• མདུན་ངོས།
  • སློབ་དེབ།
    • བོད་ཡིག་སློབ་དེབ།
    • ཨང་རྩིས་སློབ་དེབ།
    • ནང་ཆོས་རིགས་ལམ།
    • ཚན་རིག་སློབ་དེབ།
    • སྤྱི་ཚན་སློབ་དེབ།
    • རང་བྱུང་ཚན་རིག
    • སྦྱོང་དེབ།
  • སློབ་ཁྲིད།
    • སྒྲ་མཛོད།
    • བརྙན་འཕྲིན།
    • ཁྲིད་ཆས།
  • སྦྱོང་བརྡར།
    • སྦྱོང་བྱ།
    • ལྟ་ཀློག
    • ཚོད་རྒྱུགས།
    • ཡིག་གཟུགས་སྦྱོང་དེབ།
  • བརྡ་དག
    • བརྡ་སྤྲོད།
    • དག་ཡིག
  • གཞོགས་འདེགས།
    • གཞོགས་འདེགས་ཀློག་དེབ།
    • གཞོགས་འདེགས་རྒྱུ་ཆ།
  • བྱིས་པའི་བརྙན་དེབ།
  • དུས་དེབ།
  • བརྙན་པར།
  • འབྲེལ་བ།

མིང་ཚབ། (ཚབ་ཚིག་གམ་ཀུན་མིང་)

མིང་རྐྱང་གི་ཚབ་ཏུ་བེད་སྤྱོད་ཆོག་པའི་སྤྱི་མིང་ངམ་སྤྱི་སྒྲ་ཞིག་ལ་ཟེར། དཔེར་ན། འདི། དེ། སུ། གང་། ང་། ཁྱེད་རང་། ཁོང་། ང་ཚོ། ཁྱེད་ཚོ། ཁོང་ཚོ།

གཅིག་ཚིག མང་ཚིག
ང། ང་རང་། ང་ཚོ། ངེད། ངེད་ཅག
ཁྱོད། ཁྱོད་ཚོ། ཁྱོད་རང་ཚོ། ཁྱེད་ཅག
ཁྱེད། ཁྱེད་རང་། ཁྱེད་ཚོ། ཁྱེད་རང་ཚོ། ཁྱེད་རྣམ་པ།
ཁོ། ཁོ་རང་། ཁོ་ཚོ། ཁོ་རྣམས།
ཁོང་། ཁོང་རང་། ཁོང་ཚོ། ཁོང་རྣམས།
མོ། མོ་རང། མོ་རང་ཚོ།
འདི། འདི་ཚོ། འདི་རྣམས།
དེ། དེ་ཚོ། དེ་རྣམས།
གོང་གི་མིང་ཚབ་དེ་རྣམས་མིང་རྐྱང་གི་སྔོན་དུ་འཇུག་པའམ་ཡང་ན་མིང་རྐྱང་གི་ཚབ་ཏུ་མིང་ཚབ་གཅིག་པུས་གོ་ཆོད་པ་རེད།
དཔེར་ན། ང་མི་ཡིན། ཁོ་མི་རེད། ཁོང་ཚོ་མཁས་པ་རེད། ཁོང་སྐུ་ཞབས་བློ་གྲོས་ལགས་རེད། དེ་མེ་ཏོག་རེད། འདི་མེ་ཏོག་རེད། སུ་རེད། གང་ལ་ཡོན་ཏན་མཆོག་མངའ་བ། །ལྟ་བུ།
སྐབས་འགའ་ཤས་སུ་མིང་ཚབ་མིང་རྐྱང་གི་རྗེས་སུ་བེད་སྤྱོད་བྱེད་ཆོག་པ་དང་། སྐབས་དེར་དོན་དམིགས་བསལ་བ་སྟོན་རྒྱུ་ཡོད། དཔེར་ན། ཁ་སང་ངས་མཐོང་བའི་དེབ་དེ་ཡག་པོ་འདུག
ཁོས་ལབ་པ་དེ་བདེན་པ་རེད། ཁྱེད་རང་གི་ང་ལ་སྤྲད་པའི་སྨྱུ་གུ་དེ་གོང་ཆེན་པོ་རེད།
དོན་གྲུབ་ཟེར་བ་དེ་མི་ང་ཡིན། ངས་དེབ་ཉོ་ས་དེ་འདི་རེད།

འདི། ཉེ་བ་དང་། ད་ལྟ་བ། བདག་དང་། བདག་གི་བ་སོགས་ལ་འཇུག
དེ། དུས་འདས་པ་སྟོན་ཞིང་མི་དང་གནས་ཕ་རོལ་པོ་སོགས་སྟོན་པའི་ཚབ་མིང་།
ང་། བརྗོད་པ་པོ་ལ་ལྟོས་ཏེ་བདག་གམ་རང་ཉིད་ཀྱི་དོན་ལ་འཇུག
ཁྱོད། བརྗོད་པ་པོ་ལ་ལྟོས་ཏེ་གཞན་ལ་འཇུག
ཁོ། ང་དང་ཁྱོད་ལས་གཞན་པའི་མི་གསུམ་པ་སྟོན་པའི་ཚབ་ཚིག
ཁོང་། ཁོའི་ཞེ་ས་ཡིན།

དེ་རྣམས་ལ། ཚོ་དང་དག་དང་རྣམས་སྦྱར་ཚེ་མང་པོར་གོ་བ་ཡིན།

གཞན་ཡང་།

སུ། གང་ཟག་ལ་འཇུག
གང་། དངོས་པོ་ཐམས་ཅད་ལ་འཇུག

Learning
མིང་ཚིག
བྱ་ཚིག

This website is funded by DANIDA through CICED