བསྟན་འཛིན་ཆོས་འཛོམས། འཛིན་གྲྭ་བཅུ་གཉིས།
སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།
འདྲེན་པ་འགྲོ་བའི་ལེགས་བྱས་སྲོང་བའི་ཐུགས།། དགྱེས་པའི་རྦ་རླབས་འཁྱིལ་བའི་ཞལ་སྒོ་ཀླུབ།།
འཛུམ་གྱིས་བྱམས་པའི་བལ་ཕྱར་བསྟུམས་པའི་སྲབ།། ཟླ་བའི་མདངས་ལྡན་འོད་ལྡན་འོད་བཟང་ཅན།།
གཡོ་མེད་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས།། ཡུད་ཙམ་ཁྲོས་པའི་སྤྱན་གྱི་སྡང་མིག་གིས།།
ཆོས་ཀྱི་ཆོ་ག་མེ་ལོང་མཐོང་ཐོས་གསལ།། མཐའ་བཞི་རབ་འབྱམས་ཁྲི་གདུགས་འཕྲོ་བ་ངེས།།
འཕགས་མཆོག་རིག་གསུམ་མགོན་མི་རྣམ་པར་བྱོན།། དཔའ་མཛངས་དམ་པ་བློ་གྲོས་རབ་རྒྱས་མཛོད།།
ཡིད་བཞིན་ནོར་བུ་ཞུམ་མེད་སྒྲོན་མེ་བྲོ།། སྟག་འཚེར་སོ་ནམ་ཡུལ་གྲུའི་རྗེ་བོ་འདྲེན།།
གཡུ་ཡི་མཎྡལ་རི་མོ་བཀོད་འཆར་བཞིན།། ལྷ་མོ་དོན་གྲུབ་བོད་འབངས་ཀུན་སྙིང་དབུས།།
སྙིང་རྗེ་འཕྲེང་བ་དན་ཤོལ་གཟུགས་བྱས་རྒྱན།། ཚོགས་གཉིས་ཉམས་ལེན་ཐུགས་ཀར་སྙིང་ལ་ཉེ།།
ངང་ཚུལ་བཟང་མ་ང་རོ་འཐིམས་པ་ལྟར།། རྣ་བའི་བུ་ག་ཐིངས་པའི་ལེགས་བཤད་བརྗོད།།
བཀའ་བསྐྱངས་འབངས་ཀྱི་བདེ་ལྡན་རྗེས་འགྲོར་མཛད།། སུཿཁ་ཀུན་སྙོམས་ཙེ་གུར་མེད་པ་གནང་།།
དྲི་མེད་གཉན་པོ་མདའ་ཡིག་མདའ་བཞུ་རྟགས།། སྡེ་བཞི་ཕུན་ཚོགས་གཡུང་དྲུག་བདག་གཅེར་བསྲུང་།།
སྲིད་འཁོར་གཞོམ་ཞིག་ཡོངས་དྲལ་མཁའ་ཀུན་འགེངས།། སྤྲིན་གཉིས་བསྒྲིམས་སྟུག་བན་བུན་གཅོད་པའིོ་དབང་།།
སྐྱེ་འགྲོ་དྲུག་གི་ཕན་བདེའི་གསོས་སྨན་མཆོག ། ཡ་རབས་སྲོལ་དུ་རྒྱུག་པ་ཀླུང་པོ་རྒྱུན།།
བགས་ཡོད་མི་ཆོས་རྩ་བར་ཟུངས་བ་ནས།། འཇིག་རྟེན་ཚུལ་ལུགས་ཚུལ་ཁྲིམས་སྒོ་མ་འཕྱེ།།
བསྐལ་བཟང་བཀྲ་ཤིས་རྒྱལ་མཚན་བསྒྲེངས་པའི་དུས།། སྐུ་ཚེ་མི་ཤིགས་བསྐལ་བརྒྱར་རབ་བརྟན་པས།།
གོ་སྟོན་འཚམས་འདྲི་ལྷད་མེད་ཞུ་བའི་ངང་།། སྦྲགས་ཡིག་གསེར་གྱི་ཕོ་ཉ་སྦྱིན་པ་འདོད།།

ད་བར་དཔྱད་མཆན་མེད།