ཚེ་རིང་ལྷ་སྐྱིད། འཛིན་གྲྭ་བཅུ་གཉིས།
གོ་པཱལ་པུར་བོད་ཁྱིམ་སློབ་གྲྭ།

གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་མདོ་ཁམས་སུ། ། བྱང་ཆུབ་སེམས་དཔའ་ལྷ་མོ་དོན་གྲུབ་འཁྲུངས། །

སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྐྱེ་བོ་དེ། ། དགུང་ལོ་ལྔ་ལ་གསེར་ཁྲིར་མངའ་གསོལ་ཞུས། །

བཞི་བཅུ་ཞེ་དགུའི་ལོ་ལ་རྒྱ་དམར་གྱིས། ། དྲག་པོའི་དམག་མི་བོད་ལ་གཏོང་བའི་སྐབས། །

དགུང་ལོ་བཅུ་དྲུག་མ་གཏོགས་མ་ཕེབས་ཀྱང། ། ལུགས་གཉིས་ཆོས་སྲིད་ཐུགས་འགན་བཞེས་དགོས་བྱུང་། །

བོད་ཀྱི་སྤྱི་ཚོགས་གནས་སྟངས་ཡོངས་གཟིགས་ནས། དབུལ་ཕྱུག་མི་མཉམ་དྲང་བདེན་མེད་པར་བརྟེན། །

ལྔ་བཅུ་ང་གཉིས་ལོ་ལ་ལེགས་བཅོས་ཀྱི། ། ཚོགས་ཆུང་བཙུགས་ནས་བསྒྱུར་བཅོས་གནང་ཐབས་མཛད། །

འོན་ཀྱང་རྒྱ་དམར་ཀླ་ཀློའི་དཔུང་གི་དམག ། བོད་དུ་སླེབས་ནས་རྒྱ་དཔོན་དེ་དག་དང་། །

ཞི་བའི་ཐོག་ནས་གནས་ཐབས་མཛད་ན་ཡང་། ། རྒྱ་དཔོན་དྲག་རྩུབ་ཆེ་བས་ལམ་ལྷོང་དབེན། །

ང་དགུར་ལྷ་ལྡན་གཙུག་ལག་ཁང་ཆེན་དུ། ། རབ་བྱུང་དགེ་བཤེས་སྟོང་ཕྲག་དབུས་དཀྱིལ་དུ། །

གྲྭ་སྐོར་དམ་བཅའ་ཞེས་པའི་ལྷ་རམས་པའི། ། དགེ་བཤེས་དམ་བཅའ་བཞག་པས་མཚན་སྙན་རྒྱས། །

ཆིག་སྟོང་དགུ་བརྒྱ་ང་བཅུ་ང་དགུ་ཡི། ། ཕྱི་ཟླ་གསུམ་པའི་བཅུ་བདུན་མཚན་མོ་ལ། །

ལྷ་ས་ནོར་གླིང་ཕོ་བྲང་བཞག་ནས་ནི། ། ཉེན་གཡོལ་ཆིབས་བསྒྱུར་མཛད་པ་ངོ་མཚར་ཆེ། །

བཙན་བྱོལ་ཕེབས་རྗེས་གྲོས་མཐུན་བཅུ་བདུན་ཞེས། ། དམ་ཕྲུག་རྫུན་མ་བཟོས་ཏེ་ཕབ་བཅུག་པའི། །

གྲོས་མཐུན་དེ་ལ་ངོས་ལེན་མེད་ཅེས་པའི། ། གསལ་བསྒྲགས་འཛམ་བུ་གླིང་ལ་ཡོངས་སུ་གྲགས། །

༸སྐུ་ཚེ་གང་པོར་གཞན་དོན་ཁོ་ནའི་ཆེད། ། འཛམ་གླིང་ཤར་ནུབ་ཡུལ་གྲུ་དེ་དག་ཏུ། །

ཕེབས་ནས་གསུང་གི་བདུད་རྩིས་ཚིམས་པར་མཛད། ། ཞི་བའི་དེད་དཔོན་ཞེས་པའི་མཚན་ཡང་གསོལ། །

ཁྱེད་སྐུ་བགྲེས་ཀྱང་བཞིན་རས་མཚར་སྡུག་ལྡན། ། གསུང་གི་སྒྲ་དབྱངས་གོ་ལ་ཡོངས་ལ་ཁྱབ། །

ཐུགས་ཀྱི་བྱམས་བརྩེས་འགྲོ་བའི་སྡུག་བསྔལ་སེལ། ། ཞི་བའི་དེད་དཔོན་༸གོང་ས་མཆོག་ལ་བདུད། །

གངས་ཅན་འགྲོ་བའི་མགོན་སྐྱབས་སྤྱན་རས་གཟིགས། ། མི་ཡི་རྣམ་པར་བྱོན་པའི་དགེ་སློང་ཁྱེད། །

 འཇིག་རྟེན་འགྲོ་བ་ཡོངས་ཀྱི་ལམ་སྟོན་པ། ། བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་གྱུར་ཅིག །