ཉོ་ཆ་རྒྱག་པ། སྐད་ཆ་དྲིས་པ། ལས་ཐག་བཅད་པ། ཆེ་ཐག་ཆོད་པ། དགའ་ཐག་ཆོད་པ།
ཉིན་ཞིག་ལྕམ་བསམ་སྐྱིད་ལགས་ཕྱིར་ཉོ་ཆ་རྒྱག་པར་ཕྱིན་ནས་དགོང་མོ་ཁོང་གི་སྐུ་ཟླ་ལོག་ཕེབས་རྗེ་ཁོ་མོས་རྒྱུ་སྲིང་བལ་གྱི་མོ་གོས་སྙིང་རྗེ་པོ་ཞིག་གི་སྐོར་གླེང་བ་དང་སྦྲགས་ “དེ་རིང་སྔ་དྲོ་ངས་ཚོང་ཁང་ཞིག་ནས་དེ་མཐོང་བྱུང་།” ད་དུང་ཞེས་ཟེར་བས་ཁོང་གི་སྐུ་ཟླས་ “ད་དུང་ཁྱེད་རང་ཉོ་འདོད་སླེབས་པ་རེད། དེར་གོང་ག་ཚོད་རེད་འདུག་གམ་” ཞེས་སྐད་ཆ་དྲིས་པར། “ཨིན་སྒོར་ ༡༥ རེད་འདུག་” ཟེར། “སྲིང་བལ་གྱི་གོས་ཞིག་ལ་ཨིན་སྒོར་ ༡༥ དགོས་ཟེར་བ་ནི་གོང་ཆེ་ཐག་ཆོད་པ་རེད་” ཟེར། ཁོང་གི་སྐུ་ཟླ་ཕྱི་དྲོ་ལས་ཐག་བཅད་ནས་ལོག་ཕེབས་སྐབས་ལྕམ་བསམ་སྐྱིད་ལགས་ཀྱིས་ག་དུས་ཡིན་རུང་མོ་གོས་དེའི་སྐོར་རྫོགས་རྒྱུ་མེད་པ་གླེང་གི་ཡོད། དེ་ལྟར་གཟའ་འཁོར་གཅིག་ལྷག་ཙམ་སོང་རྗེས་ཁོང་གི་སྐུ་ཟླས་གཞི་ནས་ཉོ་རྒྱུ་ཁས་བླངས་ཏེ་ “འོ་ན་འགྲིག་གི་རེད། རང་ཉོ་བར་རྒྱུག དངུལ་འདིར་ཡོད་” ཟེར་བས་ལྕམ་བསམ་སྐྱིད་ལགས་དགའ་ཐག་ཆོད་པ་རེད། འོན་ཀྱང་ཉིན་གཉིས་པའི་དགོང་དྲོ་ཁོང་གི་སྐུ་ཟླ་ལོག་ཕེབས་སྐབས་ “གང་འདྲ་བྱུང་སོང་། དར་སོ་ཆེ་བའི་གོས་དེ་ཉོས་ཡོད་པས་” ཞེས་འདྲི་སྐབས་ཁོ་མོས་ “ཉོས་མེད་ཟེར།” “ག་རེ་བྱས་སོང་” ཞེས་དྲིས་པར་། “གྱོན་གོས་དེ་གཟའ་འཁོར་གཅིག་སོང་ནའང་ད་དུང་ཚོང་ཁང་གི་ཟོག་དཔེའི་ཤེལ་སྒྲོམ་ནང་དུ་རང་འཇགས་བཀལ་ནས་འཇོག་གི་རེད་ག་ལ་བསམ་གྱི་རེད། བྱས་ཙང་མི་གཞན་དག་ཚང་མས་གྱོན་གོས་དེར་སྣང་བར་འཇོག་གི་མེད་ན་ངས་ཀྱང་ཉོ་གི་མིན་” ཟེར།