ཨ་ཁུ།   ཁྱེད་ཀྱི་སློབ་གྲྭའི་མིང་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་མ་རེད་དམ།
ཚ་བོ།   རེད།
ཨ་ཁུ།   ཁྱེད་ཚོའི་སློབ་གྲྭ་དེ་ཤེས་ཡོན་སྲིད་བྱུས་ཐོག་མར་ལག་བསྟར་བྱེད་ས་དེ་མ་རེད་དམ།
ཚ་བོ།   རེད།
ཨ་ཁུ།   ཁྱེད་ཚོ་སློབ་སྤྱིའི་མཚན་བསྟན་འཛིན་རྡོ་རྗེ་ལགས་མ་རེད་དམ།
ཚ་བོ།   རེད།
ཨ་ཁུ།   ཁྱེད་ཚོའི་སློབ་གྲྭའི་ནང་སློབ་ཕྲུག་མང་པོ་མི་འདུག་གམ།
ཚ་བོ།   ང་ཚོའི་སློབ་གྲྭའི་ནང་སློབ་ཕྲུག་སྔར་ལས་མང་བ་ཡོད། ད་ཆ་སློབ་གྲོགས་ཕོ་མོ་ལྔ་བརྒྱ་ཙམ་འདུག།
ཨ་ཁུ།   ཁྱེད་ཚོའི་སློབ་དགེ་ཚོ་བོད་རིགས་ཤ་སྟག་མ་རེད་དམ།
ཚ་བོ།   རེད། ཁོང་ཚོ་བོད་རིགས་ལྷག་བསམ་ཅན་ཤ་སྟག་རེད།
ཨ་ཁུ།   ཡག་པོ་རེད། དེ་སྔ་ངས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁྱེད་ཀྱི་སློབ་གྲྭའི་སྐོར་གོ་མྱོང་ཡོད།
ཚ་བོ།   བྱས་ཙང་། ཨ་ཁུ་ཁྱེད་རང་ལ་ང་ཚོའི་སློབ་གྲྭའི་སྐོར་རྒྱུས་མངའ་ཆེན་པོ་འདུག
ཨ་ཁུ།   ཁྱེད་རང་སློབ་གྲྭ་དེར་དགའ་པོ་ཡོད་དམ།
ཚ་བོ།   ཡོད། ང་སློབ་གྲྭ་དེར་ཞུགས་རྒྱུ་བྱུང་བ་དེ་བསོད་ནམས་ཡིན་དྲན་གྱི་ཡོད།