གྲོད་ཁོག་ན་བ། འགྲེ་ལོག་རྒྱག་པ། བྲེལ་འཚུབ་ལངས་པ། ཉི་མ་ནུབ་པ། གཤག་བཅོས་བྱེད་པ། སྲོག་བསྐྱབས་པ།
ང་ལོ་བདུན་ལ་སོན་ཡོད། ཉིན་ཞིག་ལ། གློ་བུར་དུ་ཨ་མའི་གྲོད་ཁོག་ན་ནས་ཟུག་གཟེར་མ་བཟོད་པར་མལ་ཁྲིའི་ཐོག་ཏུ་འགྲེ་ལོག་རྒྱག་པ་དང། ཨ་ཕ་བྲེལ་འཚུབ་ཀྱིས་ངང་རྐང་རྗེན་དུ་ལེ་དབར་བཅུ་གཉིས་ས་རུ་སྨན་པ་འབོད་པར་སོང། ཉི་མ་ནུབ་ལ་ཁད་ཀྱི་དུས་སུ། ད་གཟོད་སྨན་པ་བསླེབས་བྱུང། སྨན་པས་ནད་ལ་བརྟགས་རྗེས། ཨ་མའི་ནད་ནི་རྒྱུ་ལྷག་གཉན་ཚད་རེད་ཟེར། མྱུར་དུ་གཤག་བཅོས་བྱེད་དགོས་པ་ལས། འགོར་འགྱངས་ཅུང་ཙམ་ཡང་བྱེད་མི་རུང་ཞེས་སྨན་ཁང་དུ་གཤག་བཅོས་བྱ་རྒྱུའི་ཐག་བཅད། གཤག་བཅོས་བདེ་བླག་ངང་འགྲུབ་སྟེ། ཨ་མས་སྲོག་བསྐྱབས་ཐུབ་སོང།
 
གལ་ཆེའི་མིང་ཚིག
ལོ། ཉིན། ཨ་མ། གྲོད་ཁོག ཟུག་གཟེར། མལ་ཁྲི། འགྲེ་ལོག ཨ་ཕ། རྐང་རྗེན། ལེ་དབར། སྨན་པ། ཉི་མ། ནད། རྒྱུ་ལྷག་གཉན་ཚད། གཤག་བཅོས། འགོར་འགྱངས། སྨན་ཁང་། སྲོག