བློ་བཟང་།   ཁྱེད་རང་ག་རེ་ཉན་གྱི་ཡོད།
ཟླ་བ།        ངས་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་ལེ་ཚན་ལ་ཉན་གྱི་ཡོད།
བློ་བཟང་།   ལེ་ཚན་དེའི་ནང་ག་རེ་ལ་ཉན་གྱི་ཡོད།
ཟླ་བ།        ངས་གཞས་ཀྱི་ལེ་ཚན་ལ་ཉན་གྱིན་ཡོད།
བློ་བཟང་།   གཞས་དེ་གཏོང་མཁན་སུ་རེད་དམ།
ཟླ་བ།        ཁྱེད་ཀྱིས་ཤོད་དང་།
བློ་བཟང་།   བདུད་བྷེ་རེད། ཁོ་ངའི་གཞས་པ་དགའ་ཤོས་དེ་རེད།
ཟླ་བ།        ཏག་ཏག་རེད། ཁྱེད་ཀྱིས་གང་འདྲ་བྱས་ནས་ཁོ་ངོ་ཤེས་ཀྱི་ཡོད་དམ།
བློ་བཟང་།   ཁོ་བོད་ཕྱི་ནང་གཉིས་ཀར་སྙན་གྲགས་ཡོད་པའི་གཞས་པ་ཞིག་རེད།
ཟླ་བ།        ཨ་ལས།
བློ་བཟང་།   ད་དུང་ང་ལྷ་སར་ཡོད་སྐབས་གཞས་སྣ་འཁྲབ་སྟོན་ཞིག་ཏུ་ཁོ་དངོས་སུ་མཐོང་མྱོང་ཡོད།
ཟླ་བ།        ཁོ་ཨ་མདོ་ནས་རེད།
བློ་བཟང་།   རེད། ཁོས་བཏང་བའི་གཞས་ཚིག་ཁག་གི་ཚིག་སྦྱོར་བདེ་པོ་དང་གོ་རྒྱུ་ཆེན་པོ་འདུག
ཟླ་བ།        གཞས་ཚིག་གི་ནང་དོན་ཧ་ཅང་ཡག་པོ་འདུག
བློ་བཟང་།   ཁོའི་སྐད་ཀྱི་འགྱུར་ཁུག་ཡག་པོ་མི་འདུག་གམ།
ཟླ་བ།        ཁོ་ནི་གཞས་པ་ཁྱད་དུ་འཕགས་པ་ཞིག་རེད།