འགོ་འཚུགས་པ། འཚོ་བར་རོལ་བ། ཁ་བྲལ་བ། པང་གཅལ་བཏིང་བ། དམག་མིར་ཞུགས་པ། ཆར་ཆུས་བརླན་པ།
འཛམ་གླིང་དམག་ཆེན་དང་པོ་འགོ་ཚུགས་པ་དང་། སྟོབས་རྒྱལ་དམག་མིར་ཞུགས་ཏེ། དམག་མི་མང་པོ་དང་མཉམ་དུ་རྡོར་གླིང་ལ་བསྐྱོད་པ་དང་། གྲང་ངད་དང་གཞའ་ཚན་ཆེ་ལ་འདམ་གྱི་ཁེངས་པའི་དམག་སྒར་དུ་བསྡད། ཁོང་གི་གུར་ནང་དུའང་ཆར་ཆུས་རློན་རྐྱང་ཆགས་པ་དང་། ས་སྟེང་དུ་འདམ་དང་ཆུས་ཁེངས་པ་མ་ཟད། ཁ་ལག་ཀྱང་ཧ་ཅང་སྐྱོ་པོ་ཡོད།
རྗེས་སུ་ཁོ་དམག་དཔོན་དུ་གྱུར་ཏེ་དམག་སྒར་གཞན་དུ་ལས་ཀ་བྱེད་པར་མངགས། དེར་ཁང་པ་དྲོ་བོའི་ནང་བག་ཕེབས་ངང་སྡོད་རྒྱུ་བྱུང་བ་དང་། ཟ་མ་ཡང་ལེགས་པས་ཧ་ཅང་སྐྱིད་པོའི་ངང་འཚོ་བར་རོལ།
ཟླ་བ་ཁ་ཤས་སོང་མཚམས་སུ་སྔོན་གྱི་དམག་སྒར་ནས་ཡོང་བའི་སྔར་གྱི་གྲོགས་པོ་ཞིག་དང་འཕྲད། གྲོགས་པོ་དེས་ “ཁྱེད་ང་ཚོའི་དམག་སྒར་དང་ཁ་བྲལ་བ་དེ་ཧ་ཅང་ནོར་སོང་” ཞེས་སྨྲས། སྟོབས་རྒྱལ་གྱིས་”གང་ཡིན་ནམ་” ཞེས་དྲིས། དམག་མི་དེས་”ཁྱེད་ཀྱིས་ཤེས་སམ། ཁྱེད་ཕྱིན་ནས་གཟའ་འཁོར་གཅིག་སོང་རྗེས། ང་ཚོའི་གུར་ནང་དུ་ཤིང་གི་པང་གཅལ་བཏིང་སོང་” ཞེས་སྨྲས་སོ།