མིག་ཤེལ་བརྒྱབ་པ། མིག་ཤེལ་འབུད་པ། འགོ་བརྩམས་པ། མཉམ་དུ་འགྲོ་བ། ནང་དུ་ལོག་པ། སྣུམ་འཁོར་བཏང་བ།
གཡུ་མཚོ་ཡི་མིག་སྐྱོ་བོ་ཡོད་སྟབས་རྒྱུན་དུ་མིག་ཤེལ་བརྒྱབ་ནས་སྡོད་ཀྱི་ཡོད། འོན་ཀྱང་མོ་ལོ་བཅུ་བདུན་ལ་སླེབས་རྗེས་ཕོ་གཞོན་ཞིག་དང་མཉམ་དུ་ཕྱིར་འགྲོ་འགོ་བརྩམས། ཁོ་མཉམ་དུ་འགྲོ་སྐབས་མིག་ཤེལ་གཏན་ནས་རྒྱག་གི་མེད།
ཕོ་གཞོན་དེས་མོའི་སྒོ་ཁར་ཡོང་ནས་གཡུ་མཚོ་ཕྱིར་འཆམ་པར་ཁྲིད་འགྲོ་སྐབས་མོས་མིག་ཤེལ་འབུད་རྐྱང་བྱེད་ཀྱི་ཡོད། ཡིན་ནའང་། ནང་དུ་ལོག་སླེབས་པ་དང་ཕོ་གཞོན་དེ་ལོག་རྗེས་ལམ་སང་མིག་ཤེལ་རྒྱག་གི་ཡོད།
ཉིན་ཞིག་གཡུ་མཚོའི་ཨ་མས་ “གཡུ་མཚོ་རང་ཕུན་ཚོགས་ཡོད་དུས་མིག་ཤེལ་མི་རྒྱག་པ་གང་ཡིན། ཁོས་སྣུམ་འཁོར་བཏང་ནས་སྤྲོ་འཆམ་ལ་འཁྲིད་སྐབས་རང་གིས་ཡུལ་ལྗོངས་མཛེས་པོ་དེ་ཚོ་གསལ་པོ་གཏན་ནས་མཐོང་གི་མ་རེད་པ་” ཞེས་འདྲི་སྐབས། གཡུ་མཚོ་ཡིས་ “ལགས་རེད། ངས་མིག་ཤེལ་མི་རྒྱག་པའི་སྐབས་ཕུན་ཚོགས་ལྟ་བཟོ་དོད་པ་མཐོང་གི་འདུག་ལ། ཁོ་རང་གིས་ཀྱང་ང་སྙིང་རྗེ་བོ་མཐོང་གི་ཡོད་ངེས་རེད་” ཅེས་ལབ།