ཨ་ནེ།   བུ་མོ། ཁྱེད་ཚོ་སློབ་གྲྭར་ག་དུས་འབྱོར་དགོས་སམ།
ཚ་མོ།   ཞོགས་པ་ཆུ་ཚོད་བདུན་པ་ཟིན་པར་སྐར་མ་བཅུ་ལ་འབྱོར་དགོས།
ཨ་ནེ།   ཞོགས་པའི་ཞལ་འདོན་ག་དུས་རེད་དམ།
ཚ་མོ།   ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀའི་ཐོག་རེད།
ཨ་ནེ།   རྒྱལ་གླུ་ག་དུས་གཏང་གི་རེད་དམ།
ཚ་མོ།   ཞོགས་པ་ཆུ་ཚོད་བརྒྱད་དང་སྐར་མ་བཞི་བཅུ་ཞེ་ལྔའི་ཐོག་རྒྱལ་གླུ་གཏང་གི་རེད།
ཨ་ནེ།   འཛིན་གྲྭ་ག་དུས་འགོ་འཛུགས་ཀྱི་ཡོད་དམ།
ཚ་མོ།   ཞོགས་པ་ཆུ་ཚོད་དགུ་པ་ཏག་ཏག་ལ་འཛིན་གྲྭ་འགོ་འཛུགས་ཀྱི་ཡོད།
ཨ་ནེ།   ཉིན་གུང་ཞལ་ལག་གི་བར་གསེང་ག་དུས་རེད་དམ།
ཚ་མོ།   ཉིན་གུང་ཆུ་ཚོད་དང་པོ་ནས་གཉིས་པ་བར་ཆུ་ཚོད་གཅིག་གི་རིང་ཁ་ལག་གི་བར་གསེང་རེད།
ཨ་ནེ།   སློབ་གྲྭ་ག་དུས་གྲོལ་གྱི་ཡོད་དམ།
ཚ་མོ།   ཕྱི་དྲོ་ཆུ་ཚོད་བཞི་པ་ཡོལ་ནས་སྐར་མ་བཅུ་ལ་སློབ་གྲྭ་གྲོལ་གྱི་ཡོད།
ཨ་ནེ།   དབྱར་ཁའི་གུང་སེང་ག་དུས་འཁེལ་གྱི་ཡོད་དམ།
ཚ་མོ།   ཕྱི་ཟླ ༦ པའི་ཚེས་ཤར་ལ་དབྱར་ཁའི་གུང་སེང་རེད། ཉིན་གྲངས་བཅུ་ལས་མེད།
ཨ་ནེ།   དགུན་ཁའི་རིང་གུང་སེང་གི་དུས་ཡུན་ག་ཚོད་ཡོད་དམ།
ཚ་མོ།   ཕྱི་ཟླ་ ༡༢ ནས་ཕྱི་ཟླ་ ༣ པའི་ཚེས་དཀྱིལ་བར་ཟླ་བ་གསུམ་ཙམ་གྱི་རིང་དགུན་ཁའི་གུང་སེང་རེད།