• མདུན་ངོས།
  • སློབ་དེབ།
    • བོད་ཡིག་སློབ་དེབ།
    • ཨང་རྩིས་སློབ་དེབ།
    • ནང་ཆོས་རིགས་ལམ།
    • ཚན་རིག་སློབ་དེབ།
    • སྤྱི་ཚན་སློབ་དེབ།
    • རང་བྱུང་ཚན་རིག
    • སྦྱོང་དེབ།
  • སློབ་ཁྲིད།
    • སྒྲ་མཛོད།
    • བརྙན་འཕྲིན།
    • ཁྲིད་ཆས།
  • སྦྱོང་བརྡར།
    • སྦྱོང་བྱ།
    • ལྟ་ཀློག
    • ཚོད་རྒྱུགས།
    • ཡིག་གཟུགས་སྦྱོང་དེབ།
  • བརྡ་དག
    • བརྡ་སྤྲོད།
    • དག་ཡིག
  • གཞོགས་འདེགས་ཀློག་དེབ།
  • བྱིས་པའི་བརྙན་དེབ།
  • དུས་དེབ།
  • བརྙན་པར།
  • འབྲེལ་བ།

བོད་པས་སྐྱེས་སྐར་ཉིན་སྲུང་རྩི་ཞུ་ཚུལ་ནི།

དེང་སང་བོད་པའི་སྤྱི་ཚོགས་ནང་ཕྲུ་གུའི་སྐྱེས་ཚེས་སམ་སྐྱེས་སྐར་ཉིན་ཀེག་(སྤྲི་གོར)བཏུབ་པ་དང། ཡང་ལའི་སྒྲོན་མེར་ཕུ་བརྒྱབ་སྟེ་བསད་པ། མགོ་ལ་ཤོག་བུའི་ཞྭ་མོ་གཡོགས་པ་སོགས་ནུབ་ཕྱོགས་པའི་ལད་ཟློས་བྱེད་མཁན་མང་དུ་འགྲོ་གི་འདུག སྔར་རང་རེ་བོད་ལུགས་ལ་སྐྱེས་སྐར་ཉིན་བླ་མ་དང་དགོན་པ་ལྷ་ཁང་མཇལ་བར་ཕྱིན་ནས་ཕྱག་མཆོད་འབུལ། བསང་གསོལ་དར་སྒྲོག ཉམ་ཐག་ལ་སྦྱིན་པ་གཏོང་བ། ཤིང་སྣ་དང་མེ་ཏོག་འདེབས་འཛུགས། དགའ་ཉེ་འཛོམས་ཏེ་ཁྱིམ་དུ་ཁ་ལག་རྒྱས་བཤམས། ཡང་ན་གླིང་ཀར་འགྲོ་བ་སོགས་ལམ་སྲོལ་བཟང་པོ་ཞིག་ཡོད་པ་དེ་དོར་ནས་ཕྱི་ལུགས་ལ་ལད་མོ་བྱས་པ་དེས་མིག་སྔར་མི་མཛེས་པའི་ཁར་རང་ལུགས་ལ་མཐོང་ཆུང་བྱས་འདྲ་དང། ལྷག་དོན་དུ་ནང་པས་སྣང་གསལ་མཆོད་མེ་འབུལ་བ་ནི་མ་རིག་མུན་པ་སེལ་བའི་རྟགས་བཟང་པོར་མི་བརྩི་བ་དང། དེ་ལ་ཕུ་བརྒྱབ་སྟེ་བསད་ན་ཡག་པོར་མི་བརྩིའི་ཁར། སྔགས་ཀྱི་ནུས་པ་ཉམས་ཀྱི་ཡོད་པ་ཤོད་ཀྱི་ཡོད། དེས་ན་ཕ་མེས་དུས་ནས་དར་བའི་ཡ་རབས་ཀྱི་གོམས་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་ཐུབ་ན་དེ་ལ་རིག་གཞུང་གཅེས་འཛིན་ཟེར་བ་ཡིན།

བོད་པས་སྐྱེས་སྐར་ཉིན་སྲུང་རྩི་ཞུ་ཚུལ་ནི།

༡། བླ་མ་དང་དགོན་པ་ལྷ་ཁང་མཇལ་བ།
༢། ཕྱག་དང་མཆོད་འབུལ་བྱས་པ།
༣། བསང་གསོལ་བཏང་བ།
༤། རླུང་རྟ་དར་ལྕོག་བཙུགས་པ།
༥། ཉམ་ཐག་ལ་སྦྱིན་པ་གཏོང་བ།
༦། ཤིང་སྣ་དང་མེ་ཏོག་འདེབས་འཛུགས་བྱས་པ།
༧། དགའ་ཉེ་འཛོམས་ཏེ་ཁྱིམ་དུ་ཁ་ལག་གང་རྒྱས་བཤམས་པའམ། གླིང་ཀར་འགྲོ་བ།

བཀའ་སློབ། ཚན་པ་དང་པོ།
ཁོང་ཁྲོའི་ཉེས་དམིགས་ནི།
ཆང་རག་འཐུང་རྒྱུའི་ངན་ལང་ཤོར་ན།

This website is funded by DANIDA through CICED