བྱ་ཞེས་པ་ནི་བྱ་བའི་སྒྲ་བསྡུས་ཤིང་། ཚིག་ཅེས་པ་ནི་བྱ་བ་མཚོན་བྱེད་ཀྱི་སྒྲའམ་རྗོད་བྱེད་ཀྱི་ཐ་སྙད་ལ་གོ།
བྱ་བ་སྟོན་བྱེད་ཀྱི་ཚིག དེ་ཡང་ཕྱི་རོལ་དོན་གྱི་གཟུགས་དང་། ནང་སེམས་ཀྱི་ཤེས་པས་བསྡུས་པའི་འཇིག་རྟེན་གྱི་དངོས་པོའི་ཕྱི་ནང་གི་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི་འཕོ་འགྱུར་དང་འགུལ་སྐྱོད། སེམས་ཅན་གྱི་ལུས་ཀྱི་བྱ་སྤྱོད་དང་། སེམས་ཀྱི་འཕྲོ་འདུ་སོགས་མིའི་བློ་ངོར་ཇི་ལྟར་སྣང་བའི་རྣམ་པ་དང་། རྟོག་བཏགས་བྱས་པའི་བྱ་བ་ཇི་སྙེད་པའོ། །
བྱ་ཚིག་གི་བྱ་བ་སྟོན་མི་སྟོན་གྱི་ཁྱད་པ་ནི། གནས་སྐབས་ཀྱི་བརྗོད་བྱའི་ཁྱད་པར་དང་། རྣམ་དབྱེ། ཚིག་ཕྲད། ཚིག་གྲོགས། སྔ་ཕྱིའི་གོ་རིམ། སྒྲ་ཡང་ལྕི། ཚིག་གོང་འོག་གི་འབྲེལ་བ་སོགས་ལས་ཕྱེ་བ་ཡིན།

ཀ བྱ་ཚིག་གཙོ་བོ།
བྱ་ཚིག་གཙོ་བོ་ནི་བྱ་ཚིག་དངོས་ཡིན། དཔེར་ན། བསྟན་འཛིན་སློབ་གྲྭར་ཕྱིན་སོང་། ལྟ་བུ།

བྱ་ཚིག་གཙོ་བོ་ལ་དབྱེ་ན།
དང་པོ།
བྱ་བྱེད་ངོ་བོ་ཐ་མི་དད་པ། བྱེད་པ་པོ་དང་བྱ་ཡུལ་གཉིས་ཐ་དད་དུ་དབྱེ་རྒྱུ་མེད་པའི་བྱ་བ་ལ་ཟེར། དཔེར་ན།

walking crying sitting thinking laughing
འགྲོ་བ། ངུ་བ། སྡོད་པ། བསམ་བ། དགོད་བ།

བྱ་བྱེད་ངོ་བོ་ཐ་དད་པ། བྱེད་པ་པོ་དང་བྱ་ཡུལ་གཉིས་ཐ་དད་དབྱེ་རྒྱུ་ཡོད་པའི་བྱ་བ་ལ་ཟེར། དཔེར་ན།

walking crying sitting thinking laughing
ཟ་བ། འཐུང་བ། ལྟ་བ། ཀློག་པ། ཉན་པ།

གཉིས་པ།
བྱེད་པ་པོ་ལ་ཡོད་པའི་བྱ་བ། བྱ་བ་གང་ཞིག་བྱེད་པ་པོའི་གཡོ་འགུལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དཔེར་ན། སྐོར་བ། སྒྱེལ་བ། སྒྲིལ་བ། སྒོམ་པ།
བྱ་བའི་ཡུལ་ལ་ཡོད་པའི་བྱ་བ། བྱ་བ་གང་ཞིག་བྱ་བའི་ཡུལ་གྱི་སྟེང་ནས་ཡོང་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དཔེར་ན། འཁོར་བ། འགྱེལ་བ། འགྲིལ་བ། གོམས་པ།

cycling
དཔེར་ན། བསྟན་འཛིན་གྱིས་རྐང་འཁོར་བསྐོར་ནས་འཁོར། ལྟ་བུ།

ཁ། བྱ་ཚིག་ཕལ་བ།
བྱ་ཚིག་ཕལ་བ་ནི་བྱ་ཚིག་གཙོ་བོའི་གྲོགས་ལྟ་བུ་ཡིན།

བྱ་བའི་ཚིག་གྲོགས།
དང་པོ། སྒྲུབ་ཕྱོགས་ཀྱི་བྱ་བའི་ཚིག་གྲོགས།
ཡིན། རེད། ཡོད། འདུག

སྒྲུབ་ཕྱོགས་ཀྱི་བྱ་བའི་ཚིག་གྲོགས་སྦྱོར་ཚུལ།
ཀ བྱ་ཚིག་གཙོ་བོ་མེད་པ་དང་ལ་དོན་ཕྲད་དང་འབྲེལ་བ་མེད་པ་ཡིན་ན།
༡༽ ཡིན།
སྐྱེས་བུ་མཆོག་ལ་འཇུག་པ། དཔེར་ན།
ང་མི་ཡིན། ང་ཚོ་བོད་པ་ཡིན། ང་ཚོ་སློབ་ཕྲུག་ཡིན།
༢༽ རེད།
སྐྱེས་བུ་གཞན་ལ་འཇུག་པ། དཔེར་ན།
ཁྱོད་རེད། ཁྱོད་མི་རེད།
ཁོ་རེད། ཁོ་མི་རེད།
མོ་རེད། མོ་མི་རེད།
འདི་རེད། འདི་དཔེ་ཆ་རེད། འདི་ཚོ་རྒྱ་གར་བ་རེད།
དེ་རེད། དེ་རྨ་བྱ་རེད། དེ་ཚོ་དམག་མི་རེད།
བཀྲ་ཤིས་སློབ་ཕྲུག་རེད། ཕུན་ཚོགས་ཚོང་པ་རེད།
ཚེ་རིང་བསོད་ནམས་ཆེན་པོ་རེད། བློ་གྲོས་རིག་པ་རྣོན་པོ་རེད།

ཁ བྱ་བའི་ཚིག་གྲོགས་དེ་ལ་དོན་དང་འབྲེལ་ཡང་བྱ་ཚིག་གཙོ་བོ་དང་མ་འབྲེལ་ན།
༣༽ ཡོད།
སྐྱེས་བུ་མཆོག་གམ་གང་ཟག་དང་པོ་ལ་འཇུག་པ། དཔེར་ན།
ང་ལྷ་ས་ལ་ཡོད། ང་ཚོ་རྒྱ་གར་ལ་ཡོད།
༤༽ འདུག
སྐྱེས་བུ་གཞན་ལ་འཇུག་པ། དཔེར་ན།
ཁྱོད་འཛིན་གྲྭ་ལ་འདུག ཁྱོད་རང་ཚོ་ལས་ཁུངས་སུ་འདུག ཁོ་འདི་རུ་འདུག ཁོང་ཚོ་ལྡུམ་ར་ལ་འདུག མོ་ནང་དུ་འདུག འདི་ཁྲོམ་དུ་འདུག དེ་འདི་རུ་འདུག དེ་ཚོ་ཕ་གིར་འདུག ཕུན་ཚོགས་ཚོང་ཁང་དུ་འདུག ངང་པ་མཚོ་འགྲམ་དུ་འདུག
མདོར་ན། ཡོད་གཞི་གང་ལ་ཅི་ཞིག་ཡོད་པ་སྟོན་པར་བྱེད།
ང་ལ་ཀུ་ཤུ་ཡོད། ཁྱོད་ལ་དཔེ་ཆ་འདུག ཁོང་ཚོ་ལ་ཡོན་ཏན་འདུག སྟོབས་རྒྱལ་ལ་གཡག་མང་པོ་འདུག

ག གལ་ཏེ་བྱ་བའི་ཚིག་གྲོགས་བྱ་ཚིག་གཙོ་བོ་དེ་དང་འབྲེལ་ན།
༡༽ ཡིན་དང་ཡོད།
སྐྱེས་བུ་མཆོག་ལ་འཇུག་པ།

འདས་པ། ད་ལྟ་བ། མ་འོངས་པ།
ཡིན། ཡོད། ཡིན།

འདས་པ།  དཔེར་ན། ང་ཕྱིན་པ་ཡིན།
ད་ལྟ་བ།  དཔེར་ན། ང་འགྲོ་བཞིན་ཡོད།
མ་འོངས་པ།  དཔེར་ན། ང་འགྲོ་ཡི་ཡིན།
༢༽ རེད་དང་འདུག
སྐྱེས་བུ་གཞན་ལ་འཇུག་པ།

འདས་པ། ད་ལྟ་བ། མ་འོངས་པ།
རེད། འདུག རེད།

འདས་པ།   དཔེར་ན། ཁྱོད་ཕྱིན་པ་རེད། ཁོ་ཕྱིན་པ་རེད། མོ་ཕྱིན་པ་རེད། དེ་ཕྱིན་པ་རེད། བཀྲ་ཤིས་ཕྱིན་པ་རེད། དབྱངས་ཅན་ཕྱིན་པ་རེད།
ད་ལྟ་བ།    དཔེར་ན། ཁྱོད་འགྲོ་ཡི་འདུག ཁོ་འགྲོ་ཡི་འདུག མོ་འགྲོ་ཡི་འདུག དེ་འགྲོ་ཡི་འདུག བཀྲ་ཤིས་འགྲོ་ཡི་འདུག དབྱངས་ཅན་འགྲོ་ཡི་འདུག
མ་འོངས་པ།  དཔེར་ན། ཁྱོད་འགྲོ་ཡི་རེད། ཁོ་འགྲོ་ཡི་རེད། མོ་འགྲོ་ཡི་རེད། དེ་འགྲོ་ཡི་རེད། བཀྲ་ཤིས་འགྲོ་ཡི་རེད། དབྱངས་ཅན་འགྲོ་ཡི་རེད།

གཉིས་པ། དགག་ཕྱོགས་ཀྱི་བྱ་བའི་ཚིག་གྲོགས།
མིན། མེད། མ་རེད། མི་འདུག
དགག་ཕྱོགས་ཀྱི་བྱ་བའི་ཚིག་གྲོགས་སྦྱོར་ཚུལ། དཔེར་ན།
༡། ང་མིན། ང་རྒྱ་གར་བ་མིན། ཁྱོད་མ་རེད། ཁྱོད་སློབ་ཕྲུག་མ་རེད། ཁོ་མ་རེད། ཁོ་བོད་པ་མ་རེད། འདི་དེབ་མ་རེད། དེ་རྨ་བྱ་མ་རེད།
༢། ང་འཛིན་གྲྭ་ལ་མེད། ཁྱོད་ལས་ཁུངས་ལ་མི་འདུག མོ་ལྷ་ཁང་ལ་མི་འདུག ང་ལ་དཔེ་ཆ་མེད། ཁོ་ལ་རྐང་འཁོར་མི་འདུག ཁྱོད་ལ་ཞྭ་མོ་མི་འདུག ཀུན་བཟང་ལ་གྲོགས་པོ་མི་འདུག
༣། ང་ཕྱིན་པ་མིན། ང་འགྲོ་ཡི་མེད། ང་འགྲོ་ཡི་མིན། ཁྱོད་ཕྱིན་པ་མ་རེད། ཁྱོད་འགྲོ་ཡི་མི་འདུག ཁྱོད་འགྲོ་ཡི་མ་རེད། བཀྲ་ཤིས་ཕྱིན་པ་མ་རེད། བཀྲ་ཤིས་འགྲོ་ཡི་མི་འདུག བཀྲ་ཤིས་འགྲོ་ཡི་མ་རེད།

གསུམ་པ། བྱ་བའི་ཚིག་གྲོགས་གཞན་འགའ།
བྱུང་། སོང་། བྱུང་འདུག རེད་འདུག ཡིན་འདུག ཡོད་འདུག
༡༽ བྱུང་།
སྐྱེས་བུ་མཆོག་ལ་འཇུག་པ།
༡། འདས་པ།  དཔེར་ན། ང་ལ་ཕོགས་ཐོབ་བྱུང་། ང་ལ་དེབ་ཐོབ་བྱུང་།
ཁོང་གིས་ང་ལ་གནང་བྱུང་། ཁོས་ང་ལ་ལབ་བྱུང་། མོས་ང་ལ་ཇ་སྤྲད་བྱུང་། ཁོང་གིས་ང་ལ་བོད་སྐད་བསླབས་བྱུང་། དགེ་རྒན་གྱིས་ང་ཚོ་ལ་བཀའ་བཀྱོན་གནང་བྱུང་།
མྱོང་ཚོར་སྟོན་པ།  དཔེར་ན། ང་སྐྱིད་པོ་བྱུང། ང་ཚོ་དགའ་པོ་བྱུང་། ང་ཧ་ལས་བྱུང་། ང་ན་བྱུང་། ང་སེམས་ཕམ་བྱུང་། ང་ངོ་ཚ་བྱུང་། ངས་སྟག་གཅིག་མཐོང་བྱུང་། ངས་ཚོར་བྱུང་། ང་ཚོས་ཤེས་བྱུང་།
༢༽ སོང་།
སྐྱེས་བུ་གཞན་ལ་འཇུག་པ།
འདས་པ།  དཔེར་ན། ཁོ་ཕྱིན་སོང་། ཁོས་བྱས་སོང་། ཕུན་ཚོགས་ཀྱིས་ཁ་ལག་ཟོས་སོང་། ཚེ་རིང་གིས་ཡི་གེ་བྲིས་སོང་། དེ་ཚོ་ལྷ་སར་ཕྱིན་སོང་།
༣༽ བྱུང་འདུག
སྐྱེས་བུ་དང་པོ་འཇུག་པ།
འདས་པ།  དཔེར་ན། དེ་དུས་བོད་ལ་སྐྱིད་པོ་བྱུང་འདུག བོད་ལ་རྒྱལ་པོ་མང་པོ་བྱུང་འདུག
ཉེ་ཆར་རང་བཙན་གྱི་དུས་ཆེན་དེ་ཡག་པོ་བྱུང་འདུག དབུ་ཁྲིད་རྣམ་གཉིས་བར་བཀའ་མོལ་ཡག་པོ་བྱུང་འདུག
༤༽ རེད་འདུག།
སྐྱེས་བུ་གསུམ་ལ་འཇུག་པ།
འདས་པ།  དཔེར་ན། སྔོན་མ་ང་རྒྱལ་པོ་ཞིག་རེད་འདུག
ད་ལྟ་བ།  དཔེར་ན། དེང་སང་བཀྲ་ཤིས་ནི་ཚོང་པ་ཆེན་པོ་ཞིག་རེད་འདུག ད་ལྟ་དེ་མཁས་པ་རེད་འདུག ཁོང་ཚོ་དེང་སང་སློབ་མ་རེད་འདུག
༥༽ ཡིན་འདུག
སྐྱེས་བུ་གསུམ་ག་ལ་འཇུག་པ།
འདས་པ།  དཔེར་ན། དེ་སྐབས་ང་རྒྱལ་པོ་ཡིན་འདུག དེ་དུས་བློ་གྲོས་དེ་རུ་བསླེབས་པ་ཡིན་འདུག གནས་ཚུལ་དེ་ཁོས་བྲིས་པ་ཡིན་འདུག
༦༽ ཡོད་འདུག

སྐྱེས་བུ་ཚང་མ་ལ་འཇུག
༡། འདས་པ།  དཔེར་ན། དེ་དུས་ང་རྒྱ་གར་ལ་ཡོད་འདུག དེ་དུས་ང་ལ་ཕོ་བྲང་ཆེན་པོ་ཞིག་ཡོད་འདུག སྔོན་མ་ཁོ་ལྷ་ས་ལ་ཡོད་འདུག དེ་དུས་ཁོ་ལ་བུ་མང་པོ་ཡོད་འདུག སྐྱེ་བ་སྔོན་མ་མི་དེ་ལྷ་ཡུལ་ལ་ཡོད་འདུག

སྐྱེས་བུ་གཞན་གཉིས་ཁོ་ན་ལ་འཇུག་པ།
༡། ད་ལྟ་བ།  དཔེར་ན། ཉེ་ཆར་ས་མཚམས་ལ་དམག་མི་མང་པོ་བསླེབས་ཡོད་འདུག དེང་སང་ཁོ་ཨ་མི་རི་ཀ་ལ་ཡོད་འདུག ད་ལྟ་ཁོ་ལ་ཁང་པ་མང་པོ་ཡོད་འདུག ཁོང་ཚོ་ད་ལྟ་ཕེབས་ཀྱི་ཡོད་འདུག ཁོང་ཚོ་དེ་རིང་ཐོན་གྱི་ཡོད་འདུག
༢། མ་འོངས་པ།  དཔེར་ན། ཁོ་རང་ཚོ་ལོ་རྗེས་མ་བོད་ལ་འགྲོ་ཡི་ཡོད་འདུག ཁོང་ཚོ་སང་ཉིན་ཕེབས་ཀྱི་ཡོད་འདུག རིང་མིན་ཁང་པ་དེ་ང་ལ་སྤྲོད་ཀྱི་ཡོད་འདུག། ཟླ་བ་ཁ་ཤས་རྗེས་ཨ་མའི་ནང་ལ་འགྲོ་ཡི་ཡོད་འདུག

ག བྱ་ཚིག་གི་ཚོགས་པ།

བྱ་ཚིག་གཙོ་བོ་དང་། བྱ་བའི་ཚིག་གྲོགས་དང་། སྦྱོར་བྱེད་ཀྱི་ཕྲད་གསུམ་བྱ་ཚིག་གི་ཚོགས་པའི་ཡ་གྱལ་ཡིན། དེ་ཡང་། བྱེད་+ཀྱི་+ཡོད། = བྱེད་ཀྱི་ཡོད།
དཔེར་ན། བསྟན་འཛིན་སློབ་གྲྭ་རུ་སློབ་སྦྱོང་བྱེད་ཀྱི་ཡོད། ལྟ་བུ།

ང་། བྱ་ཚིག་དང་གཟུགས་མཚུངས་པའི་མིང་རྐྱང་།

གཟུགས་མཚུངས་ཀྱང་བརྗོད་སྒྲ་རིང་ཐུང་ལ་ཁྱད་པ་ཡོད་པར་སྣང་།
དཔེར་ན།
མིང་རྐྱང་། – འཁོར་བ། འགྲོ་བ། གོ་བ། འཁྲུལ་བ།
བྱ་ཚིག། – འཁོར་བ། འགྲོ་བ། གོ་བ། འཁྲུལ་བ།
མདོར་ན། བསྟན་འཛིན་གྱིས་ཁོང་གི་བཤད་པའི་སྐད་ཆ་དེ་ཚོ་གོ་བ་དང་གོ་བ་ལོག་སྒྲུབ་བྱས་སོང་།

ཅ། བྱ་ཚིག་ཐུན་མོང་བ།

མིང་རྐྱང་སོགས་ཀྱི་རྗེས་སུ་སྦྱར་ནས་བྱ་བ་བྱེད་ཅིང་གང་དང་གང་ལ་སྦྱར་བ་དེ་དང་བསྟུན་ནས་དོན་མི་འདྲ་བ་སྟོན་པའི་བྱ་ཚིག་སྤྱི་ཙམ་ཞིག་ཡིན།
བྱེད་པ། – ཉར་ཚག་བྱེད་པ། ཉོ་ཚོང་བྱེད་པ། དད་པ་བྱེད་པ། རོགས་རམ་བྱེད་པ། དང་འདོད་བྱེད་པ། སྐད་ཆ་བྱེད་པ།
རྒྱག་པ། – རྩིས་རྒྱག་པ། ཆང་ས་རྒྱག་པ། ཇག་པ་རྒྱག་པ། དམག་རྒྱག་པ། ཤུ་རྒྱག་པ། རྐྱལ་རྒྱག་པ། རྐུ་རྒྱག་པ།
གཏོང་བ། – སྐད་གཏོང་བ། སྐྱིད་པོ་གཏོང་བ། ཁ་ལག་གཏོང་བ། གློད་བཀྲོལ་གཏོང་བ། ཡར་རྒྱས་གཏོང་བ།
བཟོ་བ། – ཁ་ལག་བཟོ་བ། ཁང་པ་བཟོ་བ། མེད་པར་བཟོ་བ། ས་ཆ་བཟོ་བ། ལྟ་བུའོ། །
དཔེར་ན། བསྟན་འཛིན་གྱིས་ཁྱེད་རང་སྐད་གཏོང་གི་འདུག ལྟ་བུ།

ཆ། བྱ་ཚིག་གི་གཟུགས།

བོད་སྐད་ཀྱི་བྱ་ཚིག་རྣམས་ལ་གཟུགས་བཞིར་ངེས་པ་ཡིན། དེ་ཡང་། འདས་པའི་གཟུགས། ད་ལྟ་བའི་གཟུགས་དང་མ་འོངས་པའི་གཟུགས། སྐུལ་ཚིག་གི་གཟུགས་བཞི་རེད། བྱ་ཚིག་གཙོ་ཆེ་བ་འགའ་ཤས་ཀྱི་གཟུགས་ཙམ་ངོ་སྤྲོད་བྱ་རྒྱུ་ལགས།

མ་འོངས་པ། ད་ལྟ་བ། འདས་པ། སྐུལ་ཚིག
འགྲོ། འགྲོ། ཕྱིན། སོང་།
བསྐོར། སྐོར། བསྐོརད། སྐོརད།
འཁོར། འཁོར། འཁོར།
བཟོ། བཟོ། བཟོས། བཟོས།

དཔེར་ན། ཁ་སང་ཁྱེད་རང་སློབ་གྲྭར་ཕྱིན་མ་སོང་། ད་ཁྱེད་རང་སློབ་གྲྭར་འགྲོ་གྲབས་འདུག ཁྱེད་རང་ཏན་ཏན་སློབ་གྲྭར་འགྲོ་ཡི་རེད། བསྟན་འཛིན་ཁྱེད་རང་ངེས་པར་དུ་སློབ་གྲྭར་སོང་ཞིག ལྟ་བུ།