ཤོག་བྱ་སྤུར་བ། ནམ་འཕང་གཅོད་པ། ལག་པ་གློད་པ། གནམ་ལ་འཕུར་བ། སྐུད་པ་འཐེན་པ། ལག་པ་རྡེབ་པ། སྐད་བརྒྱབ་པ།
གཟའ་ཉི་མའི་ཞོགས་པར། ནམ་མཁའ་དྭངས་ཤིང་གསལ་ལ། ཉི་འོད་དྲོ་ཞིང་འཇམ། ཨ་ཁུ་ལགས་ཀྱིས་རོགས་བྱས་ཏེ་ང་ཚོར་ཤོག་བྱ་བཟོས་བྱུང། ང་དང་ཕུ་བོ་གཉིས་ཀྱིས་ཤོག་བྱ་ཁྱེར་ནས། དགའ་དགའ་སྤྲོ་སྤྲོའི་ངང་ནས་རྩེད་ཐང་དུ་སོང། རྩེད་ཐང་ན་ཤོག་བྱ་སྤུར་མཁན་ཧ་ཅང་མང། ཁོང་ཚོ་མི་གཉིས་རེ་གསུམ་རེ་ལ་ཤོག་བྱ་རེ་བྱས་ཏེ། ལ་ལས་ཤོག་བྱ་གནམ་ལ་སྤུར་ཟིན་པ་དང། ལ་ལས་སྤུར་གྲབས་བྱེད་བཞིན་འདུག། བར་སྣང་དུ་ཤོག་བྱ་ཁ་དོག་དང་དབྱིབས་སྣ་ཚོགས་རླུང་གིས་བསྐྱོད་ནས་ལིང་ལིང་དུ་གཡོ་བ་དང། ནམ་འཕང་གཅོད་བཞིན་པའི་ཤོག་བྱའི་གཟུགས་དབྱིབས་ཁག་ནི། བྱ་རྒོད། ནེ་ཙོ། གསེར་ཉ། ཁྲུང་ཁྲུང་སོགས་ཧ་ཅང་མང། ཡིན་ནའང། མིའི་གདོང་དབྱིབས་ཅན་གྱི་ཤོག་བྱ་གཅིག་ཀྱང་མེད་པས། ངས་ཕུ་བོར་ང་ཚོའི་ཤོག་བྱ་དེ་མྱུར་དུ་གནམ་ལ་སྤུར་དང་ཞེས་བཤད། ཕུ་བོས་ང་ལ་ཤོག་བྱ་དྲང་མོར་འདེགས་སུ་བཅུག་རྗེས། ཁོང་གིས་སྐུད་པ་གཏོང་ཞོར་དང་འཐེན་ཞོར་དུ་སྔོན་ལ་རྒྱུག་པ་དང། ཕུ་བོས་ཐོངས་ཞེས་བཤད་མ་ཐག་ངས་ལག་པ་གློད་པ་ན། ང་ཚོའི་ཤོག་བྱ་གནམ་ལ་ཕུར་སོང། གཤོག་བྱ་དེའི་རྣ་བ་གཉིས་དལ་གྱིས་རྡེབ་པ་དང། མིག་གཉིས་ཀེམ་ཀེམ་དུ་འགུལ་བཞིན་འདུག ང་ཚོའི་ཤོག་བྱ་འཕུར་བ་ནི་གནམ་གྲུ་དང་བྱེའུ་ལས་ཀྱང་མཐོ་བས། ངས་རང་དབང་མེད་པར་དགའ་སྤྲོའི་ཐལ་མོ་རབ་ཏུ་རྡེབ་བཞིན་ངའི་ཤོག་བྱ་གནམ་གྲུ་ལས་ཀྱང་མཐོ་ཞེས་སྐད་བརྒྱབ། རྗེས་སུ་ནམ་མཁར་ཤོག་བྱ་ཇེ་མང་ཇེ་མང་དུ་སོང་བ་དང་ལྟད་མོ་ཧ་ཅང་མང།
གལ་ཆེའི་མིང་ཚིག
གཟའ་ཉི་མ། ཞོགས་པ། ནམ་མཁའ། ཉི་འོད། ཨ་ཁུ། ཤོག་བྱ། ཕུ་བོ། རྩེད་ཐང་། མི། གནམ། བར་སྣང་། ཁ་དོག དབྱིབས། རླུང་། ནམ་འཕང་། གཟུགས་དབྱིབས། བྱ་རྒོད། ནེ་ཙོ། གསེར་ཉ། ཁྲུང་ཁྲུང་། མི། གདོང་། སྐུད་པ། ལག་པ། རྣ་བ། མིག གནམ་གྲུ། བྱེའུ། རང་དབང་། དགའ་སྤྲོ། ཐལ་མོ། ལྟད་མོ།