Skip to main content
ཤེས་རིག་ལས་ཁུངས།

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་ཚུལ་བཟང་། ལྔ་པ།མོན་གྷོ་གཞིས་གྲོང་དྲུག་པའི་སཾ་བྷོ་ཊ་ཉིན་སློབ། ད་ལོ་བོད་མི་ཡོངས་ཀྱིས་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་ཡི་ཡོད། གང་ཡིན་ཟེར་ན། ད་ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་པས་བོད་མི་ཙམ་མ་ཡིན་པར་མི་མང་པོས་བྱམས་བརྩེའི་ལོ་སྲུང་བརྩི་བྱེད་བཞིན་ཡོད། ད་ལོ་ང་ཚོའི་སློབ་གྲྭའི་ནང་ཤ་རྩ་བ་ནས་སྤངས་པ་རེད། ཟླ་བ་རེེ་ལ་༸གོང་ས་མཆོག་གི་བཀའ་སློབ་ཐེངས་གཉིས་རེ་སྟོན་གྱི་རེད། བདུན་ཕྲག་རེ་ནས་སློབ་གྲྭའི་ཁོར་ཡུག་གཙང་མ་བཟོ་ཡི་ཡོད། ༸གོང་ས་མཆོག་ནི་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས ༦ ཉིན་ཨ་མདོ་སྟག་འཚེར་ཞེས་པའི་ཡུལ་དུ་ཡབ་ཆོས་སྐྱོང་ཚེ་རིང་དང་། ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་ཞི་བདེའི་དེད་དཔོན་ཆེན་པོ་ཞེས་ཞུ་ཡི་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ ཉིན་ང་ཚོའི་སློབ་གྲྭའི་ཁོར་ཡུག་ནང་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞེས་པའི་མེ་ཏོག་ལྡུམ་ར་ཞིག་དབུ་འབྱེད་བྱས་པ་རེད། དེེའི་ནང་མེ་ཏོག་མི་འདྲ་བ་མང་པོ་འདེབས་བཙུགས་གནང་ཡོད། དེ་ཧ་ཅང་གཙང་མ་ཡོད། དེའི་སྒང་ལ་རླུང་རྟ་མང་པོ་དཔྱངས་ཡོད། སྐྱེད་ཚལ་མཐའ་ལ་ལྕགས་རྩི་སྔོན་པོ་བཏང་ཡོད། ཧ་ཅང་སྙིང་རྗེ་མོ་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན་མོར་ང་ཚོས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཡིན། ཁོང་གི་འཁྲུངས་སྐར་ལ་ང་ཚོས་གཞིས་གྲོང་གསུམ་པའི་མི་མང་ཚོགས་ཁང་ནང་ལ་སྲུང་བརྩི་ཞུས་པ་ཡིན། དེར་སྤྲི་གོར་མི་འདྲ་བ་ཁག་གཉིས་བགོ་བཤའ་བརྒྱབ་སོང་། སྤྲི་གོར་གཅིག་ནི་ནམ་རྒྱུན་དང་མི་འདྲ་བར་དཀར་པོ་ཡོད་པ་དང་དེའི་སྟེང་༸གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་རེད། སྤྲི་གོར་གཞན་དེ་ནི་དེ་འདྲ་མཐོ་པོ་ཞིག་འདུག དེ་ནི་སྤགས་ཚོགས་དང་འདྲ་བའི་ཕྱི་ལ་དམར་པོ་ཞིག་ཡོད་པ་དང་། འཛམ་བུ་གླིང་ནང་ནས་འབྲུ་རིགས་མི་འདྲ་བ་བརྒྱ་ལས་གྲུབ་པའི་སྤྲི་གོར་ཞིག་ཡིན། དེའི་སྐབས་ལ་ང་ཚོའིི་སློབ་གྲྭའི་འཛིན་གྲྭ་གསུམ་པའི་སློབ་མ་ཚོས་ཨར་གཞས་དང་། ཀོང་གཞས་མཛད་པའི་རླབས་ཕྲེང་ཞེས་པའི་གཞས་སྣ་འཁྲབ་སྟོན་ཞུས་ཡོད། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༣༠ ཉིན་བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་དུས་ཆེན་ཞིག་སྲུང་བརྩི་ཞུས་ཡོད། དེའི་ཉིན་བོད་ཀྱི་སེམས་ཅན་དང་། ཁ་ལག རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས། བོད་ཀྱི་གཙང་པོ། […]

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

རྡོ་རྗེ་གཅོད་པ་འཚོ། འཛིན་གྲྭ་ལྔ་པ།དྷ་སྟེང་བོད་ཁྱིམ་སློབ་གྲྭ། ང་ཚོའི་དབུ་ཁྲིད་༸གོང་ས་མཆོག་གི་གོ་སྟོན་སྲུང་བརྩི་ཉིན་མོ་དེ་ལ་ཁྱིམ་གྲོགས་རྣམས་ནམ་རྒྱུན་དང་མི་འདྲ་བའི་ཞོགས་པ་སྔ་པོ་ཡར་ལངས་ནས་ཨ་ཅག་ཁ་ཤས་ཀྱིས་ཨ་མ་ལགས་ལ་མེ་ཏོག་བཏབ་རོགས་བྱས་པ་དང་དེ་གཞན་ལས་ཀ་མང་པོ་བྱས་སོང་། དེ་མཉམ་དུ་ཨ་མ་ལགས་ཀྱིས་ང་ཚོ་ཞོགས་ཇ་ལ་མར་དང་བག་ལེབ་སྤྲད་སོང་། ང་ཚོ་ཞོགས་ཇ་བསྒྲུབས་པ་དང་ཨ་ཅག་ཞིག་གི་མཆོད་ཁང་ལ་ཕྱིན་ཏེ་སྨོན་ལམ་བཏབ་སོང་། དེ་ངའི་མཐོང་བའི་ང་ཡང་ཨ་ཅག་མཉམ་དུ་སྨོན་ལམ་བཏབ་པ་ཡིན། དེ་དུས་ང་ཚོ་ཨ་མ་ལགས་ཀྱིས་དེ་ཉིན་ནས་ང་ཚོ་ཁྱིམ་ཚང་ལ་ཤ་རིགས་སྤངས་ན་ཕན་ཡོན་འགྲེལ་བཤད་བརྒྱབ་པ་མ་ཟད་ང་ཚོ་ཁྱིམ་ཚང་ལ་ཤོག་བུ་ཞིག་གི་ནང་ལ་དམ་བཅའ་མང་པོ་བཞག་པ་རྣམས་བྲིས་བཅུག་སོང་། ཨ་མ་ལགས་དང་རྒན་ལགས་རྣམས་ང་ཚོའི་སློབ་གྲྭའི་འགྲམ་ལ་ཤིང་སྡོང་ ༩༠ བཏབ་པ་རེད། རྒྱུ་མཆན་ནི་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ཕེབས་ཡོད་ཙང་ཤིང་སྡོང་ ༩༠ བཏབ་པ་རེད་ དེ་ནང་བཞིན་བྱེད་སྒོ་མང་པོ་ཚོགས་སོང་། དཔེར་ན། སློབ་གྲྭ་ཆེ་བའི་ཨ་ཅག་དང་ཅོ་ཅོ་རྣམས་ཀྱིས་གཏམ་བརྗོད་འཁྲབས་པ་དེ་༸གོང་ས་མཆོག་གི་གོ་སྟོན་དང་འབྲེལ་བ་མང་པོ་འདུག  དེ་བཞིན་ང་ཚོ་ཡང་༸གོང་ས་མཆོག་གི་གོ་སྟོན་དང་འབྲེལ་བའི་གཏམ་རྗོད་འཁྲབས་པ་དང་སྙན་ཚིག་བསྐྱོར་བ་དང་བཀའ་སློབ་སོགས་མང་པོ་བཀླགས་པ་ཡིན་པའི་རྒྱུ་མཚན་ནི་དེ་ལ་དམིགས་བསལ་བྱེད་དོན་ནི་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་ཡི་ཡོད་ ཉིན་ཁ་ཤས་རྗེས་གུང་གསེང་ཞིག་གི་ཞོགས་པ་ལ་ང་དང་ཨ་མ་ལགས་ཀྱིས་ཕྱུ་པ་གཙང་མ་གྱོན་ནས་གཙུགས་ལག་ཁང་འཇལ་དུ་ཕྱིན་པ་མ་ཟད་དགོན་པ་ནང་སྐུ་གདུང་ཁག་མཇལ་བ་དང་གཙུགས་ལག་ཁང་གླིང་སྐོར་གསུམ་སྐོར་བ་ཡིན། སྐབས་དེ་དུས་ང་ཧ་ཅང་གི་གཟུགས་པོ་ཐང་ཆད་སོང་ཡིན་ན་ཡང་ངས་མི་རྒན་འཁོགས་མང་པོ་སྐོར་ར་སྐོར་བ་མཐོང་བས་ང་ཡང་སེམས་ཤུགས་མ་ཆགས་ནས་མུ་མཐུད་སྐོར་ར་ཁ་ཤས་བསྐོར་བ་ཡིན། དེ་རྗེས་གཙུགས་ལག་ཁང་རྒྱ་སྒོ་གཡས་གཡོན་གྱི་ཉེ་འགྲམ་ལ་ཡོད་པའི་སྤྲང་པོ་ཚང་མ་ལ་སྒོར་གཅིག་གཅིག་སྤྲད་པའི་སྐབས་ཁོ་ཚོ་ཚང་མ་སེམས་དགའ་ཐག་ཆོད་ནས་གདོང་ལ་དགའ་བའི་འཛུམ་མདངས་ཀྱི་རྣམ་འགྱུར་བསྟན་པས་བུ་མོ་ང་རང་ཡང་སེམས་པ་ཧ་ཅང་སྐྱིད་པོ་བྱུང་བ་མ་ཟད་མཚན་ལ་གཉིད་ཀྱང་ཧ་ཅང་སྐྱིད་པོ་ཤོར་བྱུང་། ང་དང་ཨ་མ་གཉིས་༸སྐུ་ཡི་གོ་སྟོན་ཉིན་མོ་ལ་ཉིན་དགུང་ཁ་ལག་ཚང་མ་དཀར་ཟས་བཟས་པ་ཡིན།      སྐབས་དེར་ཉིན་ཞིག་ཡང་བསྐྱར་གློ་བུར་དུ་ལམ་ལ་ཁྱི་རྒན་འཁོགས་ཞིག་རྐང་པ་ལ་རྨ་བཟོས་ཡོད་པ་མཐོང་བྱུང་བས་ངའི་ལག་ཏུ་ཡོད་པའི་བག་ལེབ་ཏོག་ཙམ་ཞིག་ཁྱི་དེ་ལ་སྤྲད་སྐབས་ཨ་མ་ལགས་ཀྱིས་ང་ལ་གསུངས་གནང་གི་འདུག་པས་ངའི་ཁྱི་དེ་ལ་རོགས་པ་བྱེད་རྒྱུ་དུས་ཚོད་རག་མ་བྱུང་ཡང་ངས་ཨ་མ་ལགས་ལ་སེམས་ཅན་ཆེ་ཆུང་ཚང་མ་ལ་དཀའ་ངལ་འཕྲད་སྐབས་རོགས་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་༸གོང་ས་མཆོག་གིས་ཡང་ཡང་གསུང་གི་ཡོད་པ་འགྲེལ་བཤད་བརྒྱབ་པ་ཡིན་ཙང་ངའི་ཨ་མ་ལགས་སེམས་ལ་ཚོར་བ་ཞིག་སྐྱེས་ནས་དགོངས་དག་ངས་ནོར་འདུག་གསུངས་བྱུང་། མདོར་ན་ད་ལོ་སྐུ་ཡི་གོ་སྟོན་ཉིན་མོར་ལ་ང་རང་གི་གང་ཐུབ་ཐུབ་ཀྱི་ལས་ཀ་བཟང་པོ་མང་པོ་ཞིག་འབད་བརྩོན་བྱས་པས་ང་སེམས་ཀྱང་སྐྱིད་པོ་དང་ཡི་གེ་ཡང་ཡག་པོ་ཤེས་ཀྱི་ཡོད་པའི་ཚོར་བ་དམིགས་བསལ་ཞིག་ཡོང་གི་འདུག་ མཐའ་མ་དེ་ངའི་ལག་པ་གཉིས་སྙིང་དབུས་ལ་སྦྱར་ནས་སྨོན་ལམ་ནི་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བཞུགས་པ་དང་ཁོང་གི་བསམ་དོན་རྣམས་གྲུབ་འབྲས་བཟང་པོ་ཡོང་བའི་ཉིན་ལྟར་སྨོན་ལབ་འདེབས་ཀྱི་ཡོད་།

༸སྐུའི་གོ་སྟོན་གྱི་ཉིན་ཐོ།

༸སྐུའི་གོ་སྟོན་གྱི་ཉིན་ཐོ།

བསོད་ནམས་སྒྲོལ་མ། འཛིན་གྲྭ་བཞི་པ།བོན་གཞིས་དྷོ་ལན་ཇི་སཾ་བྷོ་ཊ་ཉིན་སློབ། ༸སྐུའི་གོ་སྟོན་ཟེར་ན་༸གོང་ས་མཆོག་དགུང་ལོ་དགུ་བཅུར་ཕེབས་ཀྱི་ཡོད་ཙང་གོ་སྟོན་ཞེས་འབོད་སྲོལ་ཡོད། ང་ཚོའི་སློབ་གྲྭ་ཙམ་མ་ཡིན་པར་བོད་པའི་སློབ་གྲྭ་ཚང་མའི་ནང་བྱམས་བརྩེའི་ལོ་དང་༸སྐུའི་གོ་སྟོན་དང་འབྲེལ་བའི་ལས་རིམ་འདྲ་མིན་སྲུང་བརྩི་ཞུ་ཡི་ཡོད། ང་ཚོའི་སློབ་གྲྭ་ལ་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞིག་གསར་བཙུགས་གནང་ཡོད། ཏཱ་ལའི་བླ་མའི་སྐྱེད་ཚལ་ནང་༸གོང་ས་མཆོག་དང་འབྲེལ་བའི་ཕྱག་དེབ་དང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྐུ་པར་དེ་མ་ཟད་རྒྱ་གར་དང་ཕྱི་རྒྱལ་ཁབ་འདྲ་མིན་ནས་ད་བར་ཁོང་ལ་གཟེངས་རྟགས་ག་ཚོད་ཐོབ་པ་ཚང་མ་ཡོད། དེའི་གཡས་གཡོན་གཙང་མ་ལྗང་ཐིང་ཐིང་དང་སྐྱེད་ཚལ་ལ་ལྟ་དུས་གུས་མོ་ང་རང་གི་སེམས་ཡིད་དབང་འཕྲོག་གི་འདུག།༸གོང་ས་མཆོག་ནི་བོད་མི་ཚང་མའི་དབུ་ཁྲིད་ཞིག་ཡིན་པ་དང་ང་ཚོའི་སྙིང་སྟོབས་ཞིག་ཀྱང་ཡིན། ༸གོང་ས་མཆོག་གིས་ད་བར་བཀའ་སློབ་དང་གསུང་ཆོས་མང་པོ་གནང་གི་ཡོད། བཀའ་སློབ་དེ་ཚོའི་ནང་ནས་ང་ལ་དངོས་ཡོད་གནས་ཚུལ་བྱུང་བ་ཞིག་རེད། དེ་ནི་བཟོད་སྒོམ་སྐོར་ལ་རེད། དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༩ ཉིན་བྱུང་བ་ཞིག་ཡིན། དེ་སྐབས་སུ་གཡས་གཡོན་ཚང་མ་ལ་སྐད་ཅོར་གྱི་ཁེངས་པ་དང་གནམ་གཤིས་ཡང་ཚ་དྲོད་སྙོམས་པོ་འདུག།དེ་དུས་ང་རང་ཉལ་ཁང་ནང་ཡིག་གཟུགས་འབྲི་བཞིན་བསྡད་ཡོད། གློ་བུར་དུ་བྱིས་པ་འགའ་ཞིག་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་བྱེད་འགོ་འཛུགས་སོང། སྐབས་དེར་བྱིས་པ་སྟོབས་རྒྱལ་ཞེས་པ་ཞིག་གི་ངའི་ཡིག་གཟུགས་འབྲི་བཞིན་པའི་ལྕགས་སྨྱུག་དེ་ཐུག་ཙམ་བྱས་པས་ངའི་ཡིག་གཟུགས་ཚང་མ་ཀྱག་ཀྱོག་ཕྱིན་སོང་། དེ་དུས་ང་རང་དེ་མཐོང་བ་དང་ཁོང་ཁྲོ་ཧ་ཅང་ཟ་བས་ངས་སྟོབས་རྒྱལ་ལ་ཚིག་རྩུབ་གང་འདྲན་པ་ཚང་མ་ལབ་པ་ཡིན། བྱིས་པ་གཞན་ཚོ་ཡང་གུས་མོར་ཧང་སངས་ནས་མིག་ཅེ་རེར་ལྟ་བཞིན་ཁོ་ངུ་སོང། ཁོའི་ཉེ་འགྲམ་ལ་ཡོད་པའི་བྱིས་པ་ཚོས་ཁོ་ལ་སློབ་གསོ་བརྒྱབ་སོང། ང་ཧ་ཅང་ཁོང་ཁྲོ་ཟ་བས་རྐང་པ་བརྡབ་གྱིན་བརྡབ་གྱིན་ལྡུམ་རའི་ནང་ཕྱིན་པ་ཡིན། གློ་བུར་དུ་ཨ་ཅག་སླེབས་པ་དང་ང་ལ་བཟོད་སྒོམ་སྐོར་ལ་འགྲེལ་བཤད་བརྒྱབ་སོང། རྗེས་སུ་ང་ཧ་ཅང་འགྱོད་པ་སྐྱེས་སོང། དུས་དེ་ནས་བཟུང་ངས་བཟོད་སྒོམ་བྱེད་དགོས་པ་ཤེས་སོང་། མཐའ་མ་དེ་ལ་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པར་ཤོག ། བདག་གི་རྩ་བའི་བླ་མ།སྐྱབས་མགོན་སྐུ་ཕྲེང་བཅུ་བཞི།སྟག་མཚེར་ཡུལ་དུ་འཁྲུངས་པས།ང་ཚོའི་བསོད་ནམས་ཡིན་ནོ།

ཉིན་ཐོ། ༸གོང་ས་མཆོག་གི་བཀའ་

ཉིན་ཐོ། ༸གོང་ས་མཆོག་གི་བཀའ་དྲིན།

སྣང་གསལ་བླ་མ། འཛིན་གྲྭ་ལྔ་པ། ཀ་སྦུག་སཾ་བྷོ་ཊ་གཏན་སློབ། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ལྷག་པ་རེད། གཟའ་ཟླ་བ་ནས་བཟུང་ཉི་མ་བདུན་གྱི་ནང་ལས་ནི་༸གོང་ས་མཆོག་གི་སྐོར་ལ་སོ་སོས་རྩོམ་ཞིག་འབྲི་དགོས།  དེ་ཡི་ཆེད་དུ་ང་རང་གིས་༸གོང་ས་མཆོག་གི་སྐོར་གྱི་སྒྲུང་མང་པོ་བཀླགས་པ་ཡིན། ཨ་ཅག་རྒན་པ་ཚོར་སྐད་ཆ་ཡང་མང་པོ་དྲིས་པ་ཡིན། ཡག་ཤོས་ནི་ང་རང་ཚོའི་སྦྱོང་དེབ་ནང་ལ་༸གོང་ས་མཆོག་གི་སྐོར་ལ་རྩོམ་ཡག་པོ་ཞིག་འདུག། ང་རང་གིས་དེ་ཚོ་ཡག་པོ་བྱས་ནས་བཀླགས་པ་ཡིན། ང་རང་༸གོང་ས་མཆོག་མཇལ་མ་མྱོང་། ཡིན་ཡང་ཁོང་བརྙན་འཕྲིན་ནང་ནས་མང་པོ་མཐོང་མྱོང་། ཁོང་ནི་ང་རང་ཚོ་ཚང་མ་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། ཁོང་ནི་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་མདོ་སྨད་སྟག་མཚེར་ཟེར་བའི་གྲོང་གསེབ་ཏུ་སྐུ་འཁྲུངས་པ་རེད། ཁོང་གི་པ་ལགས་ནི་ཆོས་སྐྱོང་ཚེ་རིང་དང་། ཨ་མ་ལགས་ནི་བདེ་སྐྱིད་ཚེ་རིང་རེད། ཁོང་ཕྲུ་གུ་ཆུང་ཆུང་ཡིན་དུས་ཀྱི་མཚན་ལ་ལྷ་མོ་དོན་འགྲུབ་ཞུ་བ་རེད། ཁོང་ལ་མཚན་མང་པོ་འདུག དཔེར་ན། ༸གོང་ས་མཆོག ཡིད་བཞིན་ནོར་བུ། བསྟན་འཛིན་རྒྱ་མཚོ། ཏཱ་ལའི་བླ་མ། གངས་ཅན་མགོོན་པོ་སོགས་ཞུ་བ་རེད། ཁོང་ལ་ཕ་མ་གཅིག་པའི་སྤུན་མཆེད་དགུ་ཡོད་པ་རེད། དེ་ཟེར་དུས་ཁོང་གི་ཨ་མ་ལགས་ལ་ཕྲུ་གུ་དགུ་སྐྱེས་པ་རེད། དེ་ལ་ང་རང་ཧང་སང་སོང་། ཁོང་བོད་ལ་ཡོད་དུས་ཕོ་བྲང་པོ་ཏཱ་ལའི་ནང་ལ་བཞུགས་ཡོད་པ་རེད། མཚམས་མཚམས་ལ་ཕ་མ་གཉིས་དང་ནང་མི་རྣམས་ལ་ཐུག་ཏུ་ཕེབས་ཀྱི་ཡོད་པ་རེད། ཁོང་གིས་བོད་ཡིག་དང་། ཆོས་ཀྱི་སྐོར་ལ་སློབ་སྦྱོང་མང་པོ་བྱས་པ་རེད། ཁོང་རྩེད་མོ་རྩེ་རྒྱུར་དགའ་བོ་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོ་བོད་ལ་རྒྱ་མི་སླེབས་ནས་ཁོང་རྒྱ་གར་ལ་བྲོས་ཕེབས་པ་རེད། དེ་ནས་ཁོང་གི་རྒྱ་གར་ལ་བོད་གཞུང་གི་ལས་ཁུངས་མང་པོ་དང་། དགོན་པ་མང་པོ། གཞིས་ཆགས་མང་པོ། སློབ་གྲྭ་མང་པོ་སོགས་བརྒྱབ་པ་རེད། དེ་འདྲ་སོང་ཙང་ང་ཚོ་བོད་པའི་ཕྲུ་གུ་རྣམས་ལ་བོད་ཡིག་དང་། ཨིན་ཇི། ཨང་རྩིས། ཚན་རིག་བཅས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་ཐོབ་པ་རེད། ཁོང་གི་འཛམ་གླིང་ནང་གི་མི་ཚང་མ་ལ་གཅིག་པ་ལྟ་གི་ཡོད། […]

༸སྐུ་ཡི་གོ་སྟོན་དང་འབྲེལ་བའ

༸སྐུ་ཡི་གོ་སྟོན་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་སྐལ་བཟང་། འཛིན་གྲྭ་ལྔ་པ།ཀ་སྦུག་སཾ་བྷོ་ཊ་གཏན་སློབ། ༡། འཁྲུངས་སྐར་དུས་ཆེན། ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༦ གནམ་གཤིས་འཐིབ་པ་དང་ཆར་པ་སིབ་སིབ་བབས་པ། དེ་རིང་ཞོགས་པ་ཡར་ལངས་ནས་སྒྲིག་ཆས་གྱོན་སྐབས་ངའི་སེམས་ནང་ལ་དེ་རིང་༸གོང་ས་མཆོག་གི་འཁྲུངས་སྐར་ཡིན་པ་དྲན་གསོས་ནས་ངས་པ་ལགས་ལ། སྐྱིད་པ་ལགས་དེ་རིང་༸གོང་ས་མཆོག་གི་འཁྲུངས་སྐར་རེད་ལབ་པ་ཡིན། འོན་ཀྱང་སྒེའུ་ཁུང་ནས་ལྟ་དུས་གནམ་གཤིས་འཐིབ་པ་མ་ཟད་ཆར་པ་ཡང་སིམ་སིམ་འབབ་བཞིན་ཡོད་པ་མཐོང་དུས་ཏོག་ཙམ་སེམས་པ་སྐྱོ་སོང། ཆུ་ཚོད་ ༩ པའི་ཐོག་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་ཀ་ལིམ་པོང་གི་མི་དམངས་རྣམས་སློབ་གྲྭའི་ཐང་དུ་འཛོམས་ནས་བསང་གསོལ་དང་སྨོན་ལམ་ཚོགས་སོང། ཐོག་མར་༸གོང་ས་མཆོག་གི་སྐུ་པར་ལ་མཆོད་མེ་དང་མཇལ་དར་ཕུལ། དེ་རྗེས་སློབ་གྲྭའི་སློབ་སྤྱི་མཆོག་དང་ས་གནས་འགོ་འཛིན་མཆོག་ནས་བཀའ་སློབ་གནང་། ཁོང་གཉིས་ཀྱི་བཀའ་སློབ་ཤིན་ཏུ་རིང་པོ་ཡོད་ཙང་ང་རང་ཉོབ་སོང། དེ་སྐབས་གསོལ་ཇ་དང་འབྲས་སིལ་ཡང་གནང་སོང་བས་སློབ་ཕྲུག་དང་མི་དམངས་རྣམས་དེ་ལ་མགོ་འཐོམ་ནས་བཀའ་སློབ་ཉན་མཁན་ཉུང་ཉུང་འདུག དེ་རྗེས་སློབ་ཕྲུག་དང་མི་དམངས་ཀྱི་གཞས་སྣ་འཁྲབ་སྟོན་འགོ་བཙུགས་སོང། དེ་སྐབས་སློབ་གྲྭའི་རྒན་ལགས་རྣམས་ནས་རྩེད་མོ་དང་རྔན་པའི་ཚོང་ཁང་སྣ་ཚོགས་གྲ་སྒྲིག་གནང་ཡོད་སར་ང་དང་ངའི་གྲོགས་མོ་ཕྱིན་ནས་རྩེད་མོ་བརྩེས་པ་དང་རྔན་པ་ཡང་བཟས་ཡིན། དེ་རིང་ནི་འཁྲུངས་སྐར་དུས་ཆེན་ཡིན་ཙང་ཉིན་མོའི་ཞལ་ལག་ཀྱང་དམིགས་བསལ་ཡིན་པ་མ་ཟད་སྣ་ཁ་ཡང་འཛོམས་པོ་འདུག མཛད་སྒོའི་མཐའ་མ་ལ་སྒོར་གཞས་འཁྲབ་རྒྱུའི་གསལ་བསྒྲགས་གནང་བ་དང་སློབ་ཕྲུག་ཚང་མ་དགའ་པོའི་ངང་ཐང་ལ་འཛོམས་སོང། ང་ཚོས་ཆུ་ཚོད་གཅིག་ལྷག་ཙམ་སྒོར་གཞས་འཁྲབས་ནས་སྐྱིད་པོ་ཞེ་དྲགས་བྱུང་། ཉིན་མོ་དེ་ནི་སྐྱིད་པོ་བྱུང་སོང། འོན་ཀྱང་གནམ་གཤིས་ཡག་པོ་མེད་ཙང་ང་ཚོ་ཏོག་ཙམ་མ་སྐྱིད་པ་ཡང་བྱུང་སོང། མཐའ་མ་ལ་ངས་༸གོང་ས་མཆོག་སྐུ་ཚེ་བརྟན་པའི་སྨོན་ལམ་བརྒྱབ་པ་ཡིན། ༢། བོད་ལྗོངས་ང་ཚོའི་ཕ་ཡུལ་ཉིན་མོ། ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༠༤ ཉིན་གནམ་གཤིས་སིལ་པོ། འདི་ལོ་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་ནི་གཙོ་བོ་གོ་སྟོན་གྱི་ལོ་ཡིན་ཙང་དེ་ནང་༸གོང་ས་མཆོག་དང་འབྲེལ་བའི་འགྲེམས་སྟོན་མང་པོ་སྤེལ་སོང། དེ་ནང་༸གོང་ས་མཆོག་གི་ལོ་རྒྱུས་ཀྱི་པར་དང། ༸གོང་ས་མཆོག་ལ་ཐོབ་པའི་གཟེངས་རྟགས་ཁག ༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་སོགས་ཡོད། དེ་དང་མཉམ་དུ་བོད་པའི་སྐད་ཡིག་དང་རིག་གཞུང་གི་བྱེད་སྒོ་ཡང་མང་པོ་གནང་སོང། དེ་ནང་ནས་དགའ་ཤོས་ནི་གྱང་སྦྱར་ཞིག་གི་ནང་དུ་ལ་དོན་དང། ཨི་ལྡན། ལྷག་བཅས། རྒྱན་སྡུད་བཅས་ཀྱི་ཕྲད་སྦྱོར་ཚུལ་གྱི་བྱེད་སྒོ་ཞིག་འདུག གལ་ཏེ་དེ་ལ་ལན་འགྲིག་པ་ཡིན་ན་རྔན་པ་རག་གི་འདུག བྱེད་སྒོ་དེ་ནང་དགེ་རྒན་དང་སློབ་ཕྲུག་མང་པོ་ཞིག་ཚང་ཁ་ཤིག་ཤིག་ངང་ཆ་ཤས་ལེན་གྱི་འདུག ངས་ཀྱང་དེ་ནས་ལན་ཁ་ཤས་འགྲིགས་ཙང་རྔན་པ་བྱི་རིལ་གསུམ་རག་ནས་དགའ་པོ་ཞེ་དྲག་བྱུང་སོང། གལ་སྲིད་ང་ཚོའི་འཛིན་གྲྭ་ལ་ཡང་བྱེད་སྒོ་དེ་འདྲ་གནང་ན་ཕན་ཐོགས་ཆེན་པོ་ཡོང་གེ་རེད་བསམས་བྱུང། ༣། ༸གོང་ས་མཆོག་ལ་ཞབས་རིམ། ང་ཚོའི་སློབ་གྲྭའི་དགེ་རྒན་དང་བོད་པའི་སློབ་ཕྲུག་རྣམས་ནས་ཕྱི་ཟླ་ ༧ […]

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་ཧུར་བཟང་ཀྲུ་མོ། འཛིན་གྲྭ་ལྔ་པ།བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། ད་ལོ་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་ནས་ང་ཚོས་ལས་གཞི་སོགས་ཧ་ཅང་མང་པོ་བྱས་པ་ཡིན། དང་པོ་དེ་ང་ཚོས་རེས་གཟའ་ལྷག་པ་ཉིན་མོའི་སྐབས་ལ་ང་ཚོའི་སློབ་དགེ་གསལ་སྒྲོན་ལགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་ཉན་བཅུག་སོང་། ༸གོང་ས་མཆོག་གིས་མི་དང་དུད་འགྲོ་རྣམས་ལ་བྱམས་དང་སྙིང་རྗེ་སོགས་བྱེད་དགོས་པའི་སྐོར་བཀའ་སློབ་གནང་བ་དང་མི་རིགས་གང་ཡིན་པ་དང་སུ་ཡིན་ན་མ་རབས་བྱེད་རྒྱུ་མེད་པའི་ཚང་མ་ལ་རོགས་པ་བྱེད་དགོས། དཔེར་ན། མི་གཅིག་སློང་མཁན་ཡིན་ན་ཁ་ལག་ཡང་ན་དངུལ་སྤྲད་དགོས། གང་ཡིན་ཟེར་ན། ཁོང་ཚོ་ལ་རོགས་པ་བྱས་ན་ཚུར་ལ་ཐུགས་རྗེ་ཆེ་ལབ་ཀྱི་རེད། ༸གོང་ས་མཆོག་གི་བཀའ་སློབ་ཉན་ནས་སོ་སོ་ལ་བསླབ་བྱ་ཡག་པོ་རག་བྱུང་། ལྟ་གྲུབ་རྒན་ལགས་ཀྱིས་ང་ཚོའི་ཚོགས་ཁང་ནང་ལ་ཐུགས་བསྐྱེད་དམ་བཅའ་དང་པོ་དེ་འགྲེལ་བཤད་གནང་སོང་། ཁོང་གི་མི་བཟང་པོ་ཞིག་ཆགས་པ་ལ་སོ་སོ་ཡི་ངོས་ནས་གློད་མང་པོ་གཏོང་དགོས་པ་དང་། མི་ལ་རོགས་པ་བྱེད་དགོས་པ། སེམས་པ་བཟང་པོའི་ཐོག་ནས་སྤྱི་ཚོགས་ལ་ཞབས་སྤྱི་ཞུ་དགོས་པའི་སྐོར་བཀའ་སློབ་ཡག་པོ་གནང་སོང་། ང་རང་ཡང་མི་ལ་རོགས་པ་བྱེད་རྒྱུ་དང་ཡ་རབས་བྱེད་རྒྱུའི་དམ་བཅའ་བཞག་པ་ཡིན། ད་ལོ་༸གོང་ས་མཆོག་གི་འཁྲུངས་སྐར་དེ་དམིགས་བསལ་ཞིག་གནང་སོང་། ཕོ་བྲང་དུ་ཉིན་དང་པོ་ལ་སློབ་གྲྭ་འདྲ་མིན་འདྲ་ནས་གཞས་སྣ་འཁྲབས་པ་རེད། ཉིན་གཉིས་པ་ལ་བཀྲ་ཤིས་ལྷུན་པོ་ལ་བཀའ་འགྱུར་ལྗགས་ཀློག་གནང་བ་རེད། དེ་དུས་སྐུ་ཤོག་ལགས་དང་མི་མང་། ང་ཚོ་སློབ་ཕྲུག་བཅས་ཕེབས་པ་རེད། ཉིན་གསུམ་པ་ལ་མི་མང་གིས་གཞས་འཁྲབ་སྟོན་དང་མི་མང་ཚོས་རྩེད་མོ་མང་པོ་བརྩེས་པ་དང་སྒོར་གཞས་འཁྲབས་ནས་སྐྱིད་པོ་ཞེ་དྲགས་བྱུང་། ང་ཚོའི་སློབ་གྲྭ་ཡི་ནང་ལ་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞིག་གསར་པ་བཟོས་སོང་། འཛིན་གྲྭ་དགུ་པ་དང་བཅུ་པའི་སློབ་ཕྲུག་རྣམས་ནས་རོགས་པ་བྱས་ནས་སྙིང་རྗེ་མོ་བཟོས་སོང་། ང་ཚོ་དེའི་ནང་ལ་ཆུ་བླུགས་པ་དང་སྐྱིད་པོ་འདུག ཕྱི་ཟླ་བཅུ་གཅིག་པའི་ཚེས་ ༢ ཉིན་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོོས་ལུགས་མཐུན་སྒྲིལ་གྱི་སྐོར་འགྲེལ་བཤད་རྒྱབ་སོང་། ཆོས་ལུགས་ཚང་མ་མཐུན་པོ་དང་འཆམ་པོ་བྱས་ནས་མཉམ་དུ་བསྡད་དགོས་པའི་བཀའ་སློབ་གནང་སོང་། དེ་ག་ནང་བཞིན་སེ་ར་འབྲིང་རིམ་སློབ་གྲྭ་ལ་སྙན་ཚིག་གྱེར་སྟོན་དང་གཏམ་བཤད་སོགས་མང་པོ་བྱས་པ་རེད། སློབ་གྲྭ་ཚང་མ་ནས་སློབ་ཕྲུག་མང་པོ་སླེབས་འདུག ཚང་མས་ཡག་པོ་བྱས་སོང་། དེ་ནས་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ལས་གཞི་གོ་སྒྲིག་གནང་སོང་། སློབ་ཕྲུག་དང་དགེ་རྒན་ཚང་མ་དཀའ་ལས་བརྒྱབ་ནས་བོད་ཀྱི་སྐོར་ལ་བཟོས་ཡོད། ཕ་མ་ཚོ་ཕེབས་ནས་གཟིགས་ཀ་ལ་སླེབས་སོང་། ང་ཚོའི་བརྗོད་གཞི་ནི་བོད་ཀྱི་ཆས་གོས་རེད། བོད་ཆོལ་ཁ་གསུམ་གྱི་ཆས་གོས་གྱང་སྦྱར་སྟེང་སྦྱར་བ་ཡིན། ང་ཚོས་ཆས་གོས་གྱོན་པ་དང་ཐབ་དང་གདོང་མོ་སོགས་བཟོས་པ་རེད། དེ་ནས་ཐ་སྙད་ཚོགས་ཆུང་ནས་ང་ཚོ་ལ་ཐ་སྙད་གསར་པ་མང་པོ་གནང་ནས་ངོ་སྤྲོད་དང་འདྲི་རྩད་ཀྱི་བྱེད་སྒོ་ཞིག་སྤེལ་སོང་། ང་རང་དེའི་ནང་མཉམ་ཞུགས་བྱས་པ་ཡིན། ད་དུང་ཡང་ལོ་གཅིག་གི་ནང་བྱེད་སྒོ་མང་པོ་ཞིག་བྱེད་རྒྱུ་ཡོད་པ་རེད། ང་རང་དེའི་ནང་མཉམ་ཞུགས་གང་ལེགས་བྱེད་ཀྱི་ཡིན། ང་ཚོ་ཚང་མ་ད་ལོ་བྱམས་བརྩེའི་ལོ་ཡིན་ཙང་ང་ཚོས་མི་ཚང་མ་ལ་བྱམས་བརྩེ་བྱེད་དགོས་པ་དེ་གལ་ཆེན་པོ་མཐོང་སོང་། ཐུགས་རྗེ་ཆེ།