ཁྱུར་མིད་བཏང་བ། བསམ་བློ་བཏང་བ། གཉིད་དུ་ཡུར་བ། གཉིད་སད་པ། ཁབ་བརྒྱབ་པ། ཞིབ་བལྟ་བྱེད་པ།
ཉིན་ཞིག་སྐྱེས་པ་ཞིག་གིས་སྨན་པའི་སར་སོང་ནས་སྨན་པར་”ཨེམ་རྗེ་ལགས། ངས་རྟ་ཞིག་ཁྱུར་མིད་བཏང་བས། བདེ་བོ་གཏན་ནས་མི་འདུག་” ཅེས་སྨྲས། སྨན་པས་བསམ་བློ་ཕྲན་ཙམ་བཏང་རྗེས་”སྐུ་ཞབས་ལགས། སེམས་ཁྲལ་མ་གནང་། ངས་བཅོས་ཆོག ཉལ་ཁྲི་འདིའི་ཐོག་ཉོལ་ཞིག་” ཅེས་བཤད། སྨན་ཞབས་ཀྱིས་སྐྱེས་པ་དེར་ཁབ་གཅིག་བརྒྱབ་པས། ཁོ་གཉིད་དུ་ཡུར་བ་དང་སྨན་པ་ལམ་སེང་གྲོང་རྡལ་དུ་རྟ་འཚོལ་བར་ཕྱིན། ཆུ་ཚོད་ཕྱེད་ཀ་འགོར་རྗེས་སྨན་པས་རྟ་གཅིག་མཐོང་བས་དེ་གཡར་ཏེ་སྨན་ཁང་དུ་ཁྲིད་ཡོང་།
སྐུ་ཞབས་དེ་གཉིད་སད་པ་དང་། རང་གི་མདུན་དུ་རྟ་ཞིག་ཡོད་པ་མཐོང་། སྨན་པ་དེས་” འདི་ནི་ཁྱེད་ཀྱིས་མིད་པའི་རྟ་དེ་ཡིན་ཞིང་། ངས་ཁྱེད་ཀྱི་ཁོག་པའི་ནང་ནས་བཏོན་ཚར་བས། རྟ་དེས་ད་ནས་བཟུང་ཁྱེད་ལ་གནོད་སྐྱེལ་གྱི་མ་རེད་” ཅེས་བཤད། ཐོག་མར་སྐུ་ཞབས་ཁོང་ཧ་ཅང་དགའ་པོ་བྱུང་ཡང་སླར་ཡང་རྟ་དེར་ཞིབ་བལྟ་བྱས་རྗེས་”སྨན་པ་ལགས། ངའི་རྟ་དེ་དཀར་པོ་ཡིན་ཡང་། འདི་ནི་རག་པ་རེད་འདུག་” ཅེས་བཤད།