ཀུན་བཟང།   གྲོགས་མོ། ཁྱེད་རང་ལང་རྒྱུ་ཡིན་ནམ།
ལྷ་སྐྱིད།        ལགས་འོང་། ཁེ་སང་ཡི་གེ་སྦྱངས་ནས་ཕྱི་པོ་བསྡད་ཙང་ཞེ་དྲག་ཉལ་མེད།
ཀུན་བཟང།   དེང་སང་ཁྱེད་ཚོ་ཡིག་ཚད་རེད་དམ།
ལྷ་སྐྱིད།        རེད། དེང་སང་ང་ཚོ་ཡིག་རྒྱུགས་ཀྱི་དུས་ཚོད་རེད།
ཀུན་བཟང།   ཡིག་རྒྱུགས་གང་འདྲ་བྱུང་སོང་ངམ།
ལྷ་སྐྱིད།        ཡིག་རྒྱུགས་གཅིག་མ་གཏོགས་བཏང་མེད། ད་དུང་སློབ་ཚན་གསུམ་ཙམ་གྱི་ཡིག་རྒྱུགས་གཏོང་རྒྱུ་རེད།
ཀུན་བཟང།   མཐོ་སློབ་ཐོན་རྗེས་ག་རེ་བྱེད་རྩིས་ཡོད་དམ།
ལྷ་སྐྱིད།        ཡིག་རྒྱུགས་ཡག་པོ་བྱུང་ན་ལས་ཀ་འཚོལ་རྩིས་ཡོད།
ཀུན་བཟང།   ཁྱེད་རང་མུ་མཐུད་སློབ་སྦྱོང་བྱེད་རྩིས་མེད་དམ།
ལྷ་སྐྱིད།        ད་སློབ་སྦྱོང་བྱེད་རྒྱུ་མཚམས་བཞག་ནས་ཕ་མར་ཞབས་ཕྱི་ཞུ་རྩིས་ཡོད།
ཀུན་བཟང།   ལས་ཀ་ག་པར་འཚོལ་རྩིས་ཡོད།
ལྷ་སྐྱིད།        གྲོང་གསེབ་ཏུ་ཕ་མའི་འཁྲིས་ལ་འཚོལ་རྩིས་ཡོད།
ཀུན་བཟང།   ཁྱེད་རང་གིས་ལས་ཀ་ག་རེ་བྱེད་རྩིས་ཡོད།
ལྷ་སྐྱིད།        ངས་གསར་འགོད་པའི་ལས་ཀ་བྱེད་རྩིས་ཡོད།
ཀུན་བཟང།   ཏག་ཏག་རེད། ཁྱེད་རང་རྒྱུན་དུ་ཨིན་བོད་གཉིས་ཀྱི་སྐད་ཡིག་ལ་བྱང་ཆུབ་པ་དེ་འདྲ་རེད་པ། ལས་ཀ་དེ་ཁྱེད་རང་ལ་འཚམས་པོ་འདུག
ལྷ་སྐྱིད།        འོན་ཀྱང་། ལས་ཀ་དེ་ང་མཐོ་སློབ་ཐོན་པ་དང་དགོས་ཀྱི་འདུག ད་གང་འདྲ་བྱེད་དགོས་སམ།
ཀུན་བཟང།   ཁྱེད་རང་གི་ཤེས་ཚད་དང་འབྲེལ་བའི་ལས་ཀ་བྱེད་སའི་ལས་ཁུངས་ཁག་གི་འབྲེལ་གཏུག་ཁ་བྱང་ངས་འཚོལ་ཆོག
ཀུན་བཟང།   ཐུགས་རྗེ་ཆེ། ངས་སྙན་ཞུ་དང་། སློབ་ཐོན་ལག་འཁྱེར་དང་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་བཅས་ཀྱི་ངོ་བཤུས་གློག་འཕྲིན་ཁ་བྱང་བརྒྱུད་ཁྱེད་རང་ལ་བསྐུར་གྱི་ཡིན། སྔོན་ཚུད་ནས་འཚོལ་ཐུབ་ན་ཧ་ཅང་ཡག་པོ་འདུག
ལྷ་སྐྱིད།        ཁྱེད་རང་ངོས་ནས་ངག་རྒྱུགས་དང་ཡིག་རྒྱུགས་སྤྲད་རྒྱུའི་གྲ་སྒྲིག་གྱིས་དང་།