བཤེས་གཉེན།   ཁྱེད་རང་རྩེད་མོ་རྩེ་འདོད་ཡོད་དམ།
བདུད་འདུལ།   རྩེད་མོ་ག་རེ་རྩེ་ཡི་ཡིན།
བཤེས་གཉེན།   སིལ་པོལ་རྩེ་ཡི་ཡིན་ནམ།
བདུད་འདུལ།   མིན།
བཤེས་གཉེན།   རྐང་རྩེད་པོ་ལོ་རྩེ་ཡི་ཡིན་ནམ།
བདུད་འདུལ།   མིན།
བཤེས་གཉེན།   ལག་རྩེད་པོ་ལོ་རྩེ་ཡི་ཡིན་ནམ།
བདུད་འདུལ།   མིན།
བཤེས་གཉེན།   བྱ་སྒྲོ་རྩེ་ཡི་ཡིན་ནམ།
བདུད་འདུལ།   མིན།
བཤེས་གཉེན།   ཐག་མཆོང་རྩེ་ཡི་ཡིན་ནམ།
བདུད་འདུལ།   མིན།
བཤེས་གཉེན།   གབ་རེས་ཡིབ་རེས་རྩེ་ཡི་ཡིན་ནམ།
བདུད་འདུལ།   དེ་ཚོ་གང་ཡང་རྩེ་ཡི་མིན། འོ་རེད། ང་ཚོ་ཏཱ་སེ་རྩེ་དགོས། ཁྱེད་ཀྱིས་ཏཱ་སེ་གསུམ་སྦག་རྩེ་ཤེས་ཀྱི་ཡོད་དམ།
བདུད་འདུལ།   ཡོད། དེ་རྩེད་རྒྱུ་ལས་སླ་པོ་རེད། ཡིན་ནའང་ད་ལྟ་རྩེད་མོ་དེ་རྩེ་འདོད་མི་འདུག
བཤེས་གཉེན།   འོ་ན། ཁྱེད་ཀྱིས་དགུ་སྦག་རྩེ་ཤེས་ཀྱི་ཡོད་དམ།
བདུད་འདུལ།   ཤེས་ཀྱི་ཡོད། འོན་ཀྱང་དྲན་པ་བརྗེད་འདུག རྩེ་སྟངས་དེ་གང་འདྲ་རེད་དམ།
བཤེས་གཉེན།   དེ་རྩེ་སྟངས་ངས་བསླབ་ཆོག
བདུད་འདུལ།   ཨ་ལས། ད་ངས་དྲན་སོང་། དེ་སྔོན་ང་གཉིས་རྩེད་མོ་དེ་རྩེས་ཡིན་པ། ཁྱེད་རང་ཐོབ་པ་རེད་དམ་ཤོར་བ་རེད།
བཤེས་གཉེན།   ང་ཐེངས་མང་པོ་ཤོར་མྱོང་ཡོད། འོན་ཀྱང་། སྐྱིད་པོ་ཞེ་དྲག་བྱུང་།
བདུད་འདུལ།   བྱས་ན། རྩེད་མོ་དེ་རྩེ་ཆོག འོན་ཀྱང་། ཐེངས་འདིར་ང་ཚོ་རྒྱན་འཛུགས་བྱེད་ཀྱི་མིན།
བཤེས་གཉེན།   འགྲིག་གི་རེད། ང་ཚོས་རྒྱན་མ་བཞག་པར་སྣང་བ་སྐྱིད་སྐྱིད་ཆེད་རྩེ་ཆོག