ནམ་མཁའ། ཀུན་ཁྱབ། ཁྱེད་རང་མ་ཐུག་པར་ཡུན་རིང་ཕྱིན་སོང་།
ཀུན་ཁྱབ། ཉེ་སྔོན་ང་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་པ་ཡིན།
ནམ་མཁའ། དངོས་གནས་ཨེ། ཁྱེད་ཚོ་ག་པར་ཕྱིན་པ་ཡིན་ནམ།
ཀུན་ཁྱབ། ང་ཚོ་ཡུ་རོབ་ལ་ཕྱིན་པ་ཡིན།
ནམ་མཁའ། ཡུ་རོབ་ཀྱི་གྲོང་ཁྱེར་ཁག་ལ་ཕྱིིན་པ་ཡིན་ནམ།
ཀུན་ཁྱབ། ང་ཚོ་ལོན་ཌོན་དང་པེ་རིས། ད་དུང་གྲོང་ཁྱེར་ཁ་ཤས་ནང་ཕྱིན་པ་ཡིན།
ནམ་མཁའ། ཁྱེད་རང་བྷར་ལེཎ་ལ་ཕྱིན་མེད་དམ།
ཀུན་ཁྱབ། ཕྱིན་མེད། དེར་ལོ་རྗེས་མ་འགྲོ་རྩིས་ཡོད།
ནམ་མཁའ། ས་ཆ་དེ་ཡིད་དུ་འོང་བ་དང་ཡུལ་མི་ཚོས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ཧ་ཅང་ཡག་པོ་བྱེད་ཀྱི་འདུག དབྱར་ཁའི་དུས་སུ་བྷར་ལེན་དུ་ཕྱིན་ན་སྐྱིད་ཤོས་རེད།
ཀུན་ཁྱབ། ཨ་ལས།
ནམ་མཁའ། ལོ་སྔོན་མར་ང་དེར་ཕྱིན་པ་ཡིན། ཁྱེད་རང་ལ་གྲོང་ཁྱེར་དེའི་སྐོར་གནས་ཚུལ་ག་རེ་ཤེས་འདོད་ཡོད་ན་ངས་ལབ་ཆོག
ཀུན་ཁྱབ། ཐུགས་རྗེ་ཆེ། རྗེས་ལ་འབྲེལ་བ་བྱེད་ཀྱི་ཡིན།