ཟས་ཟ་བ། ལས་ཀ་བྱེད་པ། སྐྱིན་ཚབ་སྤྲོད་པ། ཁ་ལག་ཟ་བ། རིན་པ་སྤྲོད་པ།
ངས་ཟ་ཁང་ཞིག་གི་ནང་དུ་དགོང་ཟས་ཟ་བཞིན་པའི་སྐབས། ཚེ་རིང་ཡང་ཟ་ཁང་ནང་དུ་འཛུལ་ནས་ཡོང་སོང་། ཁོ་རང་ལོ་ཁ་ཤས་ཀྱི་སྔོན་དུ་ཁྲིམས་རྩོད་པའི་ལས་ཁུངས་ཤིག་ཏུ་ལས་ཀ་བྱེད་ཀྱི་ཡོད་ནའང་། ད་ཆ་དངུལ་ཁང་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད།
ཁོ་རང་གི་གླ་ཕོགས་དང་ཐོབ་ཐང་ཧ་ཅང་ཡག་པོ་ཡོད། འོན་ཀྱང་། ཁོས་ག་དུས་ཡིན་རུང་གྲོགས་པོའི་ས་ནས་དངུལ་གཡར་ཏེ་སྐྱིན་ཚབ་སྤྲོད་ཀྱི་མེད། ཚེ་རིང་གིས་ང་མཐོང་མ་ཐག་ཚུར་ཡོང་ནས་ང་དང་སྒྲོག་ཙེ་གཅིག་པ་བྱས་ནས་བསྡད་སོང་། ཁོ་རང་གིས་ངའི་ས་ནས་དངུལ་རྩ་བ་ནས་གཡར་མྱོང་མེད། ཁོ་རང་ཁ་ལག་ཟ་བཞིན་པའི་སྐབས་སུ་ངས་ཁོ་རང་ལ་ཨིན་སྒོར་གཉིས་གཡར་རོགས་ཞུས་པས། ངའི་བསམ་ཡུལ་ལས་འདས་པ་ཞིག་ལ་ལམ་སང་གཡར་བྱུང་། དེ་ནས་ཚེ་རིང་གིས་ “ངས་རང་གི་ས་ནས་དངུལ་རྩ་བ་ནས་གཡར་མྱོང་མེད་སྟབས། ད་རེས་རང་གིས་ངའི་དགོང་ཟས་ཀྱི་རིན་པ་སྤྲོད་དགོས་” ཞེས་བཤད་བྱུང་།