ལྷག་པ།     ཁྱེད་རང་འདིར་ག་དུས་སླེབས་སམ།
ཆོས་སྒྲོན།   ང་འདིར་སླེབས་ནས་བདུན་ཕྲག་གཅིག་ཙམ་ཕྱིན་སོང་།
ལྷག་པ།     ཁྱེད་རང་འདིར་ག་རེ་བྱེད་དུ་ཡོང་བ་ཡིན་ནམ།
ཆོས་སྒྲོན།   ང་འདིར་ཟབ་སྦྱོང་ལ་བཅར་བ་ཡིན།
ལྷག་པ།     ཟབ་སྦྱོང་ག་དུས་འགོ་འཛུགས་བྱེད་ཀྱི་ཡོད་དམ།
ཆོས་སྒྲོན།   ཟབ་སྦྱོང་འགོ་བཙུགས་པ་མ་ཟད་མཇུག་ཀྱང་བསྒྲིལ་སོང་།
ལྷག་པ།     ཨ་ལས། ཟབ་སྦྱོང་ག་དུས་འགོ་བཙུགས་སོང་ངམ།
ཆོས་སྒྲོན།   ཕྱི་ཟླ་ ༤ ཚེས་ ༥ ཉིན་འགོ་འཛུགས་བྱས་པ་རེད།
ལྷག་པ།     ཟབ་སྦྱོང་གི་བརྗོད་གཞི་ག་རེ་རེད་དམ།
ཆོས་སྒྲོན།   མདུན་ལམ་གྱི་སྐོར་ལ་རེད།
ལྷག་པ།     ཟབ་སྦྱོང་དེ་སུས་གོ་སྒྲིག་བྱས་སོང་ངམ།
ཆོས་སྒྲོན།   ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་ཚན་པ་ནས་གོ་སྒྲིག་གནང་བ་ཞིག་རེད།
ལྷག་པ།     ཟབ་སྦྱོང་ག་པར་ཚོགས་སོང་ངམ།
ཆོས་སྒྲོན།   དྷ་ས་གཉའ་ཁྲི་ཚོགས་ཁང་ནང་ཚོགས་སོང་།
ལྷག་པ།     ཟབ་སྦྱོང་ཉི་མ་ག་ཚོད་རེད་དམ།
ཆོས་སྒྲོན།   ཚེས་ ༥ ནས་ ༨ བར་ཉིན་གྲངས་གསུམ་རིང་རེད།
ལྷག་པ།     ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་སུ་དང་སུ་འདུག་གམ།
ཆོས་སྒྲོན།   ཟབ་སྦྱོང་དེ་སློབ་ཕྲུག་ཚོའི་ཆེད་དུ་ཡིན་ཙང་། སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་རེད།
ལྷག་པ།     ཟབ་སྦྱོང་ནང་མཉམ་ཞུགས་བྱེད་མཁན་ག་ཚོད་འདུག་གམ།
ཆོས་སྒྲོན།   སློབ་ཁག་ལྔ་བཅུ་ནས་སློབ་ཕྲུག་གཉིས་རེ་སླེབས་ཡོད་ཙང་ཁྱོན་བསྡོམས་སློབ་ཕྲུག་བརྒྱ་ཙམ་འདུག
ལྷག་པ།     རྒྱགས་རང་འཁུར་རེད་དམ།
ཆོས་སྒྲོན།   མ་རེད། ཟབ་སྦྱོང་བ་སློབ་ཕྲུག་ཚང་མར་ལམ་གྲོན་དང་ཟས་དོད་ཀྱི་འགྲོ་གྲོན་ཡོངས་རྫོགས་གཞུང་གིས་གནང་སོང་།
ལྷག་པ།     ཟབ་སྦྱོང་དེས་ཁྱེད་ལ་བློ་བསྐྱེད་ཅི་ཞིག་བྱུང་ངམ།
ཆོས་སྒྲོན།   ང་ཟབ་སྦྱོང་ལ་བཅར་ནས་ཐོས་རྒྱ་དང་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ད་དུང་ངས་མ་འོངས་མདུན་ལམ་མ་ནོར་བ་ཞིག་འདེམས་རྒྱུའི་ཆོད་སེམས་བརྟན་པོ་སྐྱེས་བྱུང་།
ཆོས་སྒྲོན།     བྱས་ན། ཟབ་སྦྱོང་སྤྲོད་པ་དེ་དོན་ཕན་ལྡན་པ་དང་ལེགས་གྲུབ་བྱུང་ཤག