ཨ་མ།     བུ། ཡིག་རྒྱུགས་སྤྲད་ཚར་སོང་ངམ། དགོན་པར་འཕྲིན་བཅོལ་ཕུལ་ཡོད། ཁྱེད་ཀྱིས་ཡིག་རྒྱུགས་ཡག་པོ་བྲིས་ཡོད་ཤག་རེད།
བུ།        ང་ཚོས་ཡིག་རྒྱུགས་བཏང་ཚར་བ་ཡིན།
ཨ་མ།    ཡིག་རྒྱུགས་གང་འདྲ་བྱུང་སོང་ངམ།
བུ།        ཡིག་རྒྱུགས་ཡག་པོ་བྱུང་སོང་། དྲི་བ་མང་ཆེ་བ་ལས་སླ་པོ་རེད་འདུག
ཨ་མ།    བསྐྱར་རྒྱུགས་ག་དུས་གཏོང་དགོས་སམ།
བུ།       བསྐྱར་རྒྱུགས་གཏོང་དགོས་ཀྱི་མེད། ལོ་འཁོར་ཡིག་རྒྱུགས་སྐབས་བརྒྱ་ཆ་མཐོ་པོ་ལོན་ན་རྒྱུགས་འཕྲོད་པ་རྩིས་ཀྱི་རེད།
ཨ་མ།    ཡིག་རྒྱུགས་གྲུབ་འབྲས་ག་དུས་འཐོན་གྱི་རེད།
བུ།        མགྱོགས་པོ་བཀླག་གི་རེད། དེ་སྔོན་ངས་རྣམ་གཡེང་བྱས་པས་རྒྱུགས་མ་འཕྲོད་པ་རེད། ད་ལན་ངས་ཡིག་རྒྱུགས་སྐབས་ཉིན་མཚན་མེད་པར་སྦྱངས་ཡིན།
ཨ་མ།    རིག་པ་ག་ཚོད་རྣོ་ཡང་བརྩོན་འགྲུས་མེད་ན་ཚར་བ་རེད། རྒྱུན་དུ་འབད་བརྩོན་མ་བྱས་པར་ཉིན་མཚན་འབུད་རྒྱག་བཏང་ན་གྲུབ་འབྲས་ཐོན་རྒྱུ་ཁག་པོ་རེད།
བུ།       དགོངས་པ་མ་འཚོམས། བུ་ངས་ལེ་ལོ་དང་རྣམ་གཡེང་བྱས་དྲགས་སོང་། ད་ང་འགྱོད་པ་ཞེ་དྲག་སྐྱེ་ཡི་འདུག
ཨ་མ།    ད་ལོ་ཡང་འཛིན་རིམ་འཕར་མ་ཐུབ་ན་ཚར་སོང་།
བུ།       ཡིག་རྒྱུགས་ཐེངས་གཉིས་མ་འཕྲོད་ན་འཛིན་གྲྭ་རང་འཇགས་འཇོག་གི་རེད།
ཨ་མ།    ལོ་གཉིས་བསྟུད་མར་རྒྱུགས་མ་འཕྲོད་ན་ག་རེ་བྱེད་ཀྱི་རེད།
བུ།       སློབ་གྲྭ་ནས་ཕྱིར་འབུད་གཏང་གི་རེད།
ཨ་མ།    བསྐྱར་རྒྱུགས་གཏོང་ན་གང་འདྲ་ཡག་པོ་ཡོད་རེད། ཁྱེད་རང་ལ་གྲ་སྒྲིག་ཡོད་དམ།
བུ།       སེམས་ཁྲལ་མ་གནང་། ཐེངས་འདིར་ང་ཡིག་རྒྱུགས་འཕྲོད་པའི་གདེང་ཚོད་ཡོད།
ཨ་མ།    འོ་ཛི། ལོ་ཆུང་ཆུང་དེ་འདྲ་མི་ཚེ་འཕྲོ་བརླག་ཕྱིན་ན་དཔེ་བསགས་ཀྱི་མ་རེད་དམ།
བུ།       རྗེས་མ་ནས་ངས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་ཕ་མ་གཉིས་ཀྱི་རེ་བ་དང་འགྲོ་གྲོན་ཆུད་ཟོས་སུ་མི་གཏང་བར། གཞུང་ལ་ཞབས་ཕྱི་ཞུ་ཐུབ་པ་བྱེད་ཀྱི་ཡིན།
ཨ་མ།    རེད། སེམས་ཤུགས་ནམ་ཡང་ཆག་མི་ཉན། ལུས་པོ་རྙིང་པའི་ནང་སེམས་གསར་པ་བཅུག་སྟེ་སློབ་སྦྱོང་ཐོག་འབད་བརྩོན་མུ་མཐུད་བྱེད་དགོས།
བུ།       ད་ནས་བཟུང་ངས་སློབ་སྦྱོང་ཡག་པོ་སྦྱངས་ནས་ཕ་མ་གཉིས་ལ་སྤོབས་པ་སྐྱེ་རུ་འཇུག་གི་ཡིན།
ཨ་མ།   འབྱུང་འགྱུར་བུ་རང་མི་ཚེ་མཐའ་འཁྱོལ་ཡོང་བ་དང་༸རྒྱལ་བའི་དགོངས་པ་འགྲུབ་པའི་སྨོན་འདུན་ཞུ་ཡི་ཡིན། ངེད་ཕ་མ་གཉིས་ཀྱིས་བཀྲ་ཤིས་གཏམ་བཟང་དེ་ངང་སྒུག་བྱས་ནས་སྡོད་ཀྱི་ཡིན།
བུ།      ངས་ཕ་མ་གཉིས་ལ་དོན་མེད་སེམས་ཁྲལ་མང་པོ་བཟོས་སོང་། དགོངས་དག ད་ཁྱེད་ཕ་མ་གཉིས་ལ་ངའི་ཤེས་ཡོན་ཐོག་ལ་ཐུགས་འཚབ་གནང་དུ་འཇུག་གི་མིན།
ཨ་མ།    ཁྱེད་རང་སློབ་སྦྱོང་ཡག་པོ་བྱས་པ་ཡིན་ན། ངེད་ཕ་མ་གཉིས་གསོན་པོ་སྡོད་པའི་རིང་ལ་སློབ་ཡོན་ཐད་ལ་སེམས་ཁྲལ་བྱེད་མི་དགོས།