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། གླང་ཆེན་ཁ་འབབ། སེང་གེ་ཁ་འབབ་བཅས་ཡིན། ལྷ་ས་ནི་བོད་ཀྱི་རྒྱལ་ས་ཡིན། ཕོ་བྲང་པོ་ཏ་ལ་ལྷ་སར་ཆགས་ཡོད། བོད་ནི་ཨེ་ཤ་ཡའི་ཆུ་བོ་དག་གི་འབྱུང་ཁུངས་ཀྱང་ཡིན། བོད་འདི་ཨེ་ཤ་ཡའི་ནང་ནས་མཚོ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ནི་རྒྱ་གར་དང་། བལ་ཡུལ་། འབྲུག་། འབར་མ་། རྒྱ་ནག་། པ་ཀི་སི་ཐན་བཅས་རེད། ང་ཚོའི་ཕ་ཡུལ་བོད་ཀྱི་མི་རྣམས་སེམས་བཟང་བ་དང་འབྲེལ་ལམ་བཟང་པོ་ཡོད། བོད་ནང་མི་འབོར་ཉུང་ཉུང་ཡོད། བོད་པའི་མི་འབོར་ཉུང་ཡང་བོད་ཀྱི་སྐད་ཡིག་བདེ་སྤྱོད་མང་པོ་གཏོང་གི་ཡོད། བོད་ནང་ནས་སེམས་ཅན་གཙོ་ཆེ་ཤོས་ནི་ནོར་རེད། ནོར་ལ་མདོ་དབུས་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་བཏགས་ཀྱི་ཡོད། དེའི་དོན་ནི་མདོ་སྟོད། མདོ་སྨད། དབུས་གཙང་གི་མཐོ་སྒང་བོད་གངས་ཅན་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཉེ་འདབས་མ་གཏོགས་ཡུལ་གཞན་ལ་མེད། ནོར་ནི་ས་གནས་གཅིག་ནས་གཞན་ལ་ཅ་ལག་དབོར་འདྲེན་བྱེད་པ། ཞིང་རྨོ་འདེབས་སོགས་བྱེད་པས་མཐོ་སྒང་གི་གྲུ་གཟིངས་ཞེས་མིང་གཏགས་ཡོད། འབྲི་ཡི་འོ་མ་ནི་བཅུད་ཆེ་བས་མིའི་འཚོ་བ་ལ་ཕན་ཐོགས་ཆེན་པོ་ཡོད། འོ་མ་ལས་མར། ཞོ། ཕྱུར་བ་སོགས་ཟས་རིགས་འདྲ་མིན་བཟོ་ཡི་ཡོད། ནོར་གྱི་རྩིད་པ་དང་ཁུ་ལུ། གྲ། རྔ་མ། བཅས་ཀྱིས་ཐག་པ། སྐུད་པ། ཕྱ་ར། […]

ང་ཚོའི་ཕ་ཡུལ་བོད།

ང་ཚོའི་ཕ་ཡུལ་བོད།

བསྟན་འཛིན་ཟླ་དཀར།འཛིན་རིམ་བརྒྱད་པ། བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། མཐའ་གངས་རིས་བསྐོར་བའི་ཡུལ་ལྗོངས་དང་དབུས་མཛེས་སྡུག་ལྡན་པའི་ཡུལ་ཀྱི་བཀོད་པ། ཆོས་སེམས་ཆེ་བའི་མི་རིགས། རིག་གཞུང་དང་སྐད་ཡིག་ཕྱུག་པའི་རྒྱལ་ཁབ་ནི་ངའི་ཕ་ཡུལ་བོད་ཡིན། བོད་ནི་ས་མཐོ་ལ་གནམ་གཤིས་གྲང་བ། མཁའ་རླུང་གཙང་མ། མཚོ་དང་མཚེའུ། རྒྱུགས་ཆུ་དང་སྤང་རྩ། ནགས་ཚལ། མེ་ཏོག་གི་རིགས་སྣ་ཚོགས་ལྡན་པའི་ལུང་པ་སྐྱིད་པོ་ཞིག་ཡིན། ངས་རང་གི་ཕ་ཡུལ་བོད་ཅེས་པ་དེ། ངོ་མ་དངོས་སུ་མཐོང་མ་མྱོང་ལ་ང་སྐྱེས་ས་དང་འཚར་ས་ནི་རྒྱ་གར་འཕགས་པའི་ཡུལ་ཡིན། བོད་ཀྱི་སྐོར་མང་ཆེ་བ་ངས་སོ་སོའི་ཕ་མ་དང་སྤུན་མཆེད། དགེ་རྒན། གློག་བརྙན། དེབ་སོགས་ལས་ཤེས་རྟོགས་བྱུང་། ངས་རང་གི་སློབ་སྦྱོང་གི་བརྒྱུད་རིམ་ནང་ཇི་ཙམ་ཤེས་རྟོགས་བྱུང་བ་རྣམས་ཡིག་ཐོག་ཏུ་བྲིས་ན་ང་དང་ང་འདྲ་བའི་སློབ་མ་མང་པོ་ཞིག་ལ་ཕན་ཐོགས་ཡོང་བ་སྨོན། བོད་མི་ཚོའི་འཚོ་བ་ནི་རྒྱལ་ཁབ་གཞན་གྱི་མི་རིགས་བཞིན་མཚུངས་མི་མཚུངས་གཉིས་ཀ་ཡོད་པས། བོད་མི་མང་ཆེ་བ་ཞིང་པ་ཡིན། གཞན་ཚོང་ལས། འབྲོག་པ། ས་མ་འབྲོག གཞུང་གི་ལས་བྱེད། ཨར་ལས། བཟོ་ལས་རིགས་འདྲ་མིན་བྱེད་ཀྱི་ཡོད། བོད་ཀྱི་ཁ་ཟས་ནི། ས་ཁམས་ཀྱི་ཆགས་ཚུལ་དང་མཐུན་པ་ཞིག་ཡིན་པས། བོད་མི་ཚོས་ཁ་ཟས་ནི། རྩམ་པ་དང་ཤ སྤགས་དང་བོད་ཇ། ཐུག་པ། འབྲས་དང་ཚལ་རིགས། ཆང་། ཞོ་དང་མར། ཕྱུ་ར། སོགས་ལོངས་སུ་སྤྱོད་ཀྱི་ཡོད། བོད་ནང་ཤིང་སྡོང་དང་ཤིང་འབྲས་ཀྱི་རིགས་སྣ་ཚོགས་མཐོང་རྒྱུ་ཡོད། བོད་མི་གྲངས་འབོར་ཁྱོན་བསྡོམས་ས་ཡ་དྲུག་ལྷག་ཡོད། དེ་དག་ཆོལ་ཁ་གསུམ་དུ་དབྱེ་ཡོད་པ་ནི། མདོ་སྟོད། མདོ་སྨད། དབུས་གཙང་བཅས་ཡིན། བོད་མི་ཚོའི་སྐད་ཡིག་ནི་བོད་སྐད་དང་བོད་ཡིག་ཡིན་ནའང་། ཆོལ་ཁ་གསུམ་སོ་སོའི་སྐད་ཀྱི་སྒྲ་གདངས་དང་གྱོན་ཆས་ལ་ཁྱད་པར་ཆེན་པོ་ཡོད། བོད་ཡིག་ཐོག་མར་གསར་གཏོད་གནང་མཁན་ནི། ཆོས་རྒྱལ་སྲོང་བཙན་གྱི་བློན་པོ་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ཡིན། མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་དང་ཕོ་བྲང་གི་ཐོག་མ་པོ་ཏ་ལ་ཡིན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་མཐའ་མ་གླང་དར་མ་ཡིན། ཡུམ་བུ་བླ་སྒང་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པ་དང་ཕོ་བྲང་པོ་ཏ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་རྗེས་ཕྱིས་སུ་རྒྱལ་བ་སྐུ་ཕྲེང་ལྔ་པས་སླར་གསོ་གནང་། བོད་ཀྱི་རྒྱལ་ས་ལྷ་ས་དང་ཆོས་ཀྱི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་ཡིན། ཁོང་གི་དབྱར་ཁའི་བཞུགས་གནས་ནོར་བུ་གླིང་ཁ་དང་དགུན་ཁ་ཕོ་བྲང་པོ་ཏ་ལ་རུ་བཞུགས་ཀྱི་ཡོད། བོད་ཀྱི་ཆོས་ལུགས་ཐོག་མ་བོན་ཆོས་ཡིན། བོད་ལ་ད་ལྟ་ཆོས་རྒྱུད་ཆེན་པོ་བཞི། རྙིང་མ། […]