སངས་རྒྱས།   ཝ་ཡེ། གཡུ་མཚོ་ཡིན་ནམ།
གཡུ་མཚོ།     ང་གཡུ་མཚོ་ཡིན། ཁ་པར་གཏོང་མཁན་སུ་ཡིན་ནམ།
སངས་རྒྱས།   ང་སངས་རྒྱས་ཡིན།
གཡུ་མཚོ།     ཏོག་ཙམ་སྒུགས་དང་།
སངས་རྒྱས།   ཝ་ཡེ། གཡུ་མཚོ། ཁྱེད་ཀྱིས་ང་བརྗེད་འདུག་གམ། ཁ་པར་མ་འཇོག་ཨང་།
གཡུ་མཚོ།     ཨ་ལས། ཁྱེད་རང་རེད་འདུག
སངས་རྒྱས།   ད་ལྟ་ཁྱེད་རང་ག་རེ་བྱེད་ཀྱི་ཡོད་དམ།
གཡུ་མཚོ།     ང་ལས་ཁུངས་སུ་ལས་ཀ་བྱེད་བཞིན་ཡོད།
སངས་རྒྱས།   ཁྱེད་རང་ལ་ཁོམ་པ་ཡོད་དམ།
གཡུ་མཚོ།     དེ་རིང་ང་ཉིན་གང་བྲེལ་བ་ཡོད།
སངས་རྒྱས།   ཁྱེད་ཚོ་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་ལས་ཐག་ཆོད་ཀྱི་མ་རེད་དམ།
གཡུ་མཚོ།     རེད་དེ། དེ་རིང་ཕྱི་དྲོ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་བར་འགོར་སྲིད་ཀྱི་རེད། གལ་སྲིད་ཁྱེད་རང་ལ་ཛ་དྲག་མེད་ན་ཁ་པར་མར་འཇོག་གི་ཡིན།
སངས་རྒྱས།   འགྲིག་གི་རེད། ང་ལ་སྐད་ཆ་ཞིག་ལབ་རྒྱུ་ཡོད་དེ། ཛ་དྲག་པོ་དེ་འདྲ་མ་རེད།
གཡུ་མཚོ།     དེ་གཏམ་བཟང་རེད་དམ་གཏམ་ངན་རེད།
སངས་རྒྱས།   དེ་འདྲ་གང་ཡང་མ་རེད། རྗེས་ལ་ཁ་པར་གཏོང་གི་ཡིན། ང་ཚོ་སྐད་ཆ་ལྷོད་ལྷོད་བཤད་ཆོག རྗེས་ལ་མཇལ་ཡོང་།