ནོར་བུ།       ཟ་ཁང་འདི་ཡག་མདོག་ཁ་པོ་འདུག
དགྲ་འདུལ།   ཟ་ཁང་འདིའི་ཁ་ལག་ཧ་ཅང་བྲོ་བ་ཆེན་པོ་འདུག ང་ཟ་ཁང་འདིར་ཡང་ཡང་འོང་གི་ཡོད།
ནོར་བུ།       ཕ་གིར་བསྡད་དོ།།
དགྲ་འདུལ།   རེད།
ནོར་བུ།       ང་ལ་ཁ་ལག་གི་རེའུ་མིག་དེ་སྤྲོད་དང་།
དགྲ་འདུལ།   ག་རེ་མངག་དགོས་སམ།
ནོར་བུ།       དང་ག་འབྱེད་བྱེད་ཅིག་མངགས་ན་གང་འདྲ་འདུག
དགྲ་འདུལ།   སྔོན་ལ་བོད་ཇ་ཕོར་བ་གང་རེ་དང་ཞོག་ཁོག་བརྔོས་མ་གཅིག་མངག་གི་ཡིན།
ནོར་བུ།       ཏག་ཏག་རེད།
དགྲ་འདུལ།   ཁ་ལག་ག་རེ་མངག་དགོས་སམ། ཁྱེད་རང་ག་རེ་བཟའ་འདོད་འདུག་གམ།
དགྲ་འདུལ།   ད་ངས་ག་རེ་ཟ་དགོས་མིན་བཤད་ཤེས་མ་སོང་། ཁྱེད་ཀྱིས་ལབ་དང་། ཁྱེད་རང་ག་རེ་ཟ་འདོད་ཡོད་པ་དེ་མངགས་དང་།
ནོར་བུ།       དགུང་ཟས་ལ་ཕིང་ཤ་དང་ཀྲི་མོག་མངགས་ན་གང་འདྲ་འདུག ཁྱེད་རང་དགའ་པོ་ཡོད་དམ།
དགྲ་འདུལ།   ང་ཞེ་དྲག་ལྟོགས་ཀྱི་མི་འདུག ང་ལ་གྲང་ཚལ་ཞིག་མངགས་དང་།
ནོར་བུ།       ང་ལག་པ་འཁྲུད་དུ་འགྲོ་ཡི་ཡིན། ཟ་ཁང་ཞབས་ཞུ་བ་བསླེབས་ན་ཁྱེད་ཀྱིས་ཁ་ལག་དེ་ཚོ་མངགས་དང་།
དགྲ་འདུལ།   ཁྱེད་རང་སོང་དང་། དེ་ཚོ་ངས་མངག་ཆོག