བསོད་ནམས།   ངས་བོད་ཀྱི་དཔེ་མཛོད་ཁང་འཚོལ་བཞིན་ཡོད། དེ་གང་དུ་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།
དབྱངས་སྒྲོན།   དེ་གངས་ཅན་སྐྱིད་གཤོངས་སུ་ཡོད།
བསོད་ནམས།   འདི་ནས་ཐག་རིང་ཐུང་ག་ཚོད་ཡོད་དམ།
དབྱངས་སྒྲོན།   ཐག་ཉེ་པོ་རེད།
བསོད་ནམས།   ཀི་ལོ་མི་ཊར་ག་ཚོད་ཡོད་དམ།
དབྱངས་སྒྲོན།   ཀི་ལོ་མི་ཊར་གཅིག་ཙམ་འགྲོ་དགོས་ཀྱི་ཡོད།
བསོད་ནམས།   དུས་ཡུན་ག་ཚོད་འགོར་གྱི་རེད་དམ།
དབྱངས་སྒྲོན།   སྐར་མ་བཅུ་ལྷག་ལས་འགོར་གྱི་མ་རེད།
བསོད་ནམས།   དེ་བདེ་ལེགས་སྨན་ཁང་གི་ཉེ་འཁྲིས་སུ་ཡོད་དམ།
དབྱངས་སྒྲོན།   དེ་བདེ་ལེགས་སྨན་ཁང་དང་ཧ་ཅང་ཐག་ཉེ་པོ་རེད། སྨན་ཁང་གི་ཕྱི་ན་སྐས་འཛེག་རིང་པོ་ཞིག་ཡོད་པ་དེ་ནས་མར་བབས་ན། རྒྱལ་སྒོ་ཆེན་པོ་ཞིག་མཐོང་གི་རེད། དེ་ནས་ཁ་ཐུག་ཕྱིན་ན་དཔེ་མཛོད་ཁང་དུ་སླེབས་ཀྱི་རེད།
བསོད་ནམས།   ཐུགས་རྗེ་ཆེ།