ལས་ཐག་བཅད་པ། སྒོ་ཕྱེ་བ། འཕྱི་པོ་ཆགས་པ། དྲིལ་བརྡ་བསྣན་པ། ཨ་ལན་འདེབས་པ། སྐད་བཏང་བ། གཉིད་སད་པ། བསམ་བློ་བཏང་བ། བསམ་བློ་འཁོར་བ། ལད་ཟློས་བྱེད་པ། གཅིན་པ་བྲོ་བ། འགྲེལ་བཤད་བརྒྱབ་པ།
བདེ་སྐྱིད་དང་རྡོ་རྗེ་བཟའ་ཚོ་གཉིས་དང་ཕྲུ་གུ་བཅས་ལོན་ཌོན་(london)གྲོང་ཁྱེར་ཉེ་འདབས་ཀྱི་ཁང་པ་ཆུང་ཆུང་ཞིག་ཏུ་སྡོད་ཀྱི་ཡོད་ཅིང་། སྐུ་ཞབས་རྡོ་རྗེ་ལགས་མཚམས་རེ་ལས་ཐག་འཕྱི་པོ་མ་གཏོགས་མ་ཆོད་སྟབས། ནང་ལ་ལོག་ཕེབས་དུས་ཨ་ཅེ་དང་ཕྲུ་གུ་ཉལ་ཚར་གྱི་ཡོད་པས། ཁོང་གིས་ལྡེ་མིག་གིས་མདུན་སྒོ་ཕྱེ་ནས་ག་ལེར་འཛུལ་ཕེབས་ཀྱི་ཡོད། དགོང་མོ་ཞིག་ཁོང་ལོག་ཕེབས་རྒྱུ་དེ་བས་ཕྱི་པོ་ཆགས་པའི་ཁར་ལྡེ་མིག་ཀྱང་བརླག་སྟབས། སྒོ་འགྲམ་དུ་སླེབས་དུས་སྒོའི་དྲིལ་བརྡ་མནན་དགོས་བྱུང་། འོན་ཀྱང་ཨ་ལན་འདེབས་མཁན་མ་བྱུང་སྟབས། ཁོང་གིས་དྲིལ་བརྡ་ཐེངས་ཁ་ཤས་མནན་ཡང་སྒོ་འབྱེད་མཁན་མ་བྱུང་བས། ཁོང་གིས་ཉལ་ཁང་གི་སྒེའུ་ཁུང་བརྡུངས་ཏེ་སྐད་ཤུགས་ཆེན་པོས་ཨ་ཅེ་སྐད་བཏང་ཡང་ཨ་ཅེ་གཉིད་མ་སད།
དེ་ནས་ཁོང་གིས་བསམ་བློ་འཁྱུག་ཙམ་བཏང་རྗེས་ཐབས་ཤེས་ཡག་པོ་ཞིག་བསམ་བློ་འཁོར་ཏེ། སྐད་ཤུགས་ཆུང་ངུས་ཕྲུ་གུ་ཆུང་ཆུང་གི་ལད་ཟློས་བྱས་ཏེ་ “ཨ་མ། ང་གཅིན་པ་བྲོ་ཡི་འདུག ང་གསང་སྤྱོད་འགྲོ་དགོས་ཡོད་” ཟེར། ལྕམ་བདེ་སྐྱིད་ལགས་ལམ་སང་གཉིད་སད། དེ་ནས་སྐུ་ཞབས་ཁོང་གིས་འགྲེལ་བཤད་བརྒྱབ་པ་དང་ལྕམ་གྱིས་སྒོ་ཕྱེ།