འབྱོར་ལྡན།   སང་ཉིན་བོད་ཀྱི་ལོ་གསར་རེད། ང་ལ་གྱོན་གོས་གསར་པ་གྱོན་རྒྱུ་ཡོད།
ཆོས་འབྱོར།   འོ་ན། ཁྱེད་ལ་ཞྭ་མོ་གསར་པ་ཨེ་ཡོད།
འབྱོར་ལྡན།   ལོས་ཡོད། ང་ལ་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ཁ་གསར་ཞིག་ཡོད།
ཆོས་འབྱོར།   འོ་ན། ཁྱེད་ལ་ཕྱུ་པ་གསར་པ་ཨེ་ཡོད།
འབྱོར་ལྡན།   ལོས་ཡོད། ང་ལ་སྣམ་བུའི་ཕོ་ཕྱུ་སྔོ་ནག་ཅིག་ཡོད།
ཆོས་འབྱོར།   འོ་ན། ཁྱེད་ལ་སྟོད་ཐུང་གསར་པ་ཨེ་ཡོད།
འབྱོར་ལྡན།   ལོས་ཡོད། ང་ལ་འབུ་རས་སྟོད་ཐུང་དཀར་པོ་ཞིག་ཡོད་པ་དེའི་གོང་བ་དང་ཕུ་ཐུང་གི་མཐའ་ལྕགས་ལ་གོས་ཆེན་སེར་པོས་བརྒྱན་ཡོད།
ཆོས་འབྱོར།   འོ་ན། ཁྱེད་ལ་སྐ་རགས་གསར་པ་ཨེ་ཡོད།
འབྱོར་ལྡན།   ལོས་ཡོད། ང་ལ་རས་ཀྱི་སྐ་རགས་དམར་པོ་ཞིག་ཡོད།
ཆོས་འབྱོར།   འོ་ན། ཁྱེད་ལ་གོས་ཐུང་གསར་པ་ཨེ་ཡོད།
འབྱོར་ལྡན།   ལོས་ཡོད། ང་ལ་རས་ཀྱི་གོས་ཐུང་སྔོ་དཀར་ཞིག་ཡོད།
ཆོས་འབྱོར།   འོ་ན། ཁྱེད་ལ་ལྷམ་གསར་པ་ཨེ་ཡོད།
འབྱོར་ལྡན།   ལོས་ཡོད། ང་ལ་ཀོ་ལྷམ་ནག་པོ་ཡུ་རིང་དང་ལྷམ་སྒྲོག་ལྗང་ཁུ་ཆ་གཅིག་ཡོད།
ཆོས་འབྱོར།   བྱས་ན། ད་ལོའི་ལོ་གསར་སྐབས་ཁྱེད་ལ་བོད་ཆས་གསར་པ་ཆ་ཚང་ཞིག་གྱོན་རྒྱུ་འདུག།
འབྱོར་ལྡན།   ངས་རྒྱུན་དུ་ལོ་གསར་སྐབས་གྱོན་གོས་གསར་པ་མ་གཏོགས་རྙིང་པ་རྩ་བ་ནས་གྱོན་གྱི་མེད།