ཟ་འཕྲུག་ལངས་པ། རྗེས་ཤུལ་ལུས་པ། ཟུངས་ཁྲག་གཞིབ་པ། ཐིགས་པ་ཐིགས་པ། མིག་ལ་གཟན་པ།
དབྱར་གྱི་དུས་ཚིགས་ནི་དུག་སྦྲང་གི་དུས་ཚོད་རེད། ང་གང་ནས་བསྡད་ཀྱང་དུག་སྦྲང་གིས་རྨུགས་ནས་ཚ་བེར་བེར་བྱེད་ཅིང་། བཟོད་དུ་མེད་པའི་ཟ་འཕྲུག་ལངས་ཤིང་དམར་པོར་གྱུར་པའི་སྐྲངས་འབུར་རེ་རེ་ལུས་ཀྱི་གོས་ཀྱིས་སྒྲིབ་མེད་པའི་ཆ་ཀུན་ནས་མངོན་ཡོང་། ཚ་གདུག་ཇི་ལྟར་ཆེ་ན། དུག་སྦྲང་གི་གདུག་རྩུབ་དེ་ལྟར་ཆེ། ངས་ལག་པ་གང་ཡོང་གི་དངོས་པོས་གྱང་ངོས་དང་ཅོག་ཙེ། མལ་ཁྲི། དཔེ་དེབ་སོགས་སུ་ལྐོག་གཡོ་དང་བཅས་མི་ཁྲག་འཇིབ་པར་འཇབ་ནས་བབས་ཡོད་པའི་དུག་སྦྲང་དེ་དག་གསོད་བཞིན་བསྡད། ང་སྡོད་སའི་ཁང་པའི་དཀར་ཆ་དོད་པའི་གྱང་ངོས་སུ་ཁྲག་ཐིགས་ཆུང་ཆུང་གང་མང་གི་རྗེས་ཤུལ་ལུས་ཡོད་ཅིང་། དེ་ནི་དུག་སྦྲང་གི་དུད་ཁྲོད་ཡིན་ཏེ། དུག་སྦྲང་གིས་ངའི་ལུས་ཀྱི་ཟུངས་ཁྲག་གཞིབ་རྗེས་ངས་དེ་ལྟར་གྱང་ངོས་སུ་གཅིར་བ་ན་དམར་པོ་ཁྲག་གི་རྗེས་ཤུལ་རེ་རེ་ཕབ་བྱུང་། ངས་གྱང་ངོས་སུ་ལུས་པའི་དུག་སྦྲང་གི་ཁྲག་ཐིགས་དེ་དག་ལ་བལྟས་ནས་བསྡད། གྱང་ངོས་སུ་དུག་སྦྲང་གཅིར་བའི་རྗེས་ཤུལ་དམར་པོ་དེ་དག་ནི་དེ་ལྟར་མིག་ལ་གཟན་པ་ཞིག་འདུག
 
མཆན་འགྲེལ།
རྨུགས། སྲོག་ཆགས་ཆུང་ངུས་སོ་བཏབ་པ། སྐྲངས་འབུར། སྐྲངས་ནས་འབུར་འབུར་ཆགས་པ། སྒྲིབ། དངོས་རྫས་གཞན་བཀབ་པ། མངོན། གསལ་བར་གྱུར་པ། གྱང་། རྩིག་པ། གདུག་རྩུབ། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་མ་རུངས་པ། ལྐོག་གཡོ། མི་མངོན་པའི་གཡོ་ཐབས། འཇབ། གཞན་ལ་ཚོར་དུ་མི་འཇུག་པའི་སྤྱོད་པ། དུར་ཁྲོད། མིའི་རོ་སྐྱེལ་ས། ཟུངས་ཁྲག ཁྲག གཅིར། མནན་ནས་ལེབ་མོ་བྱས་པ། རྗེས་ཤུལ། སྔར་གྱི་བཟོ་དབྱིབས།