ཚེ་སྒྲུབ།         ཁྱེད་རང་ཨ་རི་བ་ཡིན་ནམ།
སྒྲོལ་དཀར།    མིན། ང་ཨ་རིར་སྡོད་མཁན་གྱི་བོད་པ་ཞིག་ཡིན།
ཚེ་སྒྲུབ།         ཁྱེད་ཀྱིས་བོད་སྐད་བཤད་ཐུབ་ཀྱི་ཡོད་དམ།
སྒྲོལ་དཀར།    ངས་བོད་སྐད་ཆ་ཚང་བ་ཞིག་བཤད་ཐུབ་ཀྱི་མེད།
ཚེ་སྒྲུབ།         ཁྱེད་རང་ཨ་རིར་བསྡད་ནས་ལོ་ག་ཚོད་ཕྱིན་སོང་ངམ།
སྒྲོལ་དཀར།    ངའི་ཕ་མ་གཉིས་ཨ་རིར་བསླེབས་ནས་ལོ་མང་པོ་ཕྱིན་པ་རེད། འོན་ཀྱང་། ང་ཨ་རིར་སྐྱེས་པ་ནས་སྡོད་མུས་ཡིན།
ཚེ་སྒྲུབ།         ཁྱེད་རང་ཨ་རིར་ལས་ཀ་ག་རེ་བྱེད་ཀྱི་ཡོད།
སྒྲོལ་དཀར།    ང་སློབ་མ་ཞིག་ཡིན། ཁྱེད་རང་ལས་ཀ་ག་རེ་བྱེད་ཀྱི་ཡོད།
ཚེ་སྒྲུབ།         ང་ཡང་སློབ་མ་ཞིག་ཡིན།