ལྷག་པ།     ཁྱེད་རང་ག་པར་འགྲོ་རྩིས་ཡོད།
དོན་གྲུབ།   ང་ཁྲོམ་ལ་འགྲོ་རྩིས་ཡོད།
ལྷག་པ།     ཁྱེད་རང་ཁྲོམ་ལ་ཉོ་ཆ་རྒྱག་ཏུ་འགྲོ་ཡི་ཡིན་ནམ།
དོན་གྲུབ།   མིན། ང་མི་ཞིག་ཐུག་དགོས་ཡོད།
ལྷག་པ།     ང་ཡང་ཁྲོམ་ལ་འགྲོ་དགོས་ཡོད།
དོན་གྲུབ།   ཁྱེད་རང་ངའི་མཉམ་དུ་འགྲོ་ཡི་ཡིན་ནམ།
ལྷག་པ།     ཡིན།ཁྱེད་རང་ག་དུས་འཐོན་རྩིས་ཡོད།
དོན་གྲུབ།   ད་ལྟ་འགྲོ་ན་མཉམ་དུ་འགྲོ།
ལྷག་པ།     རྗེས་ལ་འགྲོ་ན་གང་འདྲ་འདུག
དོན་གྲུབ།   ག་རེ། ང་ཚོ་ད་ལྟ་འཐོན་ན་རྗེས་ཟིན་གྱི་མ་རེད། མི་དེ་མགྱོགས་པོ་ཕྱི་ལ་ཐོན་མཁན་རེད།
ལྷག་པ།     བྱས་ན། ང་ཚོ་གོམ་པ་བརྒྱབ་ནས་འགྲོ་ཡི་ཡིན་ནམ།
དོན་གྲུབ།   མིན། འདི་ནས་ཁྲོམ་གཞུང་བར་ལམ་ཐག་ཧ་ཅང་རིང་པོ་ཡོད། ང་ཚོ་སྣུམ་འཁོར་གླས་ནས་འགྲོ།