གཡུ་ལོ་སྐྱིད། འཛིན་གྲྭ་བཅུ་གཉིས།
གོ་པཱལ་པུར་བོད་ཁྱིམ་སློབ་གྲྭ།
༸རྒྱལ་བ་ཡིད་བཞིན་ནོར་བུ། ། གངས་ཅན་བོད་ཀྱི་བླ་མ། །
ཁྱེད་ཀྱི་འཛུམ་པའི་བཞིན་གྱིས། ། འགྲོ་བའི་ཡིད་དབང་འཕྲོག་སོང། །
མདོ་སྨད་ཡུལ་དུ་སྐུ་ཡི་སྐྱེ་བ་བཞེས། ། གཞུང་ལུགས་ཕལ་ཆེར་དབུས་གཙང་ཁུལ་དུ་གསན། །
འཕགས་པའི་ཡུལ་ནས་མཚན་སྙན་ཡོངས་སུ་གྲགས། ། ཞི་བདེའི་དེད་དཔོན་ཆེན་པོ་རྒྱལ་གྱུར་ཅིག །
གཞོན་ནུའི་ན་ཚོད་ཕྲ་བའི་དུས་སྐབས་སུ། ། ཁ་བའི་ལྗོངས་ཀྱི་འགྲོ་བའི་བདེ་དོན་སླད། །
ལུགས་གཉིས་ཆོས་སྲིད་བདག་པོར་མངའ་གསོལ་བ། ། རྨད་བྱུང་སེམས་དཔའ་ཆེན་པོ་ཁྱེད་ལ་འདུད། །
རིག་གནས་གསར་བརྗེ་ཞེས་པའི་དུས་སྐབས་སུ། ། བོད་ཀྱི་དགོན་པ་མཆོད་རྟེན་བཤིགས་ན་ཡང། །
རྒྱ་གར་ཡུལ་དུ་༸རྒྱལ་བའི་ཐུགས་ཡིས། ། གསར་བསྐྲུན་ངོ་མཚར་ལྡན་པ་ཁྱེད་ཀྱི་དྲིན། །
༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི། ། ཐུགས་བསྐྱེད་དམ་བཅས་བཞི་པོས། །
མཁས་དབང་རྣམ་དཔྱོད་ཅན་ཚོའི། ། སེམས་ཀྱི་ཡིད་དབང་འཕྲོག་སོང། །
བོད་རྒྱའི་དཀའ་རྙོག་སེལ་ཆེད། ། དགོངས་པ་རྒྱ་ཆེ་བཞེས་ཏེ། །
གཉིས་ཕན་དབུ་མའི་ལམ་བཟང་། ། ཁྱེད་ཀྱིས་གསར་བཏོད་གནང་སོང་། །
རྒྱ་དམར་ཀླ་ཀློའི་དྲག་པོའི་དམག་དཔུང་གིས།། ཁ་བའི་ལྗོངས་འདི་རྩ་མེད་གཏོང་བའི་སྐབས།།
གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།། འདེགས་པའི་རླབས་ཆེན་སྐྱེ་བོ་ཁྱེད་མིན་སུ།།
སྙིགས་མའི་རང་མདངས་ཆེས་ཆེར་གསལ་བ་དང་།། གངས་ཅན་ལྗོངས་ཀྱི་བསྟན་སྲིད་ཉ་ཕྲའི་སྐབས།།
གཞན་ཕན་བྱ་བ་རླབས་ཆེན་སྒྲུབ་པ་ཡིས།། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཁྱེད་ལ་འདུད།།
མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཞེས། ། བོད་ཀྱི་གདུལ་བྱ་འདུལ་བར་བྱོན་ན་ཡང་། །
ཁྱེད་ནི་འགྲོ་བ་ཡོངས་ཀྱིས་མ་འདྲིས་པའི།། དགེ་བའི་བཤེས་གཉེན་ཁྱེད་ཉིད་ལས་གཞན་སུ། །
༸གོང་ས་མཆོག་ནི་ཞི་བའི་དེད་དཔོན་ཏེ། ། ཞི་བདེའི་དེད་དཔོན་ཞེས་པའི་མཚན་ཡང་གསོལ། །
འཛམ་གླིང་མཛེས་པར་བྱེད་པའི་ཉི་ཟླ་བཞིན། ། ཁྱེད་ཀྱི་མཚན་སྙན་གོ་ལ་ཡོངས་སུ་ཁྱབ། །

ད་བར་དཔྱད་མཆན་མེད།