བློ་འགྱོད་སྐྱེས་པ། ཁ་འཛིང་བྱེད་པ། སྐྱོན་མཚང་འདྲུ་བ། ཁ་ཡ་བྱེད་པ། རྣམ་འགྱུར་བསྟན་པ། བསམ་བློ་བཏང་བ།
མཚམས་རེར། ངས་ཆུང་མ་ལ་བརྩེ་མེད་ཀྱི་སྐད་ཆ་བཤད་པར་ང་ལ་ནོངས་འགྱོད་ཕྲན་བུ་རེ་སྐྱེས་ཡོང་། ཁ་འཛིང་བྱེད་ཐེངས་རེར། ངས་ཁོ་མོར་ངོ་མཚང་འདྲུ་ཅི་ཐུབ་བྱེད་བཞིན་ཡོད་དེ། དཔེ་བཞག་ན། ཁྱོད་བོད་པ་ཡིན་ཡང་བོད་སྐད་མི་ཤེས་པ། བོད་རིགས་ཀྱི་རིག་གནས་མི་ཤེས་པ། བོད་ཀྱི་འདུ་ཤེས་མེད་པ་སོགས་སྐྱོན་མཚང་འདྲུ་ཞིང་། དེ་རིང་ཡང་ཁྱོད་ལ་ཕ་ཡུལ་མེད་ཟེར་བའི་མཚང་འདྲུ་འདི་འདྲ་བྱས། གནས་ལུགས་གཞན་པ་བཤད་ན་ང་ཁོ་མོའི་ཁ་ཡར་མི་ཡོང་ན་ཡང་། དོན་འདི་འདྲིའི་ཐད་ཁོ་མོར་ཟེར་རྒྱུས་ཕོངས་ཤིང་སྐྱོ་སྣང་ཕྲན་བུ་ཞིག་རྣམ་འགྱུར་དུ་མངོན་ཡོང་། མཚམས་རེར། ལྷོད་ལ་བབས་ནས་བསམ་བློ་བཏང་ན། འདི་ཡོད་ཚད་ཁོ་མོ་ལན་པ་མ་ཡིན་པས། མཚང་འདྲུ་བྱེད་དོན་ཅི་ཡོད་སྙམ་ཡོང་།
མཆན་འགྲེལ།
བརྩེ་བ། སྙིང་རྗེ། ནོངས་འགྱོད། འགྱོད་པ་སྐྱེས་པའམ་ངོ་ཚ་བའི་དོན་ཡིན། མཚང་། ཉེས་པའམ་སྐྱོན། འདྲུ། བཏོན་པ། རིག་གནས། ཤེས་ཡོན། འདུ་ཤེས། བསམ་པ། སྐྱོན་མཚང་། ཉེས་སྐྱོན། ཁ་ཡ། ཚིག་ལན་བཤད་པ་དང་བཟང་ངན་གྱི་ལན་བྱིན་པའི་དོན། ཕོངས་པ། མེད་པ། མངོན། གསལ་བར་གྱུར་པ། ལན་པ། ཉེས་པའམ༌ཁག