རིག་འཛིན།   ཁྱེད་རང་ནང་དུ་བདེ་པོ་འབྱོར་སོང་ངམ།
རྡོ་རྗེ།          ད་ང་ནང་ལ་སླེབས་གྲབས་ཡོད། འོན་ཀྱང་། ཞོགས་པ་ངའི་མོ་ཊ་རྡུང་ག་ཐེབས་སོང་།

རིག་འཛིན།   ཁྱེད་རང་ལ་རྨས་སྐྱོན་ཕོག་མ་སོང་ངམ།
རྡོ་རྗེ།          ངའི་སྐེ་ཅུང་ཟད་འཆུས་པ་ལས་འཚབ་ཆེན་པོ་མ་བྱུང་།

རིག་འཛིན།   གང་འདྲ་བྱས་ནས་རྡུང་ག་ཐེབས་སོང་ངམ།
རྡོ་རྗེ།          ངའི་སྣང་བ་གཡེངས་ཙང་མདུན་གྱི་སྣུམ་འཁོར་་དེར་རྡུང་ག་ཐེབས་སོང་།

རིག་འཛིན།   སྣུམ་འཁོར་གཞན་གྱི་ནང་ཡོད་པའི་མི་རྣམས་བདེ་ཐང་རེད་དམ།
རྡོ་རྗེ།          ངས་སྣུམ་འཁོར་ག་ལེར་བཏང་ཙང་། ཁོང་ཚོར་དེ་ཙམ་རྨས་སྐྱོན་བྱུང་མི་འདུག

རིག་འཛིན།   ཁྱེད་རང་གིས་རྐུབ་བཀྱག་གི་འཕྲེད་ཐག་དེ་བཅིངས་ཡོད་དམ།
རྡོ་རྗེ།          བཅིངས་ཡོད།

རིག་འཛིན།   ཉེན་རྟོག་པ་སླེབས་སོང་ངམ།
རྡོ་རྗེ།          གནས་ཚུལ་དེ་བྱུང་མ་ཐག་ཉེན་རྟོག་པ་དེར་འབྱོར་ཚར་འདུག

རིག་འཛིན།   ངས་སྣུམ་གཏོང་རོགས་བྱས་ནས་ཁྱེད་རང་ནང་དུ་སྐྱེལ་རོགས་བྱེད་དགོས་སམ།
རྡོ་རྗེ།          མི་དགོས། ང་ཉིན་རྒྱབ་སྣུམ་འཁོར་བཟོ་བཅོས་རྒྱག་ཏུ་འགྲོ་དགོས་ཡོད།