རིན་ཆེན།       བསམ་གཏན། ཁྱེད་རང་ངའི་མཉམ་དུ་དཔེ་མཛོད་ལ་འགྲོ་ཡི་ཡིན་ནམ།
བསམ་གཏན།   ཡིན། སྔོན་ལ་ང་ཚོ་ཚགས་ཤོག་ཉོ་རུ་འགྲོ།
རིན་ཆེན།       རེད།
བསམ་གཏན།   ང་ཚོ་གོམ་པ་བརྒྱབ་ནས་འགྲོ་ཡི་ཡིན་ནམ། ཡང་ན། རླངས་འཁོར་བཏང་ནས་འགྲོ་ཡི་ཡིན།
རིན་ཆེན།       དེ་རིང་གནམ་གཤིས་ཧ་ཅང་ཡག་པོ་འདུག ང་ཚོ་རྐང་ཐང་དུ་འགྲོ།
བསམ་གཏན།   ད་ལྟ་གནམ་གཤིས་ཡག་པོ་འདུག་སྟེ། ཉིན་རྒྱབ་ཆར་པ་འབབ་མདོག་ཁ་པོ་རེད།
རིན་ཆེན།       དེ་འདྲ་ཡིན་ན། ཆར་གདུགས་འཁྱེར་རྒྱུ་དྲན་པ་བརྗེད་མི་ཉན། ཁྱེད་ཀྱི་གཅུང་པོ་ང་ཚོའི་མཉམ་དུ་འོང་གི་རེད་དམ།
བསམ་གཏན།   མ་རེད། ད་ལྟ་ཁོ་གཉིད་ཁུག་འདུག
རིན་ཆེན།       ཨ་ལས། ཞོགས་པ་ཆུ་ཚོད་བཅུ་པ་ཟིན་ནའང་ལངས་མི་འདུག ཁོ་ཏན་ཏན་ཕྱི་པོ་ཉལ་ཡིན་གྱི་རེད།
བསམ་གཏན།   རེད། ཁ་སང་ཁོ་མཚན་ཚོགས་ལ་ཕྱིན་ནས་མཚན་གང་ནང་དུ་ལོག་སླེབས་མ་བྱུང་།
རིན་ཆེན།       ངའི་རེ་བ་ལ་ཁོ་ཡང་དཔེ་མཛོད་དུ་འགྲོ་ན་བསམ་གྱི་འདུག
བསམ་གཏན།   ངས་ཀྱང་རེ་བ་དེ་ལྟར་བྱེད་ཀྱི་ཡོད། ད་ང་ཚོ་དེར་འབྱོར་བ་དང་ཁོ་ལ་ཁ་པར་གཏོང་ཆོག
རིན་ཆེན།       ང་ཚོ་གང་འདྲ་བྱས་ནས་དཔེ་མཛོད་དུ་འབྱོར་གྱི་རེད་དམ།
བསམ་གཏན།   ལམ་ཁ་འདི་ནས་གཡོན་ཕྱོགས་བརྒྱུད་ནས་ཐད་ཀར་ཕྱིན་ན་དཔེ་མཛོད་ལ་བསླེབ་ཀྱི་རེད།