བསམ་དཀར།   ཁྱེད་རང་གི་ནང་བཙོག་པ་ཆགས་འདུག ངས་གཙང་མ་བཟོ་རོགས་བྱེད་ཆོག
དབྱངས་སྐྱིད།   གོས་ལོག་དེ་ཚོ་ཚང་མ་བཙོག་པ་ཤ་སྟག་རེད། ད་བར་འཁྲུད་ལོང་རག་མ་བྱུང་།
བསམ་དཀར།   གོས་ལོག་དེ་ཚོ་སྡེབ་གཅིག་ལ་ལག་པས་བཀྲུས་ན་ཚར་གྱི་རེད་དམ།
དབྱངས་སྐྱིད།   དེ་ཚོ་ལག་པས་བཀྲུས་ན་ག་པར་ཚར་གྱི་རེད། ཁག་པོ་རེད། ཉིན་གང་བཀྲུས་ནའང་ཚར་མདོག་ཁ་པོ་མ་རེད། དེ་ལས་ང་གོས་བཀྲུ་ཁང་ལ་འགྲོ་ཡི་ཡིན།
བསམ་དཀར།   ངའི་གཅེན་མོ་ལ་གོས་འཁྲུད་འཕྲུལ་འཁོར་ཡོད་པ་ཁྱེད་ཀྱིས་ཤེས་གསལ་རེད། ཁྱེད་རང་ཁོང་གི་སར་ག་རེ་བྱས་ནས་འགྲོ་ཡི་མེད་དམ།
དབྱངས་སྐྱིད།   ང་བདེ་པོ་མི་འདུག ཁོ་ཚོར་སྟབས་བདེ་པོ་ཡོད་མ་རེད།
བསམ་དཀར།   འགྲོ། གཅེན་མོ་ལ་ངས་ལབ་ཆོག།
དབྱངས་སྐྱིད།   ཏོག་ཙམ་རྗེས་ལ་འགྲོ། ང་སོ་དང་གདོང་འཁྲུད་རྒྱུ་ཡིན།
བསམ་དཀར།   མགྱོགས་པོ་བྱོས། གཅེན་མོ་ཕྱི་ལ་ཕྱིན་ན་ང་ཚོ་སྟོང་ལོག་བྱེད་དགོས་ཆགས་ཀྱི་རེད།
དབྱངས་སྐྱིད།   གཅེན་མོ་ལ་ཁ་པར་ཐོངས་དང་། ཁོང་བསྡད་ཡོད་མེད་ཤེས་ཀྱི་རེད།
བསམ་དཀར།   ཁ་པར་གྱི་བརྡ་རྟགས་སྐྱོ་དྲགས་ཙང་གཅེན་མོ་ལ་ཁ་པར་མཐུད་ཐུབ་མ་སོང་། ངས་འཕྲིན་འཐུང་གཏང་ཆོག
དབྱངས་སྐྱིད།   བཞག་ཞོག ང་ཚོ་གོས་བཀྲུ་ཁང་དུ་འགྲོ།
བསམ་དཀར།   ངས་ཁྱེད་རང་ལ་བསམ་ཤེས་བྱེད་ཀྱི་ཡོད། ཁྱེད་རང་གིས་དེ་འདྲ་བྱེད་པ་མཐོང་དུས་ངས་བཟོད་ཀྱི་མི་འདུག ཁྱེད་རང་ལ་ཁྱད་པར་མེད་ན་ངས་བྲེལ་བ་བྱས་ན་ཕན་མེད་རེད།
དབྱངས་སྐྱིད།   གལ་སྲིད་ངས་ཁྱེད་རང་ལ་ཕོག་ཐུག་བཏང་ནས་རླུང་བསླངས་ཡོད་ན་དགོངས་དག་ཞུ་ཡི་ཡིན།
དབྱངས་སྐྱིད།   ཁྱེད་ཀྱིས་ང་ལ་རླུང་བསླངས་མ་བྱུང་ལ་རླུང་ལངས་མེད། སྐད་ཆ་ཆུང་ཆུང་དེ་འདྲ་ཞིག་ལ་ང་རླུང་ལངས་ན་ཆོ་ག་རེ་ཡོད་རེད།
དབྱངས་སྐྱིད།   ད་ཡིན་ན་ང་བློ་བདེ་སོང་། ངའི་སེམས་པ་ལྷོད་ཤིག་གེར་ཆགས་སོང་།
བསམ་དཀར།   ངས་ཁྱེད་རང་ལ་རླུང་ལང་སྲིད་ཀྱི་རེད་དམ། ཁྱེད་རང་ངའི་དགའ་ཉེ་ཡག་ཤོས་དེ་ཡིན་ལ། དྲིན་ཆེན་ཡང་ཡིན། གལ་སྲིད་ངས་ཁྱེད་ལ་རླུང་ལངས་ན་ང་སྨྱོ་ཡིན་གྱི་རེད།